གྲང་ངར་ཆེན་པོ་ལྡང་རྒྱུ་རེད།

ཡོང་ཁུངས། མི་དམངས་དྲ་བ།

ཀྲུང་དབྱང་གནམ་དཔྱད་ལས་ཁུངས་ཀྱིས་ཟླ་11ཚེས་30ཉིན་གྱི་ཆུ་ཚོད་18ཐོག གྲང་རྒྱུན་ཉེན་བརྡ་སྔོན་པོ་མུ་མཐུད་ཁྱབ་བསྒྲགས་བྱས་པ་སྟེ། 

གྲང་རྒྱུན་གྱི་ཤུགས་རྐྱེན་ཐེབས་པས། སྔོན་དཔག་བྱས་ན་ཟླ་11ཚེས་30ཉིན་གྱི་མཚན་མོ་ནས་ཟླ་12ཚེས་3ཉིན་བར། རང་རྒྱལ་གྱི་དབུས་ཤར་ས་ཁུལ་དུ་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་རླུང་ཆེན་པོ་ལྡང་ཞིང་དྲོད་ཚད་ཇེ་དམའ་རུ་འགྲོ་རྒྱུ་སྟེ། འབྲི་ཆུའི་ལྷོ་རྒྱུད་ཀྱི་བྱང་ཤར་རྒྱུད་དང་། འབྲི་ཆུའི་བྱང་རྒྱུད་ས་ཁུལ་གྱི་ཉིན་རེའི་ཆ་སྙོམས་སམ་དྲོད་ཚད་དམའ་ཤོས་ཡོངས་ཁྱབ་ཏུ་ཏུའུ་6~10℃མར་ཆག་པ་དང་། ནང་སོག་དང་ཧྭ་པེའི་བྱང་རྒྱུད། བྱང་ཤར་ས་ཁུལ་སོགས་སུ་དྲོད་ཚད་ཏུའུ་10~14℃མར་ཆག་པ། ས་ཁུལ་འགའ་ཞིག་གི་དྲོད་ཚད་16℃ཡས་མས་མར་ཆག་རྒྱུ་རེད། ཟླ་12ཚེས་4ཉིན་གྱི་ཞོགས་པར་དྲོད་ཚད་དམའ་ཤོས་ཏུའུ་0℃དེ་ཀྲེ་ཅང་དབུས་རྒྱུད་དང་། ཨན་ཧུའེ་ལྷོ་རྒྱུད། ཧུའུ་པེ་བྱང་རྒྱུད་བཅས་སུ་ལྷོ་ཕྱོགས་སུ་བསྐྱོད་རྒྱུ་རེད། 

དེའི་ནང་། ཟླ་11ཚེས་30ཉིན་གྱི་ཆུ་ཚོད་20ནས་ཟླ་12ཚེས་2ཉིན་གྱི་ཆུ་ཚོད་20བར། ནང་སོག་གི་དབུས་ཤར་རྒྱུད་དང་། ཧེ་ལུང་ཅང་། ཅི་ལིན། ལིའོ་ཉིང་། ཧྲན་ཞིའི་བྱང་ཕྱོགས། ཧོ་པེ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲོད་ཚད་ཏུའུ་10ནས་14བར་ཆག་པ་དང་། ས་ཆ་ཁ་ཤས་སུ་16℃ཡས་མས་ཆག་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།