དམངས་འཚོའི་ལས་གྲྭར་མང་ཚོགས་ཀྱིས་“བྱ་སྒོང་ནང་ནས་རུས་པ་འཚོལ་”བ་བཞིན་གྱི་སྐྱོན་འདོན་དང་དུ་ལེན་དགོས།

ཡོང་ཁུངས། མི་དམངས་དྲ་བ།

ཉེ་ཆར་ལིའོ་ཉིང་ཏན་ཏུང་གི་མང་ཚོགས་ཞིག་གིས། གྲོང་གསེབ་ཀྱི་ཆུ་ཡུར་ཞིག་གི་ས་འགོག་གྱང་དུ་བླུགས་པའི་བྱེ་འདམ་དེ་སྔོག་མ་ཐག་ཆག་པ་དང་། བཙིར་མ་ཐག་ལྷུང་ཡོང་བས། སྤུས་ཀར་སྐྱོན་ཡོད་པ་འདྲ་ཞེས་ཞུ་པར། ས་གནས་དེ་གའི་སྲིད་གཞུང་གི་ལས་དོན་མི་སྣར་སྨྱན་སྦྱོར་དུ་བཅར་འདྲི་བྱེད་སྐབས་གནད་དོན་དེར་གདེང་འཇོག་བྱས་ཏེ། “མི་ཁ་ཤས་ཀྱིས་བྱ་སྒོང་ནང་ནས་རུས་པ་འཚོལ་གྱི་ཡོད་པས་ཕྱི་ངོས་ཀྱི་གནད་དོན་ཁོ་ནར་ལྟ་མི་རུང་”ཞེས་བཤད་ཡོད་པ་རེད། གནད་དོན་གྱི་ངོ་བོར་གཡོལ་བའི་སྐད་ཆ་ཚིག་དུམ་དེའི་ཐོག་ནས་གཞི་རིམ་གྱི་ལས་ཀ་བྱེད་མཁན་ཁ་ཤས་ཀྱིས་དམངས་འཚོའི་རེ་འདུན་ལ་སྣང་ཆུང་བྱེད་པ་དང་ལྟ་སྐུལ་ལ་བར་འགལ་བྱེད་པ་མཚོན་གྱི་ཡོད་པ་དང་། དེའི་རྒྱབ་ཀྱི་སྤྱོད་ཚུལ་གྱི་གནད་དོན་དེ་ལས་གྲྭའི་སྤུས་ཚད་དེ་ཉིད་ལས་དོགས་ཟོན་བྱེད་འོས་པ་ཞིག་རེད།

དམངས་འཚོའི་ལས་གྲྭས་མ་གཞི་ནས་“བྱ་སྒོང་ནང་ནས་རུས་པ་འཚོལ་བའི་”ཞིབ་བཤེར་ཐེག་ཐུབ་དགོས། མང་ཚོགས་ལ་“ཅིའི་ཕྱིར་སྐྱོན་འཚོལ་བའི་”དོགས་འདྲི་བྱེད་པ་ལས། ལས་དོན་ཐོག་“ཅིའི་ཕྱིར་བར་གསེང་བཞག་པའི་”སྐོར་བསམ་ཞིབ་བྱས་ན་ལེགས། “ཕྱི་ངོས་ཀྱི་གནད་དོན་”ལ་ཁག་དཀྲི་གཏིང་ཟབ་ཏུ་བརྐོབ་ལས། ལམ་ལུགས་ལག་བསྟར་དང་སྤྱོད་ཚུལ་འཛུགས་སྐྱོང་གྱི་“ནད་གཞི་ཟབ་མོ་”ཇི་ཡིན་ཤེས་པར་བྱས་ན་དགའ།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།