བཙས་མ་ཐག་པའི་གླ་ཕྲུག
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་སེ་ལེ་ཐང་གྲོང་རྡལ་གྱི་གླ་བ་གསོ་སྤེལ་རྟེན་གཞི་རུ་གླ་ཕྲུག་ཅིག་བཙས་ཤིང་། དེ་ནི་པདྨ་མ་རྫོང་གི་གླ་བ་གསོ་སྤེལ་ལ་ཐོག་མར་གྲུབ་འབྲས་ལོན་པ་མཚོན།
གླ་བ་གསོ་སྤེལ་ལེགས་འགྲུབ་བྱུང་བ་དེ་ནི་པདྨ་རྫོང་གིས་ཁྱད་ལྡན་ཐོན་ལས་གྱིས་དབུལ་ཐར་མང་ཚོགས་ལ་སྐུལ་ཁྲིད་ཀྱི་ནུས་པ་བཏོན་པའི་གནད་འགག་གི་གོམ་པ་དང་པོ་ཡིན་ཞིང་། སླད་ཕྱིན་རྫོང་དེས་གླ་བ་གསོ་སྤེལ་ལ་ཉམས་མྱོང་མང་པོ་བསགས་ཏེ། འབྱུང་འགྱུར་དཔལ་འབྱོར་འཕེལ་བྱེད་དང་ཞིང་འབྲོག་མང་ཚོགས་མང་པོ་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་ཐུབ་པ་ཞིག་ཏུ་བསྒྱུར་བའི་འཆར་གཞི་ཡོད།
གླ་བ་ནི་རྒྱལ་ཁབ་ཀྱི་སྲུང་སྐྱོབ་རིམ་པ་དང་པོའི་སྲོག་ཆགས་དང་། རང་རྒྱལ་གྱི་སྨན་རྫས་གལ་ཆེན་གྱི་འབྱུང་ཁུངས་ཤིག་ཀྱང་ཡིན་ཏེ། གླ་བ་ལས་བྱུང་བའི་གླ་རྩི་ལ་ཀུན་གྱིས“གསེར་སྙི་མོ”ཞེས་འབོད། གླ་རྩི་ལ་དྲི་ཆབ་རྩེ་གྲ་དང་། དྲི་རྫས་བཟོ་བྱེད་ཡིན་པ་མ་ཟད། ཀླད་རྩ་དབུ་མའི་མ་ལག་གི་ཚོར་བ་བསྐྱེད་བྱེད་ཡིན་པས། ནད་པ་བརྒྱལ་བ་སེལ་བྱེད་དང་སྙིང་གི་སྟོབས་གསོ་བ་ལ་སོགས་མྱུར་སྐྱོབ་ཐད་བཀོལ་བའི་སྨན་སྣ་མང་པོ་བཟོ་ཐུབ་པས། དཔལ་འབྱོར་གྱི་རིན་ཐང་དང་སྨན་རྫས་ཀྱི་རིན་ཐང་ཆེན་པོ་ལྡན།
པདྨ་རྫོང་སེ་ལེ་ཐང་གྲོང་རྡལ་གླ་བ་གསོ་སྤེལ་རྟེན་གཞི་ལ་ཁྱོན་མ་དངུལ་སྒོར་ཁྲི375བཏང་སྟེ2022ལོའི་ཟླ4བར་འཛུགས་མགོ་བརྩམས། གླ་བ30ཉོས་ཤིང་། གླ་ར40བསྐྲུན་ནས 2023ལོའི་ཟླ5པར་གསོ་སྤེལ་ར་བ་དེ་དངོས་སུ་བཀོལ་སྤྱོད་བྱས། ཉེ་བའི་ལོ་རིང་ལ་པདྨ་རྫོང་གིས་ནགས་ཀྱི་ཁྱད་ལྡན་གསོ་སྤེལ་ལ་སྐུལ་འདེད་ཤུགས་ཆེན་བརྒྱབ་ཏེ། སྲོལ་རྒྱུན་གྱི་སྒོ་ཕྱུགས་གསོ་སྤེལ་ལས་གཞན། གསོ་སྤེལ་ཐོན་ལས་ཀྱི་ཁེ་ཕན་ཆེན་པོར་བརྩོན་ལེན་བྱས་ནས་ནགས་ཀྱི་ཁྱད་ལྡན་གསོ་སྤེལ་དར་སྤེལ་བཏང་། ཐེངས་འདིའི་ནགས་ཀྱི་གླ་བ་གསོ་སྤོ་ནི་པདྨ་རྫོང་གི་ཞིང་འབྲོག་མང་ཚོགས་ཕྱུག་པོར་འགྱུར་བའི་ཐབས་མཆོག་ཅིག་ཏུ་འགྱུར་སྲིད་དོ། །
རྩོམ་སྒྲིག་པ། ཁོན་ཐར་འཚོ།