མདོ་ལ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར་བདུན་དང་བྱེ་བ་གཉིས་ས་ཡ་གསུམ་བཏང་ནས་ལས་གཞི་གལ་ཆེན་ཉེར་གསུམ་ལག་བསྟར་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ད་ལོའི་ཚུན་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་ལས་གཞིར་བརྟེན་ནས་ཐོན་ལས་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ། ལས་ཞུགས་ལ་བརྟེན་ནས་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བ་བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་ལ་དམིགས་ནས། མ་དངུལ་དུང་ཕྱུར་བདུན་དང་བྱེ་བ་གཉིས་ས་ཡ་གསུམ་བཏང་སྟེ་ལས་གཞི་གལ་ཆེན་ཉེར་གསུམ་ལག་བསྟར་བྱས་པ་དང་། མིག་སྔའི་བར། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་སྒོར་འབུམ་བརྒྱད་དང་ཁྲི་ལྔ་སྟོང་བདུན་འཕར་སྣོན་བྱུང་། 

མདོ་ལ་རྫོང་གིས་ལས་གཞིའི་སྣེ་ཁྲིད་པ་དེ་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་རྒྱ་བསྐྱེད་པ་དང་། མང་ཚོགས་ཀྱི་ཕྱུག་འགྱུར་ཐབས་ལམ་ཇེ་མང་དུ་གཏོང་བའི་བྱེད་ཐབས་གཙོ་བོར་བརྩིས་ཏེ། ཐོན་ཁུངས་ཀྱི་ཆ་རྐྱེན་གཅིག་འདོམས་དང་། སྲིད་གཞུང་དང་ཁེ་ལས་མཐུན་སྦྱོར་ཟབ་སྤེལ་བྱེད་པ། ནང་གནས་སྒུལ་ཤུགས་སྔོག་འདོན་བཅས་བྱས་ནས། དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་ཕན་ཚུན་ལ་སྐུལ་འདེད་གཏོང་བའི་འཁོར་རྒྱུག་ལེགས་ཤོས་བསྐྲུན། སྡེ་བ་རིམ་པའི་ཁེ་ལས་དང་ཆེད་ལས་མཉམ་ལས་ཁང་། རོང་འབྲོག་མང་ཚོགས་བཅས་མཉམ་འབྲེལ་གྱི་ཁེ་ཕན་འབྲེལ་མཐུད་རྣམ་པ་བརྒྱུད་དེ། ཡུལ་ཚོ་དང་གྲོང་རྡལ་བདུན་དང་སྲིད་འཛིན་སྡེ་བ་སོ་ལྔའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་སྒོར་འབུམ་བརྒྱད་དང་ཁྲི་ལྔ་སྟོང་བདུན་འཕར་སྣོན་ཡོང་བར་སྐུལ་ཁྲིད་དང་རྒྱབ་སྐྱོར་བྱས། 

མདོ་ལ་རྫོང་གིས་སྔ་རྗེས་སུ་ཞིང་ཕྱུགས་ཚན་རྩལ་དང་ཡུལ་སྐོར་གསར་སྤེལ། སྐྱེ་ཁམས་འཕེལ་རྒྱས་སོགས་སྡེ་བ་རིམ་པའི་ཁེ་ལས་བརྒྱད་བཙུགས་པ་དང་། རང་དགར་བཞག་པའི་ས་ཞིང་དང་སྡེ་བའི་ཐུན་མོང་རྒྱུ་ནོར། དེ་མིན་ངལ་རྩོལ་ནུས་ཤུགས་ཐོན་ཁུངས་བཅས་བེད་སྤྱོད་གང་ལེགས་བྱས་ཏེ། ལས་གཞི་འཛུགས་སྐྲུན་གྱི་བླང་བྱ་གནད་འཁེལ་སྦྲེལ་མཐུད་བྱས་པ་བརྒྱུད། སྒྲིག་ཆས་བོགས་གཡར་དང་འཛུགས་སྐྲུན་རྒྱུ་ཆ་འདོན་སྤྲོད། ངལ་ལས་ཕྱིར་གཏོང་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས། ངལ་རྩོལ་ནུས་ཤུགས་བརྒྱ་དང་ཞེ་བདུན་གྱིས་ཁྱིམ་དང་ཐག་ཉེ་ས་ནས་ལས་ཞུགས་བྱེད་པར་བསྡུ་འགུག་དང་། ལས་བཟོ་མང་ཚོགས་ཀྱི་ཡོང་འབབ་སྒོར་ས་ཡ་གསུམ་དང་འབུམ་གཅིག་ཁྲི་གཅིག་དང་སྟོང་གཉིས་སུམ་བརྒྱ་འཕར་བར་སྐུལ་ཁྲིད་བྱས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།