ཀྲུང་དབྱང་སྒྲོག་བཤད་ཚོགས་པས་ས་གནས་སོ་སོ་དང་སྡེ་ཁག་སོ་སོ་རུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་བཤད་བྱས།

ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།

བསྟུད་མར་ཉིན་འགའི་རིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོ་རུ་སྒྲོག་བཤད་བྱས་པ་མ་ཟད། གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་མཉམ་དུ་བསམ་ཚུལ་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི།  ཀྲུང་གོ་བཟོ་སྐྲུན་གླིང་གི་གླིང་གཙོ། ཏང་ཙུའུ་ཧྲུའུ་ཅི་ལིས་ཞའོ་ཧུང་གིས་ཟླ11པའི་ཚེས10ཉིན་ཀྲུང་གོ་བཟོ་སྐྲུན་གླིང་དུ་སྒྲོག་བཤད་སྙན་ཞུ་ཕུལ།

ལིས་ཞའོ་ཧུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དམིགས་ཚད་གཙོ་བོ་དང་། འཐབ་ཇུས་ལས་འགན། བྱེད་ཐབས་གལ་ཆེན། གཞི་རྩའི་འགན་ལེན་སོགས་ཡང་དག་པར་ཁོང་དུ་ཆུད་རྒྱུར་དམིགས་ཏེ། ཚན་རྩལ་གསར་གཏོད་ཀྱི་བྱ་བ་དང་འབྲེལ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཁྱོན་ཡོངས་ནས་སྒྲོག་བཤད་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི་། ཀྲུང་གོ་བཟོ་སྐྲུན་གླིང་གི་གླིང་གཙོ། ཏང་ཙུའུ་ཧྲུའུ་ཅི李晓红ལིས་ཞའོ་ཧུང་གིས་བཤད་རྒྱུར།

ང་ཚོས་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། འགུལ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱི་ནུས་པ་ཇེ་ཆེར་གཏོང་དགོས་པ་དང་། རྒྱལ་ཁབ་ཀྱི་ཚན་རྩལ་རིག་མཛོད་ཀྱི་རྩེར་སོན་འགན་ནུས་འདོན་སྤེལ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་དམིགས་ཏེ། བཟོ་སྐྲུན་གྱི་ཚན་རྩལ་གསར་གཏོད་ལ་སྣེ་ཁྲིད་དེ་སྤུས་གསར་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་རྣམ་པ་གསར་པ་གཏོད་ཆེད་སྟོབས་ཤུགས་སྔར་ལས་མང་པོ་འདོན་དགོས།

ལིས་ཞའོ་ཧུང་ད་དུང་ནང་སོག་ཝུའུ་ལན་ཁྲ་པུའུ་ཡི་ཚན་རྩལ་ཁེ་ལས་སུ་སོང་སྟེ། ཡུལ་དངོས་ཀྱི་ཚན་རྩལ་མི་སྣའི་འཐུས་མི་དང་མཉམ་དུ་བསམ་ཚུལ་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་དབྱང་ནོར་སྲིད་པུའུ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ། ཀྲུང་དབྱང་ཞིང་ལས་པུའུ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཀྲུའུ་བེ་ཏུང་གིས་ཟླ11པའི་ཚེས9ཉིན་ནས་ཚེས10ཉིན་བར་མཚོ་སྔོན་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་བཤད་བྱས།  ཀྲུའུ་བེ་ཏུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གལ་ཆེན་ལ་རྒྱུས་ལོན་གང་ལེགས་བྱེད་པ་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་མཛུབ་སྟོན་བྱེད་ཕྱོགས་དང་དམིགས་ཚད་གཙོ་བོ་སོགས་ལ་གོ་བ་ཟབ་མོ་ལེན་པ་སོགས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྒྲོག་བཤད་དང་འགྲེལ་བཤད་གཏིང་ཟབ་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་དབྱང་ནོར་སྲིད་པུའུ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ། ཀྲུང་དབྱང་ཞིང་ལས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཀྲུའུ་ཝེ་ཏུང་གིས་བཤད་རྒྱུར།

ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འགྱུར་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱོན་ཡོངས་དང་སྤུས་ཚད་ལ་འབྲེལ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་དགོས་ན་སྔོན་ལ་ངེས་པར་དུ་ཞིང་ལས་སྟོབས་ལྡན་དུ་གཏོང་དགོས་ཤིང་། ཞིང་ལས་སྟོབས་ལྡན་དུ་སོང་ན་ད་གཟོད་རྒྱལ་ཁབ་སྟོབས་ལྡན་དུ་འགྲོ་ངེས། ཚང་འཛོམས་གྲོས་ཚོགས་ཀྱི《གྲོས་གཞི》ལས་ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་སྤྱིའི་བཀོད་སྒྲིག་བྱས་ཡོད་པས། ང་ཚོས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་མཁར་གྲོང་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པ་དང་། ཞིང་སྡེ་ཁྱོན་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། ཞིང་པ་མང་ཚོགས་ལ་སྔར་ལས་ལེགས་པའི་འཚོ་བ་སྐྱིད་པོ་ཞིག་རོལ་ཏུ་འཇུག་དགོས།

ཀྲུའུ་བེ་ཏུང་ད་དུང་མཚོ་ཤར་གྲོང་ཁྱེར་དུ་ཡོང་ནས་ཁེ་ལས་ཀྱི་ལས་བཟོ་བ་དང་སྡེ་མིའི་མཉམ་དུ་བསམ་བློ་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲེ་ཅང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་དབྱང་དབྱིན་ཁའེ་ཡིས་ཟླ11པའི་ཚེས6ཉིན་ཀྲེ་ཅང་སློབ་ཆེན་དུ་སྒྲོག་བཤད་སྙན་ཞུ་ཕུལ།  དབྱང་དབྱིན་ཁའེ་ཡིས་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་དམིགས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་ཀྱི་གནས་བབ་གལ་ཆེན་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སློབ་སྟོན་བྱེད་ཕྱོགས་དང་། དམིགས་འབེན་གཙོ་བོ། འཐབ་ཇུས་ཀྱི་ལས་འགན། བྱེད་ཐབས་གལ་ཆེན་སོགས་ཀྱི་ཐད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་རིམ་ལྡན་པའི་སྒོ་ནས་སྒྲོག་བཤད་དང་འགྲེལ་བཤད་གཏིང་ཟབ་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲེ་ཅང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་དབྱང་དབྱིན་ཁའེ་ཡིས་བཤད་རྒྱུར།

འདས་བའི་ལོ་ལྔའི་ནང་རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་ལ། དེའི་གཞི་རྩ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྣེ་ཁྲིད་ཁ་ཕྱོགས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་ལ་རག་ལས་པ་ཡིན། ཚང་འཛོམས་གྲོས་ཚོགས་ལས་ཏང་ཡོངས་ཀྱིས་བསམ་སྦྱོར་གཉིས་ཀ་ཏང་ཀྲུང་དབྱང་གི་གནས་བབ་སྐོར་གྱི་གཞི་རྩའི་བརྡར་གཅོད་དང་འཐབ་ཇུས་བཀོད་སྒྲིག་དང་གཅིག་གྱུར་ཡོང་བར་བྱེད་དགོས་པ་དང་། འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་དང་། རྒྱལ་ཁ་འཐོབ་ངེས་ཀྱི་ཡིད་ཆེས་ཇེ་ཆེར་བཏང་ནས་འགྱུར་ལྡོག་དང་བསྟུན་མཁས་པར་བྱས་ཏེ།  ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་རྣམ་པ་གསར་པ་བཏོད་དགོས།

དབྱང་དབྱིན་ཁའེ་ད་དུང་ཀྲེ་ཅང་སློབ་ཆེན་གྱི་སློབ་གྲྭའི་ལོ་རྒྱུས་ཁང་དུ་སོང་ནས་དགེ་སློབ་ཀྱི་འཐུས་མི་དང་མཉམ་དུ་བསམ་ཚུལ་བརྗེ་རེས་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།