ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལས་ཁུངས་ཀྱིས་བྱེད་ཐབས་སྣ་མང་སྤྱད་དེ་དུས་རབས་གསར་པའི་ལྟ་སྐུལ་བྱ་བར་ཤུགས་བསྣན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཐེངས་བརྒྱད་པའི་སྐབས་སུ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས། “ཅན་གསུམ་”འཛུགས་སྐྲུན་ལོའི་བྱ་སྤྱོད་བཀོད་སྒྲིག་ལ་དམ་པོར་དམིགས་པ་དང་། སྐོར་ཞིབ་ཀྱི་ལས་འགན་གསར་པ་དང་འོས་འགན་གསར་པར་གཞི་ཚུགས་ཏེ། ཐབས་མང་མཉམ་སྤྱོད་དང་། ཧུར་ཐག་སྒོས་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་འཇོན་ཐང་ཆེ་བའི་སྐོར་ཞིབ་དཔུང་སྡེ་འཛུགས་སྐྲུན་བྱས་ཏེ། མཚོ་སྔོན་གྱི་སྐོར་ཞིབ་ལས་དོན་ཐད་སྔར་ལས་ལྷག་པའི་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་ཆེན་པོ་བསྩལ། 

ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཁག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་གོ་སྐབས་དང་བསྟུན་ནས། ཆེད་དོན་སློབ་སྦྱོང་དང་། ཏང་གི་སློབ་ཁྲིད་ཁྲིད་སྟོན་དུ་འཛིན་པ། ཚན་ཆུང་ཁག་བགོས་ཏེ་གྲོས་བསྡུར་བྱེད་པ། སྒེར་གྱི་རང་སྦྱོང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས“སྒྲིག་བརྩི་འཆད་འཁྲིད”ལ་ཞུགས་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་ཏང་གི་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་ལག་བསྟར་བྱེད་པའི་དགོངས་དོན་སོགས་ནང་དོན་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། སློབ་སྦྱོང་དང་སློབ་གསོའི་ཁྲོད་ཏང་གཤིས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ།  འགན་འཁུར་དངོས་སྒྲུབ་ཁྲོད་འཐབ་རྩོད་ཀྱི་འཇོན་ཐང་ཇེ་ཆེར་གཏོང་དགོས། སྐོར་ཞིབ་ཚན་ཆུང་ཁག་གིས་ཉེན་ཟོན་སློབ་གསོ་གཏོང་རྒྱུ་དེ་ལས་བྱེད་པའི་རུལ་སུངས་སྔོན་འགོག་བྱེད་པའི་བྱེད་ཐབས་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ།  ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་དང་ཞིང་ཆེན་ནང་ཁུལ་གྱི་སྒྲིག་འགལ་ངང་བཟའ་བཏུང་བྱེད་པའི་གནད་དོན་སོགས་དཔེ་མཚོན་གྱོད་དཔེ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་བརྒྱུད། 《མཚོ་སྔོན་ཞིང་ཆེན་གྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་བྱ་སྤྱོད་ཚད་གཞི》དང་།《སྐོར་ཞིབ་ལས་བྱེད་པའི“གཏན་འགོག་དགུ”དང“གཟབ་ནན་ལྔ”སོགས་སྒྲིག་ཁྲིམས་ཀྱི་གཏན་འབེབས་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ཉེན་ཟོན་སློབ་གསོའི་པར་གཞིར་ལྟ་བ་དང་། ཉེན་ཟོན་སློབ་གསོའི་ཚོགས་ཆེན་འཚོགས་པ། མཉམ་དུ་སྙིང་གཏམ་བཤད་པ་དང་གླེང་མོལ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་གྲོས་གཞིར་བརྟེན་ནས་ཉེན་བརྡ་གཏོང་བ་དང་གྱོད་དཔེ་དེ་དག་མི་སེམས་སུ་འཇགས་པར་བྱེད་དགོས། 

དུས་མཚུངས་སུ། སྐོར་ཞིབ་ཚན་ཆུང་ཁག་གིས་སྐོར་ཞིབ་བྱ་བའི་གཙོ་གནད་དང་དཀའ་གནད་ཟུང་འབྲེལ་བྱས་ཏེ།གནད་འགག་གི་གནད་དོན་ལ་དམིགས་ནས་ཆེད་དོན་ཟུར་ཁྲིད་གསོ་སྦྱོང་བྱས་ཏེ། སྐོར་ཞིབ་བྱེད་སྒོའི་ཆུ་ཚད་མཐོར་འདེགས་གཏོང་དགོས། བྱ་བའི་འཆར་གཞི་ཞིབ་ཕྲ་བཟོ་བ་དང་། འཁོར་སྐྱོད་ནང་རྐྱེན་ལེགས་སྒྱུར་བྱེད་པ།  བྱ་བའི་ཕན་ནུས་མཐོར་འདེགས་བཅས་གཏོང་དགོས། ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐོར་ཞིབ་བྱེད་པའི་སྐབས་སུ《ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལས་ཁུངས་ཀྱི་ཏང་ལེགས་སྐྱོང་དང་སྒྲིག་ཁྲིམས་ཀུན་སྤྱོད་ལེགས་སྐྱོང་ལ་སྔར་ལས་ཤུགས་སྣོན་བྱེད་པའི་སྐོར་གྱི་ཇུས་གཞི》དང《ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་ཁག་གིས་ལས་ཡུལ་དངོས་སུ་སྐོར་ཞིབ་བྱེད་སྐབས་ཏང་ལེགས་སྐྱོང་དང་སྒྲིག་ཁྲིམས་ཀུན་སྤྱོད་ལ་ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་བྱེད་པའི་སྐོར་གྱི་ཇུས་གཞི》བཟོས་ནས་སྐོར་ཞིབ་བྱེད་སྒོ་དང་ཏང་ལེགས་སྐྱོང་གི་ལས་ཀར་ཤུགས་སྣོན་དང་སྒྲིག་ཁྲིམས་ཀུན་སྤྱོད་གཟབ་ནན་དུ་གཏོང་བའི་སྐོར་གྱི《བྱ་བའི་དྲན་སྐུལ》དང་འབྲེལ་ཡོད་བརྡ་ཐོ་བཀྲམ་སྟེ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་འབྲེལ་ཡོད་ཁྲུའུ་སོགས་སྐོར་ཞིབ་ཚན་ཆུང་ཁག་དང་མཉམ་དུ་དཔྱད་གཞིའི་ཡིག་ཆ་ལྟ་ཀློག་དང་། སྒེར་དང་གླེང་མོལ། བཞུགས་མོལ་བརྗེ་རེས། མངོན་ཞིབ་ལྐོག་འདྲི་སོགས་ཀྱི་རྣམ་པའི་ཐོག་ནས་ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།