སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས"ལུས་རྩལ་སྟོབས་ལྡན་ཡིན་ན་ཀྲུང་གོ་སྟོབས་ལྡན་ཡིན་པ་དང་། རྒྱལ་ཁབ་དར་རྒྱས་བྱུང་ན་ལུས་རྩལ་དར་རྒྱས་འབྱུང་ཐུབ།" ཅེས་གསུངས་ཡོད། ལུས་རྩལ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་རྩལ་འགྲན་ལུས་རྩལ་སྤྱི་ཡོངས་ཀྱི་ཆུ་ཚད་སྔར་ལས་མཐོ་རུ་ཕྱིན་པ་དང་།་དམངས་ཡོངས་ཀྱི་ལུས་སྦྱོང་དར་སྲོལ་ཆགས་པ། གཞོན་ནུ་ལོ་ཆུང་གི་ལུས་རྩལ་སྐྱེ་སྟོབས་ཀྱི་དཔལ་འབར་བ། ལུས་རྩལ་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་བྱུང་བ། ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱས་ཡོད།
རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་མང་ཚོགས་ཀྱི་འགྲན་བསྡུར་གྱི་འབྲུག་རྩེ་དང་སེང་རྩེ་ཡི་འགྲན་བསྡུར་དེ་རིང་ཧྥོ་ཧྲན་དུ་འགོ་བརྩམས། དམངས་ཡོངས་ཀྱིས་ལུས་རྩལ་སྦྱོང་བ་དང་དམངས་ཡོངས་ཀྱིས་དམངས་ལ་ཕན་འདོགས་པའི"འདུ་ཤེས་ཀྱིས་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་བའི་མང་ཚོགས་ཀྱི་འགྲན་བསྡུར་བྱེད་སྒོར་ཁྱོན་སྡོམ་རྣམ་གྲངས་ཆེ་གྲས23དང་རྣམ་གྲངས་ཆུང་གྲས166བཅས་འགྲན་བསྡུར་རམ་འཁྲབ་སྟོན་བྱས་པ་དང་། མང་ཚོགས་འགྲན་བསྡུར་ནང་ཞུགས་མཁན་མི་ཁྲི1ལས་བརྒལ་ཡོད།
རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་བའི་སྟེང་གི་ཀོང་ཏུང་ལྷོ་སེང་རུ་ཁག་གི་རུ་མི། ཧོང་ཆི་ཨའོ་ཡིས་བཤད་རྒྱུར། ཐེངས་འདིར་ཀོང་ཏུང་དུ་རང་ཁྱིམ་གྱི་སྒོ་ཁ་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་དང་ད་དུང་ཤང་ཀང་དང་ཨའོ་མོན་ནས་ཡོང་བའི་གྲོགས་པོ་ཚོས་མཉམ་དུ་སེང་རྩེ་འཁྲབ་པར་ཧ་ཅང་དགའ་བོ་བྱུང་། ཆུང་དུས་ནས་འབྲུག་རྩེ་དང་སེང་རྩེ་ལ་དགའ་པོ་ཡོད། ཉིན་ཞིག་འབྲུག་རྩེ་དང་སེང་རྩེ་འདི་ལུས་རྩལ་འགྲན་ཚོགས་ཀྱི་གར་སྟེགས་ཆེན་པོའི་སྟེང་འབུད་ཐུབ་རྒྱུ་ཡིད་ལའང་ཤར་མ་མྱོང་། ཧ་ཅང་སེམས་འགུལ་ཐེབས་པ་དང་ཧ་ཅང་དགའ་པོ་བྱུང་།
ལུས་རྩལ་རྒྱལ་ཁབ་སྟོབས་ལྡན་ཕུགས་འདུན་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅིས་བསྟན་དོན། ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་མི་དམངས་ལྟེ་བར་འཛིན་པའི་བསམ་བློ་རྒྱུན་འཁྱོངས་དང་། མི་དམངས་ཀྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་བའི་གྲུབ་ཆ་གཙོ་བོར་འཛིན་པ། མི་དམངས་ཀྱི་ལུས་སྦྱོང་དགོས་མཁོ་སྐོང་བ་དང་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ལུས་རྩལ་ལས་དོན་གྱི་འགོ་རྩོམ་ས་དང་རྐང་ཚུགས་སར་བྱས་ཏེ། དམངས་ཡོངས་ཀྱི་ལུས་སྦྱོང་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་བཅས་བྱས་ཏེ་མི་དམངས་ཀྱི་བདེ་ཐང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་ལུས་རྩལ་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་ཁྲིད་སྟོན་འོག་དུས་རབས་གསར་པར་རང་རྒྱལ་གྱི་ལུས་རྩལ་བྱ་བར་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན། "ལོ་ལྔའི་འཆར་འགོད་བཅུ་བཞི་པའི་"་རིང་རྒྱལ་ཁབ་ཀྱིས་སྡོམ་པས་མ་དངུལ་སྒོར་ཐེར་འབུམ་ལྔ་དུང་ཕྱུར་དྲུག་བྱེ་བ་ལྔ་བཏང་ནས་སྤྱི་པའི་ལུས་རྩལ་ཁང་སྤྱི་ཚོགས་ལ་རིན་མི་དགོས་པའམ་ཡང་ན་རིན་གོང་དམའ་མོས་སྒོ་འབྱེད་རྒྱུར་རྒྱབ་སྐྱོར་བྱས། ས་གནས་སོ་སོ་དང་རིམ་པ་སོ་སོའི་སྲིད་གཞུང་གིས་སྔར་བས་ཆུ་ཚད་མཐོ་བའི་དམངས་ཡོངས་ཀྱི་ལུས་སྦྱོང་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་རྒྱུ་དམིགས་འབེན་དུ་བྱས་ཏེ། ཐབས་ལམ་མང་པོ་བརྒྱུད་ནས་དམངས་ཡོངས་ཀྱི་ལུས་སྦྱོང་བྱ་ཡུལ་གྱི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་དང་། སྤྱི་གླིང་གི་སྔོ་ལྗང་ཁུལ་དང་ཟམ་འོག་གི་བར་སྟོང་། བཟོ་གྲྭ་རྙིང་བ་སོགས་ཀྱི་གྲུ་ཟུར་བདེ་སྤྱོད་གང་ལེགས་བྱས་ཏེ། སྟབས་བདེ་བའི་ལུས་རྩལ་སྤྱི་གླིང་རེ་རེར་སྒྱུར། 2024ལོའི་ལོ་མཇུག་བར། རྒྱལ་ཡོངས་ཀྱི་མི་རེའི་ཆ་སྙོམས་ལུས་རྩལ་ཐང་གི་རྒྱ་ཁྱོན་ཐེངས་དང་པོར་སྨི་གྲུ་བཞི་མ་3.0ལས་བརྒལ་བ་དང་། སྡེ་ཁུལ་གྱི་སྐར་མ་15ཡི་ལུས་སྦྱོང་ར་བ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད། དུས་རྣམ་ཀུན་ཏུ་ལུས་རྩལ་སྦྱངས་ཆོག་པའི་ལུས་སྦྱོང་བྱ་ཡུལ་གྱིས་དམངས་ཡོངས་ལུས་རྩལ་ནང་ཞུགས་པའི་སྤྲོ་སེམས་སྔར་བས་འཕེལ་བར་བྱས་ཡོད།
ད་ལྟ་གངས་འཁྱགས་དུས་ཚིགས་གསར་པ་ཞིག་འགོ་ཚུགས་ཏེ་ཧོ་པེ་ཀྲང་ཅ་ཁོའུ་དང་། ཞིན་ཅང་ཨ་ལེ་ཐའེ། ཧེ་ལུང་ཅང་ཧར་པིན་སོགས་ས་ཁུལ་དུ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་གངས་འཁྱགས་ལས་རྩལ་ལ་དགའ་པོ་བྱེད་མཁན་ཡང་བསུས།
ད་ལྟ་རང་རྒྱལ་དུ་རྒྱུན་དུ་ལུས་རྩལ་སྦྱོང་བརྡར་ནང་ཞུགས་མཁན་མི་གྲངས་དུང་ཕྱུར་ལྔ་བྱེ་བ་བཞི་ཟིན་པ་དང་བསྡུར་ཚད་བརྒྱ་ཆའི་སོ་བརྒྱད་གྲངས་ཆུང་ལྔ་ལས་བརྒལ་ནས་ལུས་རྩལ་སྦྱོང་བརྡར་ནང་ཞུགས་རྒྱུ་དེ་རིམ་བཞིན་འཚོ་བ་སྐྱེལ་སྟངས་ཤིག་ཏུ་གྱུར་ཡོད། ད་ལྟ་ས་གནས་ཁག་ཏུ་རྒྱུག་ཆེ་པའི"གྲོང་ཚོའི་འགྲན་བསྡུར"དང"གྲོང་ཁྱེར་གྱི་འགྲན་བསྡུར་"་སོགས་སྣ་མང་ཕུན་སུམ་ཚོགས་པའི་མང་ཚོགས་ཀྱི་ལུས་རྩལ་འགྲན་བསྡུར་བྱེད་སྒོ་སྤེལ་ནས་ལུས་རྩལ་ལ་བརྟེན་ནས་སྟེགས་བུ་བསྐྲུན་ཏེ་དམངས་ཡོངས་ཀྱི་ལུས་སྦྱོང་དང་དམངས་ཡོངས་ཀྱི་བདེ་ཐང་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་སྒེར་གཤིས་ཅན་དང་སྤུས་ལེགས་ཅན་གྱི་ལུས་སྦྱོང་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་ཐུབ་པ་བྱུང་བ་དང་ཆབས་ཅིག་རིག་གནས་ལུས་རྩལ་ཡུལ་སྐོར་ཚོང་ལས་ཀྱི་ལས་རྣམ་མང་པོ་མཐུན་སྦྱོར་ཡོང་བར་སྐུལ་འདེད་བཏང་། བསྡོམས་རྩིས་བྱས་པ་ལྟར་ན།2023ལོར་རྒྱལ་ཡོངས་ཀྱི་ལུས་རྩལ་ཐོན་ལས་ཀྱི་སྤྱིའི་གཞི་ཁྱོན་སྒོར་ཁྲག་ཆེན་གསུམ་ཁྲག་ཁྲིག་དྲུག་ཐེར་ཆེན་བདུན་ལ་སླེབས་པ་དང་། ཉེ་བའི་ལོ་ལྔའི་རིང་ལོ་རེར་ཆ་སྙོམས་འཕར་ཚད་བརྒྱ་ཆའི་བཅུ་ལས་བརྒལ། དམངས་ཡོངས་ཀྱི་ལུས་སྦྱོང་རྒྱལ་ཁབ་ཀྱི་འཐབ་ཇུས་རྒྱུན་ཆད་མེད་པར་གཏིང་ཟབ་སྤེལ་བ་དེས་རང་རྒྱལ་གྱི་རྩལ་འགྲན་ལུས་རྩལ་གོང་དུ་སྤེལ་བར་རྨང་གཞི་བརྟན་པོ་བཏིང་ཡོད། 2024ལོའི་ལོ་མཇུག་བར"ལོ་ལྔའི་འཆར་འགོད་བཅུ་བཞི་པའི"རིང་རང་རྒྱལ་གྱིས་སྡོམ་པས་འཛམ་གླིང་གི་ཨང་དང་པོ519བླངས་པ་དང་འཛམ་གླིང་གི་ཟིན་ཐོ་ཐེངས68བསྐྲུན། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རང་རྒྱལ་གྱི་གངས་འཁྱགས་ལུས་རྩལ་པར་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་བྱུང་བ་དང་ཕ་རི་སིའི་ཨའོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པས་རྒྱལ་ཁོངས་ཕྱི་རོལ་གྱི་འགྲན་བསྡུར་ནང་ཞུགས་པའི་གྲུབ་འབྲས་ཡག་ཤོས་བསྐྲུན་པ། དགུན་དུས་ཀྱི་རྣམ་གྲངས་དང་དབྱར་དུས་ཀྱི་རྣམ་གྲངས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་ཐོན་ཡོད། ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་ལས་མངོན་པའི་སྤྱི་ཚོགས་ཀྱི་གོང་བུར་འགྲིལ་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་དེ་ཉིན་རེ་བཞིན་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ནང་སྐྱེས་སྒུལ་ཤུགས་སུ་འགྱུར་བཞིན་ཡོད།
པེ་ཅིང་ལུས་རྩལ་སློབ་ཆེན་ཀྲུང་གོ་ལུས་རྩལ་འཕེལ་རྒྱས་ཞིབ་འཇུག་གླིང་གི་གླིང་གཙོ། ཆའོ་ཧྲང་ཁུའེ་ཡིས་བཤད་རྒྱུར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་ནི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་པ་མ་ཟད་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སེམས་ནུས་གཅིག་སྒྲིལ་གྱི་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་མཁོ་འདོན་བྱ་ཐུབ་ཞེས་གསུངས་ཡོད། འགོ་རྩོམ་ས་གསར་པའི་ཐོག་ལུས་རྩལ་རྒྱལ་ཁབ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་མི་དམངས་ཀྱི་བདེ་ཐང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཚེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རྒྱུན་ཆད་མེད་པའི་གསོན་ཤུགས་དང་སྒུལ་ཤུགས་སྣོན་ངེས།