མཚོ་སྔོན་གསརའ་གྱུར་དྲ་བའི་འཕྲིན། ཟླ12པའི་ཚེས3ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས་པར་མ་ཟད། འབྲེལ་ཡོད་དོན་དག་ལ་གྲོས་ཞིབ་བྱས།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གསུམ་པའི་སྐབས་དང་། བློ་མཐུན་ཧུའུ་ཡའོ་པང་སྐུ་འཁྲུངས་ནས་ལོ110འཁོར་བའི་དྲན་གསོའི་བཞུགས་མོལ་ཚོགས་འདུའི་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཚོགས་འདུ་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་ལྔ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་བཅས་ལ་ཟུང་འབྲེལ་བྱས་ཏེ། གཅིག་གྱུར་གྱིས་སློབ་སྦྱོང་དང་གོ་བ་ལེན་པ་དང་། གཅིག་གྱུར་གྱིས་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ། སློབ་སྦྱོང་གི་གྲུབ་འབྲས་དེ་གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བཟང་བོར་སྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་སུ་བསྒྱུར་དགོས་པ་དང་། འགན་འཁྲི་བསྒྲུབས་པའི་བྱ་སྤྱོད་ཀྱི་རང་རྟོགས་སུ་བསྒྱུར་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པ་སོགས་ལྟེ་བའི་ལས་འགན་ལ་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། བསམ་འཆར་དང་ཐབས་ཇུས་ཧུར་ཐག་འདོན་པ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གཅིག་སྒྲིལ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བའི་ཁྲོད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་བརྡ་ཐོའི་དགོངས་དོན་ཆེད་དོན་སློབ་སྦྱོང་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མཚོ་སྔོན་དང་བོད་ལྗོངས་གཉིས་མཚོ་བོད་མཐོ་སྒང་དུ་གནས་པ་དང་། ཚང་མས་གཏན་འཇགས་དང་། སྐྱེ་ཁམས། འཕེལ་རྒྱས་བཅས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ཡོད་པས། ཞིང་ཆེན་གྱི་གནས་ཚུལ་དངོས་ལ་གཞིགས་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་སློབ་སྦྱོང་གཏིང་ཟབ་དང་གོ་རྟོགས་ཞིབ་ཕྲའི་ཁྲོད་དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པ་དང་། སློབ་སྦྱོང་གི་གྲུབ་འབྲས་སྲིད་གྲོས་ཀྱི་ལས་འགན་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་འདྲེས་པར་བྱས་ཏེ་ཐུན་མོང་གི་ངོས་འཛིན་གཅིག་སྡུད་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་སྒུལ་ཤུགས་སྟོབས་ཆེན་དུ་བསྒྱུར་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པར་ཁག་ཐེག་བྱེད་དགོས།
གྲོས་ཚོགས་ལས་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི2025ལོའི་བྱ་བར་ཕྱོགས་བསྡོམས་དང་། སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་བཀོད་སྒྲིག་བསམ་འཆར། ཞིང་ཆེན་སྲིད་གྲོས་ཀྱི་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདོད་ཆ་འཕྲིན་གྱི་ཆེད་མཁས་པའི་རིག་མཛོད་ཀྱི་གྲོས་འདོན་འོས་མིའི་མིང་ཐོ་དང་དོ་དམ་བྱེད་ཐབས་སོགས་ལ་གྲོས་ཞིབ་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་ནས་འགན་འཁྲི་བསྒྲུབས་པའི་ཕན་འབྲས་ལ་རྩིས་བཤེར་དང་ཉམས་མྱོང་དང་བློ་སྒོ་འབྱེད་པར་བརྟེན་ནས་སང་ལོའི་བྱ་བ་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་གྲ་སྒྲིག་བྱ་བ་སོ་སོ་ཞིབ་ཚགས་ཀྱིས་ལེགས་པོར་བསྒྲུབས་ནས་གྲོས་ཚོགས་བདེ་བླག་ངང་འཚོག་རྒྱུར་འགན་ལེན་བྱ་དགོས།
གྲོས་ཚོགས་སྟེང་ཝང་ཀྲིན་ཁྲང་དང་། ཀྲང་ཞའོ་རུང་། ལི་ཞའོ་ནན་བཅས་ཀྱིས་འབྲེལ་ཡོད་བརྗོད་བྱ་གཙོ་བོར་དམིགས་ནས་སློབ་སྦྱོང་གི་མྱོང་ཚོར་བརྗེ་བྱས། གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལའང་གྲོས་ཞིབ་བྱས།
རིན་ཆེན་རྣམ་རྒྱལ་དང་། ཁོང་ཡུང་། ཝང་ཞོན། ཐེན་ཁུའེ། ལིའུ་ཏ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་། ཞེ་པའོ་ཨིན་བཅས་གྲོས་ཚོགས་ལ་ཞུགས།