པེ་ཅིང་དང་ཅང་ཞི་ཡིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། གྲངས་འཛིན་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་གཏིང་ཟབ་བྱས་ནས། དམངས་འཚོའི་ཞབས་ཞུ་དང་ཐོན་ལས་འཕེལ་རྒྱས་སོགས་ཁྱབ་ཁོངས་སུ་གྲངས་འཛིན་གྱི་གཞི་རྒྱུ་གཙོ་བོའི་གསོན་ཤུགས་ཟམ་མི་ཆད་པར་འདོན་སྤེལ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས།
པེ་ཅིང་གིས་གྲངས་འཛིན་གཞི་རྒྱུ་གཙོ་བོར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
ཉེ་ཆར། ཧི་པེ་ཡི་ནད་པ་ལྕམ་མོ་ཝང་ལགས་ཀྱིས་པེ་ཅིན་དུ་སྨན་བཅོས་བསྡོམས་རྩིས་བྱེད་སྐབས་སྒེའུ་ཁུང་ནས་མི་སྒེར་གྱི་གློག་རྡུལ་སྨན་བཅོས་འགན་བཅོལ་ཨང་རྟགས་དང་ཚོང་ལས་འགན་བཅོལ་ཨང་རྟགས་འཆར་ཏེ། ས་གནས་གཞན་གྱི་སྨན་བཅོས་འགན་བཅོལ་དང་ཚོང་ལས་འགན་བཅོལ་དུས་མཉམ་དུ་རྩིས་ཞུ་དང་བསྡོམས་རྩིས་རྒྱག་རྒྱུ་མགྱོགས་མྱུར་ངང་ལེགས་གྲུབ་བྱུང་། སྟབས་བདེའི་རྒྱབ་ཏུ་གྲངས་འཛིན་གཞི་རྒྱུ་ཡིས་ནུས་པ་ཆེན་པོ་བཏོན་པ་ཤེས་ཐུབ། རྒྱལ་ཁབ་ཀྱི་གཞི་གྲངས་གཞི་རྒྱུ་གཙོ་བོའི་ཕྱོགས་བསྡུས་ཚོད་ལྟ་ཁུལ་ཞིག་ཡིན་པའི་ངོས་ནས། ད་ལོའི་ཟླ7པར། པེ་ཅིང་དུ་རྒྱལ་ཡོངས་རང་བཞིན་གྱི“སྨན་བཅོས་འགན་བཅོལ་དང་ཚོང་ལས་འགན་བཅོལ”ཟུང་འབྲེལ་བསྡོམས་རྩིས་ལྟེ་གནས་ཐོག་མ་བཙུགས་པ་དང་། ད་ལྟ་ལྟེ་གནས་དེས་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་གྲངས་འཛིན་དང་ཚོང་ལས་བདེ་ཐང་འགན་བཅོལ་ཁག་གཅིག་བར་གྱི་གཞི་གྲངས་ཀྱི་བཀག་རྒྱ་གཏོར་ནས་འབྲེལ་ཡོད་འགན་བཅོལ་ནང་ཞུགས་པའི་ནད་པས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ“སྨན་བཅོས་འགན་བཅོལ་དང་ཚོང་ལས་འགན་བཅོལ་ཟུང་དུ་འབྲེལ་བའི”དུས་མཉམ་དུ་རྩིས་རྒྱབ་ཆོག་པ་རེད།
པེ་ཅིང་གྲོང་ཁྱེར་མཁར་ནུབ་ཆུས་ཀྱི“སྨན་བཅོས་འགན་བཅོལ་+ཚོང་ལས་འགན་བཅོལ”གསལ་འབྱེད་བསྡོམས་རྩིས་ལྟེ་གནས་ཀྱི་འགན་ཁུར་པ་ཀྲོའུ་ཞང་ཕིང་གིས་བཤད་རྒྱུར། ནད་པར་འགྲོ་སོང་རྩིས་ཞུའི་སྐྱིན་ཚབ་སྔར་བས་སྟབས་བདེ་རུ་བཏང་བ་དང་དུས་མཚུངས་འགན་བཅོལ་ཞིབ་དཔྱོད་དང་འགན་བཅོལ་སྐྱིན་ཚབ་འགན་ལེན་གྱི་མ་གནས་ཀྱང་ཆེས་ཆེར་ཆག་ཡོད་པ་རེད། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་གཞི་གྲངས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་གཏིང་ཟབ་གཏོང་དགོས་པ་བཏོན་ཡོད། འདིས་ང་ཚོའི་ཡིད་ཆེས་དང་ཁ་ཕྱོགས་སྔར་བས་ཇེ་བརྟན་དུ་བཏང་།
“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་དུ། པེ་ཅིན་གྱིས་སྤྱི་པའི་གཞི་གྲངས་གསར་སྤེལ་དང་བེད་སྤྱོད་གཏིང་ཟབ་ཏུ་སྤེལ་བ་དང་། པེ་ཅིན་རྒྱལ་སྤྱིའི་གཞི་གྲངས་ཆེན་མོའི་ཉོ་ཚོང་ཁང་བཙུགས་པས། ལས་སྟེགས་སུ་བུད་པའི་གཞི་གྲངས་ཐོན་རྫས3000ལས་བརྒལ་ཡོད་པ་རེད། སྲིད་གཞུང་དང་ཁེ་ལས་ཀྱི་གཞི་གྲངས་མཉམ་འདྲེས་མཉམ་སྤྱོད་ཀྱི“གཞི་གྲངས་ཆེད་ཁུལ”ལམ་སྲོལ་ཐོག་མར་བཏོད་དེ། ཚོང་རའི་གཙོ་གཞི་བདུན་འབུམ་ལ་ཞབས་ཞུ་ཐེངས་དུང་ཕྱུར4ལས་བརྒལ་བ་བསྒྲུབས་ཡོད། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། པེ་ཅིང་གིས་གཞི་གྲངས་ལག་རྩལ་གསར་གཏོད་དང་། གཞི་རྒྱུ་གཙོ་བོའི་ཞབས་ཞུ། ཐོན་ལས་འཕེལ་རྒྱས་བཅས་ལ་མུ་མཐུད་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་གཞི་གྲངས་ཚན་རྩལ་གསར་གཏོད་ཀྱི་འབྱུང་གནས་དང་འཕེལ་རྒྱས་ཀྱི་མཐོ་ས་གཏོད་རྒྱུ་རེད།
པེ་ཅིང་གྲོང་ཁྱེར་སྲིད་དོན་ཞབས་ཞུ་དང་གཞི་གྲངས་དོ་དམ་ཅུའུ་ཡི་གཞི་གྲངས་ཐོན་ཁུངས་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲའོ་ཡན་ཧྥང་གིས་བཤད་རྒྱུར།
ང་ཚོས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་།མཐའ་གཅིག་ཏུ་“སྲུང་སྐྱོང་གཉིས”ལེགས་པོ་སྒྲུབ་སྟེ། ཆུ་ཚད་མཐོ་བའི་སྒོ་ནས་རྒྱལ་ཁབ་ཀྱི་གཞི་གྲངས་གཞི་རྒྱུ་གཙོ་བོ་ཕྱོགས་བསྡུས་ཚོད་ལྟ་ཁུལ་གསར་འཛུགས་བྱེད་པ་གོ་སྐབས་སུ་བཟུང་སྟེ། གཞི་གྲངས་ཀྱི་གཞི་རྒྱུ་གཙོ་བོ་ཚོང་ར་ཅན་དུ་བསྒྱུར་བཅོས་བྱེད་པ་དང་། གཞི་གྲངས་ཀྱི་གཞི་རྒྱུ་གཙོ་བོ་ལུགས་མཐུན་འཁོར་རྒྱུག་དང་ནུས་ཆེའི་བཀོད་སྒྲིག གཞི་རྒྱུ་གཙོ་བོའི་གསོན་ཤུགས་ཟམ་མི་ཆད་པར་ཐོན་ནས་རྒྱལ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་དགོས།
ཅང་ཞི་ཡིས་བཟོ་སྐྲུན་ལས་རིགས་གྲངས་འཛིན་ཅན་དུ་ཚུལ་བསྒྱུར་བྱས་ནས་རྣམ་པ་གསར་པའི་བཟོ་ལས་ཅན་ལ་སྐུལ་འདེད་བཏང་།
ཉེ་ཆར་ཅང་ཞི་ནན་ཁྲང་གི་རླངས་འཁོར་ཐོན་སྐྱེད་ཁེ་ལས་ཆེ་གྲས་དེར་རླངས་འཁོར་ཉོ་བའི་མངགས་ཐོ་འབོར་ཆེན་འབྱོར་ཞིང་། སྤྱིའི་སྒྲིག་སྦྱོར་འཁོར་ཁང་དུ་བཟོ་གྲྭས་རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་པའིAIལྟ་ཚོར་ཞིབ་དཔྱད་ཚད་ལེན་མ་ལག་སྔོན་ཏག་ཏག་ལ་རིམ་སྤར་བསྒྱུར་བཀོད་ལེགས་གྲུབ་བྱུང་སྟེ། ལྷུ་ལག་ཆེ་ཆུང1200ལྷག་གི་ནོར་འཁྲུལ་སྔོན་འགོག་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་། སྐར་ཆ50ཡི་ནང་རླངས་འཁོར་གནད་འགག་ལས་གཞི་ལ་ཞིབ་དཔྱད་ཚད་ལེན་བྱས་པ་རེད། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་དུ་། ཅང་ཞི་ཡིས་བསྟུད་མར་སྲིད་ཇུས་མང་པོ་བཏོན་ནས་ཁེ་ལས་ཀྱིས“གྲངས་རིག་བཟོ་གྲྭ”སོགས་ཀྱི་ཚད་གཞིའི་སྐས་ཚད་མ་ལག་བཙུགས་པ་དང་ད་ལྟ་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཆིག་ཁྲི་སུམ་སྟོང་ལྷག་གིས་གྲངས་འཛིན་ཅན་དུ་སྒྱུར་བཀོད་བྱས་པ་དང་གྲངས་འཛིན་ཅན་གྱི་ཚུལ་བསྒྱུར་གྱིས་ཁེ་ལས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་རྒྱུར་བྱས་རྗེས་འཇོག་ཚད22.9%ཟིན་ཡོད། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཅང་ཞི་ཡིས་ཁེ་ལས་ཆེ་འབྲིང་ཆུང་གསུམ་མཉམ་འདྲེས་དང་། གཞི་རྒྱུ་གཙོ་བོ་ཚང་མ་རིག་ནུས་མཉམ་འགུལ། ཞབས་ཞུའི་མཁོ་སྤྲོད་ནུས་ལྡན་བཅས་ཀྱི་གྲངས་འཛིན་ཅན་གྱི་རྣམ་བསྒྱུར་མགྱོགས་མྱུར་སྒོས་བསྐྲུན་ནས་ཐོན་ལས་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུ་རེད།
ཅང་ཞི་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ཆ་འཕྲིན་ཅན་སྐུལ་འདེད་ཁྲུའུ་ཡི་ཁྲུའུ་ཀྲང་དབྱིན་ཝུའེ་ཧྭ་ཡིས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་ཁ་ཕྱོགས་ཏེ། ང་ཚོས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས། སྲིད་ཇུས་ཀྱི་ཁྲིད་སྟོན་དང་གཞི་རྒྱུ་གཙོ་བོའི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས། རེས་སྐོར་གསར་པའི་བཟོ་སྐྲུན་ལས་རིགས་ཀྱི་གྲངས་རིག་ཅན་དུ་སྒྱུར་བའི་འགུལ་སྐྱོད་འཆར་གཞི་ཞིབ་ཚགས་ཀྱིས་ལག་བསྟར་བྱས་ཏེ། མགྱོགས་མྱུར་སྒོས་གཞི་ཁྱོན་ཡན་གྱི་ཁེ་ལས་གྲངས་རིག་ཅན་དུ་འགྱུར་བའི་བསྒྱུར་བཀོད་ཁྱོན་ཡོངས་ལ་ཁྱབ་པར་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཅང་ཞི་ཡི་ལེའུ་རྩོམ་པར་སྟོབས་ཤུགས་འབུལ་དགོས།