ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པས་སྒྲོག་བཤད་བྱ་འགུལ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ11པའི་ཚེས28ཉིན་ནས་ཟླ12པའི་ཚེས1ཉིན་བར།    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པའི་ཁོངས་མི།    མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐའེ་ཀྲང་གཞོན་པ་བློ་བཟང་དང་།   ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་སློབ་ཆེན་དུ་སྡོད་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཆུང་གི་ཚན་གཙོ་ཁྲིན་ཨེ་མིན།   མཚོ་སྔོན་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་སུང་ཧུའེ།    ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་དབྱང་དབྱང་།    མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གཙོའི་ལག་རོགས་པ་ཞུའེ་ལེན།    སྲིད་གཙང་སྤྱོད་གཙང་གཞུང་ལུགས་དྲིལ་སྒྲོག་ལས་སྒྲུབ་ཁང་གི་འགན་ཁུར་པ་ལྷ་རྒྱལ་བཀྲ་ཤིས་བཅས་སོ་སོར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཚོ་སྔོན་སྒོ་འབྱེད་སློབ་ཆེན།   ཞིང་ཆེན་ཕྱི་དོན་བྱ་བའི་གཞུང་སྒྲུབ་ཁང་།  ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་།    ཞིང་ཆེན་སློབ་གསོ་ཐིན།   མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྗོང་ཨ་རིག་ཡུལ་ཚོ་སོགས་སུ་ཟབ་ཞུགས་བྱས་ནས་གཅིག་བསྡུས་སྒྲོག་བཤད་བྱས།

སྒྲོག་བཤད་ཚོགས་པའི་ཁོངས་མི་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི་གྲོས་གཞི་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པར་དམ་དུ་དམིགས་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མཛུབ་སྟོན་བྱེད་ཕྱོགས་དང་དམིགས་འབེན་གཙོ་བོ།     འཐབ་ཇུས་ལས་འགན།   བྱེད་ཐབས་གལ་ཆེན་བཅས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་པ་དང་། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་སོགས་ཀྱི་ཐད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་བཤད་དང་འགྲེལ་བཤད་ཟབ་མོ་བྱས།    སྒྲོག་བཤད་སྙན་ཞུ་གཏིང་ཟབ་ཅིང་གྲོས་བསྡུར་བརྗེ་རེས་བྱས་པ་གནད་ལ་འཁེལ་བས་ཐུན་མོང་གི་ངོས་འཛིན་དང་ཚུར་སྣང་ཆེན་པོ་བྱུང་།

ཞིང་ཆེན་སློབ་གསོ་ཐིན་འཕེལ་རྒྱས་འཆར་འགོད་ཁང་གི་འགོ་གཙོ་ཡན་ཀའོ་ལེན་གྱིས་སྒྲོག་བཤད་སྙན་ཞུའི་ནང་དོན་ཞིབ་ཅིང་གནད་ལ་འཁེལ་བ་དང་བསམ་ཕྱོགས་གསལ་བོ་ཡིན་པས།   སྔར་ལས་ལྷག་པའི་སྒོ་ནས་ངོས་འཛིན་ཇེ་ཟབ་དང་ཁ་ཕྱོགས་གསལ་སྟོན།  ཡིད་ཆེས་ཇེ་དྲག་ཏུ་བཏང་ཞེས་བསྟན།    ཁོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་།    སློབ་སྦྱོང་གི་གྲུབ་འབྲས་དེ་མཁྲེགས་གཏོར་དཀའ་སེལ་གྱི་སྒུལ་ཤུགས་སུ་བསྒྱུར་བ།    དོན་དངོས་དང་ཟུང་འབྲེལ་གྱིས་དངོས་འབེབས་དམ་འཛིན་བྱེད་པ།   ནན་ཏན་སྒོས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སློབ་གསོའི་བཅོས་སྒྱུར་འཕེལ་རྒྱས་འཆར་གཞི་འཆར་འགོད་དང་ཞིབ་འཇུག    སྒྲིག་བཟོ་བཅས་བྱེད་པ།    སློབ་གསོའི་ཕྱོགས་བསྡུས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བ།    སློབ་གསོ་དང་ཚན་རྩལ་འཇོན་མིའི་གཅིག་བསྡུས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཧུར་ཐག་གིས་མི་དམངས་ཡིད་ཚིམས་པའི་སློབ་གསོ་བཟང་བོ་གཉེར་བ་བཅས་བྱས་ནས་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་འདེགས་སྐྱོར་བྱ་ངེས་ཡིན་ཞེས་བསྟན།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ལས་བྱེད་པ་ཏོན་ཡུས་པེན་གྱིས་བསྟན་དོན།     སྒྲོག་བཤད་ཀྱི་ནང་དོན་ལ་གཞུང་ལུགས་མཐོ་ཚད་ཡོད་ཅིང་བྱ་བ་དངོས་དང་ཟུང་འབྲེལ་བྱས་ཡོད་པས།    མི་རྣམས་ཀྱི་བློ་སྒོ་འབྱེད་ཐུབ།   ཁོས་དགོངས་དོན་གྱི་ངོ་བོར་རྒྱུས་ལོན་ཟབ་མོ་བྱེད་པ་དང་ལག་ལེན་གྱི་བླང་བྱར་གོ་བ་ཡང་དག་ལེན་པ།    སྨྱན་བྱད་གཙོ་བོའི་མ་ལག་རང་བཞིན་གྱི་འགྱུར་ལྡོག་ཇེ་ཟབ་ཏུ་གཏོང་བའི་ཁྲོད་ཐོད་བརྒལ་གཙོ་བོ་མངོན་འགྱུར་བྱེད་པ་དང་།    ཧུར་ཐག་གིས་ནང་དོན་དང་བརྒྱུད་སྒྲོག   ཞབས་ཞུ།   རྐྱེན་སྲོལ་བཅས་གསར་གཏོད་བྱས་ནས་སྤུས་ལེགས་བརྩམས་ཆོས་སྔར་ལས་མང་བ་དང་བརྒྱུད་སྒྲོག་ཁྱབ་རྒྱ་སྔར་ལས་ཆེ་བ།    ཉམས་ཞིབ་སྔར་ལས་བཟང་བའི་རྒྱང་སྒྲོག་བརྙན་འཕྲིན་གྱི་ལེ་ཚན་ནང་དོན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གྲུབ་པར་སྐུལ་འདེད་བཏང་སྟེ་གསར་གཏོད་ཀྱི་བྱེད་ཐབས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་གཅིག་གྱུར་ཡོང་བར་བྱ་རྒྱུ་ཡིན་ཞེས་བསྟན།

ཨ་རིག་ཡུལ་ཚོ་ཚའོ་ཏ་པན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧའེ་མེན་གྱིས་བཤད་རྒྱུར།   འདི་ལྟ་བུའི་ཡུལ་བབ་དང་བསྟུན་པའི་སྒྲོག་བཤད་ཀྱིས་ཏང་གི་སྲིད་ཇུས་བཟང་བོ་གསལ་བོར་བཤད་པས།  ང་ཚོས་གོ་བ་གཏིང་ཟབ་ལེན་ཐུབ་པ་དང་ཡིད་ལ་དམ་པོར་འཛིན་ཐུབ་པས་གྲོང་གསེབ་དར་སྤེལ་ཁྲོད་ཟབ་ཞུགས་བྱེད་པའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་།   ད་ལྟ་སྡེ་བའི་ཆེད་ལས་མཉམ་ལས་ཁང་སོགས་འཕེལ་རྒྱས་ཆེན་པོ་བྱུང་བ་དང་།  བོད་ལུག་ཚད་ལྡན་ཅན་གྱི་རྟེན་གཞི་ཡིས་ཕྱུགས་ཟོག་གསོ་ཁ་ནས་འབུད་ཚད་སྔར་ལས་བརྟན་འཇགས་སུ་བཏང་ཡོད་ལ།  དེ་ནི་ཏང་གི་གཞུང་ལུགས་སྲིད་ཇུས་ཀྱིས་ཐོན་ལས་དར་སྤེལ་ལ་མཛུབ་ཁྲིད་བྱས་པའི་གསོན་ཉམས་ལྡན་པའི་ལག་ལེན་ཡིན་ཟེར།     ཁོས་གོ་རིམ་རྗེས་མར་སྡེ་དམངས་ཡོངས་ཀྱི་སྣེ་ཁྲིད་ནས་མུ་མཐུད་དུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ཟབ་མོ་བྱེད་པ་དང་།    ཏང་འཛུགས་ཁྲིད་སྟོན་དུ་བྱེད་པ་དང་ཐོན་ལས་འདེགས་སྐྱོར་དུ་བྱེད་པ།      དམངས་ཚིས་གཞི་རྩར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་གྲོང་སྡེ་སྔར་ལས་མཛེས་སྡུག་ལྡན་པར་འཛུགས་སྐྲུན་བྱེད་པ་དང་སྡེ་མི་རྣམས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་ནས་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་བྱ་ངེས་ཡིན་ཞེས་བསྟན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།