ལུའོ་ཏུང་ཁྲོན་གྱིས་ཁྲིན་ཏུའུ་སྐམ་ས་ཆེན་པོའི་རེ་བའི་སྡེ་ཚོགས་ཀྱི་སྤྱི་འཛིན་ཁྲིན་པིན་སོགས་ལ་ཐུག་འཕྲད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ11པའི་ཚེས12ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཁྲིན་ཏུའུ་སྐམ་ས་ཆེན་པོའི་རེ་བའི་སྡེ་ཚོགས་ཀྱི་སྤྱིུ་འཛིན་ཁྲིན་པིན་སོགས་ལ་ཐུག་འཕྲད་བྱས།

ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཁྲིན་པིན་སོགས་ལ་དགའ་བསུ་ཞུས། ཁོས་བཤད་རྒྱུར། དེང་སྐབས་མཚོ་སྔོན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་པའི་ཁ་ཕྱོགས་དང་བསྟུན་ནས་མདུན་སྐྱོད་བྱེད་བཞིན་ཡོད་ལ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བརྟན་བརླིང་ཁྲོད་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་།    ཐོན་ལས“གནས་བཞིའི”འཛུགས་སྐྲུན་བརྟན་བརླིང་ཁྲོད་སྤུས་ཀ་ཇེ་མཐོར་འགྲོ་བ། ལྗང་མདོག་རྩིས་ནུས་ཀྱིས་སྣེ་ཁྲིད་བྱེད་པའི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བཞིན་ཡོད།  ལོ་ལྔའི་འཆར་འགོད་བཅོ་ལྔ་པར་ཁ་ཕྱོགས་ནས། ཕྱོགས་གཉིས་ཀྱིས་རང་སོ་སོའི་ཁྱད་སྟོབས་ལ་གཞི་ཚུགས་ནས་ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་།  དག་གཙང་ནུས་ཁུངས། སྐྱེ་ཁམས་ཡུལ་སྐོར་སོགས་མངའ་ཁོངས་སུ་མཉམ་ལས་ཀྱི་འཕར་གཞི་གསར་པ་བཏོད་ནས། སྔར་ལས་འགྲན་རྩོད་ཀྱི་ནུས་པ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་འཛུགས་སྐྲུན་བྱེད་པར་གསོན་ཤུགས་གསར་པ་དང་སྒུལ་ནུས་གསར་པ་སྣོན་རྒྱུའི་རེ་བ་ཡོད།

ཁྲིན་པིན་གྱིས་ཁེ་ལས་འཕེལ་རྒྱས་ཀྱི་གནས་ཚུལ་མདོར་བསྡུས་དང་མཚོ་སྔོན་དུ་ཡོད་པའི་ཐོན་ལས་ཀྱི་གྲུབ་ཚུལ་མཚམས་སྦྱོར་བྱས། མཚོ་སྔོན་གྱི་ཐོན་ཁུངས་དང་ནུས་ཁུངས་ཀྱི་ཁྱད་སྟོབས་ཐུན་མོང་མ་ཡིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱད་སྟོབས་གསར་པ་རྒྱུན་ཆད་མེད་པར་མངོན་བཞིན་ཡོད་པས། མཚོ་སྔོན་གྱི་དངུལ་གཏོང་བྱ་བ་སྔར་ལས་རྒྱ་ཆེར་གཏོང་བ་དང་། བརྗེ་རེས་མཉམ་ལས་རྒྱ་ཆེར་གཏོང་བ། མཉམ་དུ་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད་ཚུལ་བསྟན།

ལིའུ་ཁྲའོ་ཐུག་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།