མཚོ་སྔོན་གྱིས་རྒྱལ་ཡོངས་སུ་སྔོན་ལ་བེད་སྤྱོད་ཆོག་པའི་རྩྭ་ཐང་གི་སྐྱེ་ལྡན་ལྟ་ཞིབ་ཚད་ལེན་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ11པའི་ཚེས12ཉིན། གསར་འགོད་པས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཕེལ་རྒྱས་གྲུབ་འབྲས་ཀྱི་ཕྲེང་བསྟར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཞིང་ལས་ཞིང་སྡེ་ཆེད་དོན་ནས་རྒྱུས་ལོན་པ་ལྟར་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་། མཚོ་སྔོན་གྱིས་ཞིང་ལས་ཐོན་རྫས་ལྗང་མདོག་སྤུས་ལེགས་འཕེལ་རྒྱས་མགྱོགས་མྱུར་སྐུལ་འདེད་དང་། ཚད་གཞི་ཅན་གྱི་ཐོན་སྐྱེད་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། སྤུས་ཚད་བདེ་འཇགས་ཀྱི་ཉེན་ཁ་འཛིན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་གསུམ་བརྒྱུད་དེ། ཐོན་སྐྱེད་དང་ལྟ་སྐུལ་དོ་དམ་མཉམ་འཛིན་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ཀྱི་ཆུ་ཚད་བརྟན་བརླིང་ངང་ཇེ་མཐོར་སོང་ཡོད། གླེང་རིན་ཡོད་པ་ཞིག་ནི།   ལོ་འདིའི་སྐྱེ་ལྡན་རྩྭ་ཐང་གི་ལྟ་ཞིབ་ཚད་ལེན་རྒྱ་ཁྱོན་མུའུ་དུང་ཕྱུར་བཞི་བྱེ་བ་ལྔ་ཟིན་ནས། རྒྱལ་ཡོངས་སུ་སྔོན་ལ་བེད་སྤྱོད་ཆོག་པའི་རྩྭ་ཐང་གི་སྐྱེ་ལྡན་ལྟ་ཞིབ་ཚད་ལེན་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས།

“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ནས་བཟུང་། མཚོ་སྔོན་གྱིས་ཞིང་ཕྱུགས་ཐོན་རྫས་ལྗང་མདོག་སྤུས་ལེགས་མཁོ་སྤྲོད་རྒྱུན་ཆད་མེད་པར་ཇེ་མང་དུ་བཏང་བ་དང་ཁས་ལེན་དཔང་འདོན་གྱི་གཞི་ཁྱོན་རྒྱ་ཆེར་བཏང་། མིག་སྔར་རིམ་རྩིས་བྱས་ན་ལྗང་མདོག་ཟས་རིགས་དང་། སྐྱེ་ལྡན་ཞིང་ལས་ཐོན་རྫས། ས་ཁམས་མཚོན་རྟགས་ཀྱི་ཞིང་ལས་ཐོན་རྫས1337ལ་སླེབས་པ་དེ2021ལོ་ལས་ལྡབ་གཅིག་འཕར་ཡོད། “རྒྱལ་ཡོངས་ཀྱི་མིང་གྲགས་ཁྱད་ལྡན་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་གསར་པའི”མིང་ཐོ77ཁྲོད་བདེ་བླག་ངང་ཚུད། རྒྱལ་ཡོངས་ཀྱི་ལྗང་མདོག་ཟས་རིགས་ཀྱི་རྒྱུ་ཆའི་ཚད་གཞི་ཅན་གྱི་ཐོན་སྐྱེད་རྟེན་གཞི་དང་། རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི24བཅས་གསར་སྐྲུན་བྱས།    ཞིང་ཆེན་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་ཀྱི་ཁེ་ལས318ལ་སླེབས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཐེར་ཆེན་གཅིག་ཐེར་འབུམ་དྲུག་དུང་ཕྱུར་གཉིས་བྱེ་བ་གཉིས་ས་ཡ་བདུན་ལ་སླེབས་ཡོད། ས་གནས་ཀྱི་ཚད་གཞིའི་ལམ་ལུགས་ཀྱི་བཟོ་བཅོས་ཇེ་མགྱོགས་སུ་བཏང་སྟེ། གཏན་འབེབས་དང་བཟོ་བཅོས། མེད་པར་བཟོ་བ། བསྐྱར་ཞུས་བཅས་བྱས་ནས་ཚད་གཞི་སྔར་བས་ཇེ་ལེགས་སུ་བཏང་སྟེ། ཞིང་ཆེན་ཡོངས་སུ་ད་ལྟ་ལག་བསྟར་བྱེད་བཞིན་པའི་ནུས་ལྡན་གྱི་ཞིང་ཕྱུགས་ལས་ས་གནས་ཀྱི་ཚད་གཞི800ལྷག་ལ་སླེབས་ཡོད། ནོར་གནག་དང་། ནས། འཁྱག་ཉ་སོགས་ཁྱད་ལྡན་ཐོན་ལས་གཙོར་བཟུང་བ་དང་། ཚད་གཞིའི་མ་ལག10ཁྱབ་བསྒྲགས་བྱས་ཤིང་། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཚད་གཞིའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཡོད། རིམ་རྩིས་བྱས་ན་གཙོ་གནད་ཁྱབ་གདལ་ཉེར་སྤྱོད་ཚད་གཞིའི་མིང་ཐོ248ཁྱབ་བསྒྲགས་བྱས་ནས། ཚད་གཞི་ལྟར་ཐོན་སྐྱེད་ཀྱི་རྣམ་པ་རིམ་བཞིན་ཆགས་ཡོད།

དུས་མཚུངས་སུ་སྤུས་ཚད་བདེ་འཇགས་ཀྱི་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། པུའུ་དང་ཞིང་ཆེན་གྱིས་མཉམ་ལས་བྱས་ཏེ་ཉེན་ཁའི་ལྟ་ཞིབ་ཚད་ལེན་བྱེད་པར་དམིགས་ནས། ལོ་རེར་ཉེན་ཁའི་ལྟ་ཞིབ་ཚད་ལེན་གྱི་ལག་བསྟར་ཇུས་གཞི་བཟོས་ཏེ་དཔར་འགྲེམ་དང་། རིགས་སྣ་དང་ཞུགས་གྲངས། ས་ཁོངས་བཅས་ཀྱི་ལྟ་ཞིབ་ཚད་ལེན་གྱི་གཙོ་གནད་ཁ་གསལ་བཟོས་ཏེ། ཞིང་ཆེན་ཡོངས་ཀྱི“ཚལ་སླེ”ཐོན་རྫས་གཙོ་བོར་ཁྱབ་ནས། མི་སྟོང་རེ་ཡིས་ལྟ་ཞིབ་ཚད་ལེན་སྐོར་ཐེངས2བྱས། 2024ལོར་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་འཆར་ཅན་ལྟ་ཞིབ་ཚད་ལེན་ཚད་ལྡན་ཚད99.6%ཟིན་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།