མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི13ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་ཟུང་ཟླའི་བཞུགས་མོལ་གྲོས་ཚོགས་བསྡུས། “ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དང་གྲོང་རྡལ་གྲགས་ཅན། སྡེ་བ་གྲགས་ཅན་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་གསར་བརྗེ་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ”གཞིར་བཟུང་ནས་གྲོས་མོལ་དང་སྲིད་གླེང་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་བྱས་པ་མ་ཟད་གཏམ་བཤད་གནང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན། ཝང་ཀྲིན་ཁྲང་། ལིས་ཞའོ་ནན། ལིའུ་ཏཱ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡའེ་ཞཱང་བཅས་གྲོས་ཚོགས་སུ་ཞུགས།
གྲོས་ཚོགས་སྟེང་། ལིའུ་ཏཱ་ཡེ་ཡིས་དུས་མགོའི་བརྟག་དཔྱད་གནས་ཚུལ་སྙན་ཞུ་བྱས། ཀྲུང་གོ་དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་གྲོས། རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་སྲིད་གྲོས་བཅས་ཀྱི་འགན་འཁུར་བློ་མཐུན་ཆིན་ཀོང་མིན་དང་ཀྲའོ་ཝན་མེ་བཅས་ཀྱིས་ཟུར་ཚད་མི་འདྲ་བ་དང་རིམ་ངོས་མི་འདྲ་བ་ནས་གཙོ་དོན་གཏམ་བཤད་བྱས། ཚང་མས་བལྟས་ན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གསར་བརྗེ་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲིར་རྒྱུན་ཆད་མེད་པར་ཤུགས་སྣོན་པ། གས་བརྗེ་རིག་གནས་ཀྱིས་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དང་གྲོང་རྡལ་གྲགས་ཅན། སྡེ་བ་གྲགས་ཅན་འཛུགས་སྐྲུན་རིམ་བཞིན་མངོན་པ་དང་། གསར་བརྗེ་རིག་གནས་ཤུལ་བཞག་སྲུང་སྐྱོབ་བེད་སྤྱོད་ཀྱི་རྨང་གཞི་རིམ་བཞིན་སྲ་བརྟན་དུ་བཏང་ལ། གསར་བརྗེ་རིག་གནས་རྒྱུན་འཛིན་འཕེལ་རྒྱས་མ་ལག་ལྡན་པར་རིམ་བཞིན་འཐུས་ཚང་དུ་གཏོང་བ། ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དང་གྲོང་རྡལ་གྲགས་ཅན། སྡེ་བ་གྲགས་ཅན་འཛུགས་སྐྲུན་དང་གསར་བརྗེ་ཐོན་ཁུངས་སྲུང་སྐྱོབ་བྱ་བར་གྲུབ་འབྲས་མངོན་གསལ་བླངས་ཡོད། ཞིང་ཆེན་ཡོངས་ཀྱི་གསར་བརྗེ་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་ཆེད་དམིགས་འཆར་འགོད་བཟོ་བ་དང་། རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་བའི་མཐུན་སྦྱོར་ལས་ཁུངས་འཛུགས་པ། ཁྲིམས་འཛུགས་ལ་ཤུགས་སྣོན་དགོས་པའི་གྲོས་གཞི་བཏོན། གསར་བརྗེ་གྲོང་ཁྱེར་གྲགས་ཅན་དང་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དང་གྲོང་རྡལ་གྲགས་ཅན། སྡེ་བ་གྲགས་ཅན་གྱི་འོས་གྲབས་དཔུང་ཁག་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་། བཟོ་ལས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་དང་བེད་སྤྱོད་ཡག་པོ་བྱེད་དགོས། གོ་དོན་སྔོག་འདོན་བྱ་རྒྱུར་ཤུགས་བསྣན་ནས་ནུས་པ་འཕར་སྐྱེད་བྱེད་པར་སྐུལ་འདེད་གཏོང་དགོས། “གསར་བརྗེ+”འཕེལ་རྒྱས་རྣམ་པ་འཚོལ་ཞིབ་དང་། དྲིལ་སྒྲོག་དང་ངོ་སྤྲོད་ལ་ཤུགས་སྣོན་པ། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གསར་བརྗེ་རིག་གནས་རྒྱུན་མཐུད་འཕེལ་རྒྱས་གཏོང་བར་ཡུན་རིང་གི་གསོན་ཤུགས་བསྣན་ཡོད། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་ཀྱང་གཏམ་བཤད།
མགོན་པོ་བཀྲ་ཤིས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་བཀོད་སྒྲིག་བྱས་པའི་བླང་བྱ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ནས། གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་ཁྲོད་དུ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་སྤེལ་གཏོང་བ་དང་། ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་དང་བསྟུན་པ། རིག་གནས་དང་ཚན་རྩལ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། རིག་གནས་ཀྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། ཆུ་ཚད་མཐོ་བའི་རིག་གནས་འཇོན་མིའི་དཔུང་ཁག་གསོ་སྐྱོང་བྱེད་པར་དམ་པོར་དམིགས་ཏེ། ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་མ་ལག་འཐུས་ཚང་དུ་གཏོང་བ་དང་། གསར་བརྗེ་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་རིག་གནས་སྤྱི་གླིང་འཛུགས་སྐྱོང་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་སོགས་ཀྱི་གཙོ་གནད་བྱ་བ་འཐུས་ཚང་དུ་བཏང་སྟེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་ཐབས་འདོན་ཇུས་འབུལ་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་དང་རིག་གནས་དར་སྤེལ་ཡོང་བར་སྐུལ་འདེད་གཏོང་བ། མི་སེམས་གཅིག་ཏུ་བསྒྲིལ་བ་དང་ཐུན་མོང་ངོས་འཛིན་གཅིག་ཏུ་བསྡུ་བ། བློ་གྲོས་གཅིག་ཏུ་བསྡུ་བ། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།