ལག་བརྒྱུད་ཁང་བ་ཉོ་འཚོང་བྱེད་སྐབས་ཁྲལ་བསྡུའི་ཚད་གཞི་སྐོར་གྱི་གནད་དོན།
2018-09-19 16:00:51  |  110.166.**.**     **   བན་ཧའེ། སྐུ་ཞབས།     དང་ལེན་བྱས་ནས་ལན་བཏབ་པ།
ལག་བརྒྱུད་ཁང་བ་ཉོ་འཚོང་བྱེད་སྐབས་ཁྲལ་བསྡུའི་ཚད་གཞི་སྐོར་གྱི་གནད་དོན།
2018-09-19 16:02:52  | 

(1)སྨི་གྲུ་བཞི་མ90དང་དེའི་མན(སྨི་གྲུ་བཞི་མ90ཡང་འདུ) ཁྱིམ་ཚང་གི་སྡོད་ཁང་གཅིག་པུ་དང་ཁྱིམ་ཚང་གིས་ཉོས་པའི་སྡོད་ཁང་གཉིས་ཀྱི་གན་རྒྱའི་དཔྱ་ཁྲལ1%ཡིན། སྨི་གྲུ་བཞི་མ90ཡན་གྱི་ཁྱིམ་ཚང་གི་སྡོད་ཁང་གཅིག་པུའི་གན་རྒྱའི་དཔྱ་ཁྲལ1.5%ཡིན། ཁྱིམ་ཚང་གིས་ཉོས་པའི་སྡོད་ཁང་གཉིས་ཀྱི་གན་རྒྱའི་དཔྱ་ཁྲལ2%ཡིན། ཁྱིམ་ཚང་གིས་ཉོས་པའི་སྡོད་ཁང་གསུམ་ཡན་གྱི་གན་རྒྱའི་དཔྱ་ཁྲལ3%ཡིན།

(2) མི་སྒེར་གྱིས་ཉོས་པའི་སྡོད་ཁང་ལོ་ལྔ་ལོན་མེད་པ་དང་ཡང་ན་ཁྱིམ་ཚང་གི་སྡོད་ཁང་གཅིག་པུ་མ་ཡིན་པའི་དཔྱ་ཁྲལ1%ཡིན། ལོ་ལྔ་ལོན་ཡོད་པའི་ཁྱིམ་ཚང་གི་སྡོད་ཁང་གཅིག་པུ་ཅན་ལ་མི་སྒེར་གྱི་དཔྱ་ཁྲལ་གནས་སྐབས་ཀྱིས་རིན་མེད་ཡིན།

(3) ལོ་གཉིས་ལོན་མེད་པའི་ཉོ་འཚོང་སྡོད་ཁང་གིས་ཁྲལ་བསྡུ5.6%གནས་ཐང་འཕར་ཁྲལ་དང་ཁ་གསབ་སྤྲོད་དགོས། ལོ་གཉིས་ལོན་ཡོད་པའི་ཁང་བའི་གནས་ཐང་འཕར་ཁྲལ་དང་ཁ་གསབ་རིན་མེད་ཡིན།

འོས་འགན་སློབ་གསོ་མྱོང་བའི་སྐོར་གྱི་གནད་དོན།
2018-09-03 16:39:38  |  110.166.**.**     **   ཝང་ཡན། བུ་མོ།     དང་ལེན་བྱས་ནས་ལན་བཏབ་པ།
འོས་འགན་སློབ་གསོ་མྱོང་བའི་དུས་རིམ་ནང་གི་བཅའ་སྡོད་སློབ་མར་འཚོ་བའི་ཁ་གསབ་གང་དག་ཡོད།
2018-09-03 16:44:01  | 

རོང་འབྲོག་ཁུལ་དང་གྲོང་ཁྱེར་གྱི་ཁྱིམ་ཚང་དཀའ་ངལ་ཅན་པོའི་བུ་ཕྲུག་སློབ་གྲྭར་བཅའ་སྡོད་ཐད་ལ་འཚོ་བའི་ཁ་གསབ་ཡོད་དེ། ཁ་གསབ་དེའི་ཚད་གཞི་ནི། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་སློབ་ཆུང་གི་སློབ་མ་རེ་ལ་ལོ་རེར་སྒོར་༡༡༠༠ཡོད་པ་དང་། སློབ་འབྲིང་ལ་སྒོར་༡༣༥༠ཡོད་པ་རེད། མཚོ་བྱང་ཁུལ་དང་མཚོ་ནུབ་ཁུ་གྱི་སློབ་ཆུང་གི་སློབ་མ་རེ་ལ་ལོ་རེར་སྒོར༡༥༠༠ཡོད་པ་དང་། སློབ་འབྲིང་ལ་སྒོར༡༧༠༠རེ་ཡོད་པ་རེད། མཚོ་ལྷོ་ཁུལ་དང་རྨ་ལྷོ་ཁུལ་གྱི་རེབ་གོང་རྫོང་དང་གཅན་ཚ་རྫོང་གི་སློབ་ཆུང་སློབ་མ་རེ་ལ་ལོ་རེར་སྒོར༡༦༠༠ཡོད་པ་དང་། སློབ་འབྲིང་ལ་སྒོར༡༨༠༠རེ་ཡོད་པ་རེད། ཡུལ་ཤུལ་ཁུལ་དང་མགོ་ལོག་ཁུལ། རྨ་ལྷོ་ཁུལ། རྩེ་ཁོག་རྫོང་། སོག་རྫོང་བཅས་ཀྱི་སློབ་ཆུང་གི་སློབ་མ་རེ་ལ་སྒོར༡༧༠༠ཡོད་པ་དང་། སློབ་འབྲིང་ལ་སྒོར༡༩༠༠རེ་ཡོད་པ་རེད།

མི་གང་དག་གིས་ཞིང་ཆེན་གཞན་ནས་སྨན་བཅོས་བྱས་པའི་སྨན་རིན་ཐད་ཀར་རྩིས་རྒྱག་ཆོག
2018-08-13 10:36:50  |  110.166.**.**     **   ཀྲང་ཡན། སྐུ་ཞབས།     དང་ལེན་བྱས་ནས་ལན་བཏབ་པ།
མི་གང་དག་གིས་ཞིང་ཆེན་གཞན་ནས་སྨན་བཅོས་བྱས་པའི་སྨན་རིན་ཐད་ཀར་རྩིས་རྒྱག་ཆོག
2018-08-13 10:39:12  | 

1. གནས་སྤོ་བདེ་སྡོད་བྱས་པའི་ལས་འཁྱུར་ངལ་གསོ་བྱེད་མཁན།ལས་འཁྱུར་ངལ་གསོ་བྱས་རྗེས་ཞིང་ཆེན་ཕྱི་རུ་གནས་སྤར་ནས་གཞིས་སྡོད་བྱས་ཡོད་པ་མ་ཟད་ཁྱིམ་ཐོ་ཡང་སྤར་ཡོད་པའི་མི་ཡིན་དགོས།

2.ཡུལ་གཞན་ནས་དུས་ཡུན་རིང་བོའམ་ལོ་ཕྱེད་ཡན་ཆོད་ལ་བསྡད་པའི་མི་ཡིན་དགོས།

3.དུས་རྒྱུན་ཡུལ་གཞན་དུ་སྡོད་པའི་ལས་བྱེད་པ་དང་། ཡུལ་གཞན་ནས་དུས་ཡུན་ལོ་ཕྱེད་ཡན་ཆོད་ལ་ལས་གཉེར་དང་བཟོ་གཉེར། སློབ་གཉེར་གནང་བའི་མི་ཡིན་དགོས།

4.ཡུལ་གཞན་ནས་སྨན་བཅོས་སྤོ་སྒྱུར་བྱེད་པའི་མི། སྤྱི་ཚོགས་འགན་སྲུང་སྨན་བཅོས་སྤོ་སྒྱུར་གཏན་འབེབས་དང་འཚམ་པའི་མི་ཡིན་དགོས།

ཞིང་ཆེན་གཞན་ནས་སྨན་བཅོས་བྱེད་ན་སྤྱི་ཚོགས་འགན་སྲུང་ནས་སྨན་རིན་ཅི་ལྟར་རྩིས་རྒྱག་དགོས།
2018-07-26 14:27:41  |  110.166.**.**     **   ཡུལ་ལྷ། སྐུ་ཞབས།     དང་ལེན་བྱས་ནས་ལན་བཏབ་པ།
ཞིང་ཆེན་གཞན་ནས་སྨན་བཅོས་བྱེད་ན་སྤྱི་ཚོགས་འགན་སྲུང་ནས་སྨན་རིན་ཅི་ལྟར་རྩིས་རྒྱག་དགོས།
2018-07-26 14:28:41  | 

1.སྤྱི་ཚོགས་འགན་སྲུང་བྱང་བུ་དངོས་སམ་བསྐྱར་དཔར་འཁྱེར་ནས། ས་གནས་དེ་གའི་སྤྱི་ཚོགས་འགན་སྲུང་སྒྲུབ་གཉེར་ལས་ཁུངས་ནས་ཐོ་འགོད་སྙན་ཞུའི་འགྲོ་ལུགས་བསྒྲུབ་དགོས།

2.སྡོད་སའི་གྲོང་ཁྱེར་རམ་སྨན་བཅོས་སྤོ་སྒྱུར་བྱེད་སའི་ཞིང་ཆེན་ཕྱི་ཡི་སྨན་བཅོས་ལས་ཁུངས་འདེམས་དགོས།

3.མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གཉིས་ཀྱིས་གཅིག་གྱུར་ཐོག་སྒྲིག་བཟོ་བྱས་པའི་སྤྱི་ཚོགས་འགན་སྲུང་བྱང་བུ་འཁྱེར་ནས་ཞག་སྡོད་འགྲོ་ལུགས་བསྒྲུབ་དགོས།

ཁྱིམ་ཚང་གི་འགན་ལེན་ཕྱོགས་ཀྱི་འཐུས་ཚབ་པ་སྐོར་གྱི་གནད་དོན།
2018-07-02 13:09:29  |  110.166.**.**     **   ཁྲིན་ཞའོ། སྐུ་ཞབས།     དང་ལེན་བྱས་ནས་ལན་བཏབ་པ།
ཁྱིམ་ཚང་གི་འགན་ལེན་ཕྱོགས་ཀྱི་འཐུས་ཚབ་པ་ཅི་ལྟར་གཏན་འཁེལ་བྱེད་དགོས།
2018-07-02 13:10:40  | 

ཁྱིམ་ཚང་གི་འགན་ལེན་ཕྱོགས་ཀྱི་འཐུས་ཚབ་མི་སྣ་འགན་ལེན་གན་རྒྱའི་ཡི་གེ་སྟེང་མིང་རྟགས་འགོད་མཁན་དང་ཡང་ན་ས་ཞིང་འགན་ལེན་ཚོང་གཉེར་དབང་ཆ་དཔང་ཡིག་སྟེང་གི་འཐུས་ཚབ་མི་སྣ་ཡིན་དགོས། སྔོན་གྱི་གཏན་འཁེལ་བྱས་པའི་འཐུས་ཚབ་མི་སྣ་ཚེ་ལས་འདས་སོང་བའམ་དམངས་དོན་ཚབ་ཆེན་བྱུང་བ། ཡང་ན་རྒྱུ་རྐྱེན་གཞན་གྱི་ཡུལ་དངོས་སུ་ཐོན་མ་ཐུབ་ན་ཞིང་བ་ཁྱིམ་མི་ཡོངས་ཀྱིས་མཉམ་དུ་འདེམས་བསྐོ་བྱེད་དགོས།

འགན་ལེན་ས་ཞིང་གི་རྒྱ་ཁྱོན་དངོས་ཡོད་རྒྱ་ཁྱོན་ལས་ཆུང་ན་ས་ཞིང་གི་བདག་དབང་སྐོར་གྱི་གནད་དོན།
2018-06-14 17:14:43  |  110.166.**.**     **   མཱ་ཧའེ། སྐུ་ཞབས།     དང་ལེན་བྱས་ནས་ལན་བཏབ་པ།
འགན་ལེན་ས་ཞིང་གི་རྒྱ་ཁྱོན་དངོས་ཡོད་རྒྱ་ཁྱོན་ལས་ཆུང་ན་ས་ཞིང་གི་བདག་དབང་ཅི་ལྟར་འགན་ལེན་བྱ་དགོས།
2018-06-14 17:16:55  | 

ས་ཞིང་འདེབས་འཛུགས་གོ་རིམ་ཁྲོད་འགན་ལེན་ས་ཞིང་གི་རྒྱ་ཁྱོན་དངོས་ཡོད་ས་ཞིང་འདེབས་འཛུགས་རྒྱ་ཁྱོན་ལས་ཆུང་བའི་གནས་ཚུལ་འདི་ལྟ་བུ། ས་ཞིང་འགན་ལེན་མཁན་ལ་འགན་ལེན་ས་ཞིང་གི་རྒྱ་ཁྱོན་དེ་དངོས་ཡོད་ས་ཞིང་གི་རྒྱ་ཁྱོན་བཞིན་ཆེ་རུ་གཏོང་དགོས། ས་ཞིང་བདག་དབང་གཏན་འཁེལ་ཐོ་འགོད་ཕྱིར་འགན་ལེན་མཁན་ལ་སྤྲོད་དགོས་ལ་འགན་ལེན་ས་ཞིང་ལས་བརྒལ་བའི་ས་ཞིང་བཙན་གྱིས་ཕྱིར་བསྡུ་མི་ཆོག

“ལྔ་སྐྱོང་ཁྱིམ་ཚང” གི་འགན་ལེན་ས་ཞིང་གི་བདག་དབང་གཏན་འཁེལ་ཐོ་འགོད་སྐོར་གྱི་གནད་དོན།
2018-05-21 10:25:27  |  110.166.**.**     **   ཞའོ་མ། སྐུ་ཞབས།     དང་ལེན་བྱས་ནས་ལན་བཏབ་པ།
ཐུན་མོང་གིས་འགན་གསོ་བྱེད་པའི“ལྔ་སྐྱོང་ཁྱིམ་ཚང” གི་འགན་ལེན་ས་ཞིང་གི་བདག་དབང་གཏན་འཁེལ་ཐོ་འགོད་བྱས་ཆོག་གམ།
2018-05-21 10:26:27  | 

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་སྡེའི་ས་ཞིང་འགན་ལེན་བཅའ་ཁྲིམས》སོགས་ཁྲིམས་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་ལྟར་ན། ཐུན་མོང་གིས་འགན་གསོ་བྱེད་པའི“ལྔ་སྐྱོང་ཁྱིམ་ཚང” གི་འགན་ལེན་ས་ཞིང“ལྔ་སྐྱོང་ཁྱིམ་ཚང” གི་འདོད་བློ་ལྟར་ས་ཞིང་བདག་དབང་གཏན་འཁེལ་ཐོ་འགོད་བྱས་ཏེ་དཔང་ཡིག་སྤྲོད་དགོས་ལ། དེ་མིན“ལྔ་སྐྱོང་ཁྱིམ་ཚང”གི་འགན་ལེན་ས་ཞིང་ཐུན་མོང་གི་ས་ཞིང་དུ་བཞག་ནས་བཙན་གྱིས་ཕྱིར་བླངས་མི་ཆོག

ན་གོར་མོའི་དགེ་རྒན་གྱི་ལས་ཀའི་ཐོབ་ཐང་སྐོར་གྱི་གནད་དོན།
2018-05-04 11:42:49  |  110.166.**.**     **   ཝང་ཞའོ་ཐའོ། སྐུ་ཞབས།     དང་ལེན་བྱས་ནས་ལན་བཏབ་པ།
ཉེ་ཆར་ན་གོར་མོ་སློབ་གསོ་ཅུའུ་ཡིས་ཕྱིན་ཆད་དགེ་རྒན་གྱི་ལས་ཀའི་ཐོབ་ཐང་དཔྱད་བསྡུར་བྱེད་སྐབས་ངེས་པར་དུ་རང་ཉིད་ཀྱིས་གཙོ་སྐྱོང་བྱས་པའི《 ན་གོར་མོའི་སློབ་གསོ》ཞེས་པའི་དུས་དེབ་སྟེང་རྩོམ་ཡིག་གཅིག་སྤེལ་དགོས་པའི་བླང་བྱ་བཏོན་ཏེ།རྫོང་རིམ་པའི་གྲོང་ཁྱེར་གྱི་སློབ་གསོའི་སྲིད་འཛིན་སྡེ་ཁག་ལ་འདི་ལྟ་བུའི་དབང་ཆ་ཡོད་དམ་མེད།
2018-05-04 11:47:30  |  ཞིང་ཆེན་སློབ་གསོ་ཐིན།

མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་བཅས་གྱི《མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ལས་ཀའི་ཐོབ་ཐང་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ལས་དོན་ལག་བསྟར་ཇུས་གཞི་པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》 ( མཚོ་སྔོན་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་སྤེལ་པའི〔 2016ལོ〕 ཡིག་ཨང86 པའི) ཡིག་ཆ་དེ2016ལོའི་ཟླ6པའི་ཚེས28ཉིན་ལ་པར་འགྲེམས་བྱས་ཏེ་ས་གནས་ཁག་གི་ལག་བསྟར་བྱས་པ་རེད།

ས་གནས་ཁག་གིས་ལས་ཀའི་ཐོབ་ཐང་དཔྱད་བསྡུས་བྱེད་སྐབས་གདེང་འཇོག་ཚད་གཞི་དེ《 མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཆེད་ལས་ལག་རྩལ་གྱི་ལས་ཀའི་ཐོབ་ཐང( གོ་གནས) གདེང་འཇོག་ཚད་གཞི》ལས་དམའ་མི་རུང་།  

 

ཞིང་སྡེའི་ཁྱིམ་ཐོ་མིན་ན་སྡེ་བའི་ས་ཞིང་གི་བདག་དབང་གཏན་འཁེལ་བྱེད་ཐུབ་བམ།
2018-04-09 14:37:38  |  110.166.**.**     མཚོ་ལྷ**   སྒྲོལ་མ་རྒྱལ། བུ་མོ།     དང་ལེན་བྱས་ནས་ལན་བཏབ་པ།
ཞིང་སྡེའི་ཁྱིམ་ཐོ་མིན་ན་སྡེ་བའི་ས་ཞིང་གི་བདག་དབང་གཏན་འཁེལ་བྱེད་ཐུབ་བམ།
2018-04-09 14:40:07  |  མཚོ་སྔོན་སྲིད་གཞུང་དྲ་བ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་སྡེའི་ས་ཞིང་འགན་ལེན་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་དྲུག་གི་གཏན་འབེབས་ལྟར་ན།   འགན་ལེན་དུས་སྐབས་ནང་འགན་ལེན་མཁན་ཕྱོགས་ཀྱི་ཁྱིམ་ཚང་ཡོངས་གྲོང་ཁྱེར་དུ་གནས་སྤོ་བྱས་ནས་ཁྱིམ་ཐོ་མཁར་གྲོང་ཁྱིམ་ཐོ་རུ་བསྒྱུར་ན་ས་ཞིང་ཕྱིར་སྤྲོད་དགོས་ཟེར།   ཡིན་ནའང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགྲེམས་སྤེལ་བྱས་པའི་ཡིག་ཆ〔2014〕ཨང་རྟགས25ལས་གཏན་འཁེལ་ལྟར་ན།    མཁར་གྲོང་ཁྱིམ་ཐོ་རུ་བསྒྱུར་ནའང་ས་ཞིང་དབང་ཆ་གཏན་འཁེལ་བྱས་ཆོག་པ་རེད་ཟེར།   ཡིག་ཆའི་གཏན་འབེབས་ལྟར་ན།  དེང་སྐབས་ས་ཞིང་འགན་ལེན་ཚོང་གཉེར་དབང་ཆ་དང་སྡོང་ཁང་རྟེན་གཞི་བཀོལ་སྤྱོད་དབང་ཆ།    སྤྱིའི་ཡོང་འབབ་བགོ་བྱའི་དབང་ཆ་ལས་འབུད་མི་ཆོག་པ་དེ་ཞིང་བ་མཁར་གྲོང་དུ་ཡོང་ནས་སྡོད་པའི་ཆ་རྐྱེན་ཡིན།     ཁྱིམ་ཚང་ཡོངས་གྲོང་ཁྱེར་དུ་གནས་སྤོ་བྱས་ནས་གྲོང་ཁྱེར་ཁྱིམ་ཐོ་རུ་བསྒྱུར་ནས་འགན་ལེན་ས་ཞིང་ཕྱིར་སྤྲད་པའམ་ཕྱིར་བླངས་ཡོད་ན་ས་ཞིང་བདག་དབང་གཏན་འཁེལ་ཐོ་འགོད་བྱས་མི་ཆོག        ཕྱིར་སྤྲད་མེད་པའམ་ཕྱིར་བླངས་མེད་ན་མི་རང་ཉིད་ཀྱི་འདོད་མོས་ལྟར་ཕྱིར་སྤྲོད་པར་འཐད་ན་ས་ཞིང་བདག་དབང་གཏན་འཁེལ་ཐོ་འགོད་བྱས་མི་ཆོག  ཕྱིར་སྤྲོད་པར་མི་འཐད་ན་ས་ཞིང་བདག་དབང་གཏན་འཁེལ་ཐོ་འགོད་བྱས་ཆོག་པ་རེད།

ལག་བརྒྱུད་ཁང་བ་ཉོ་འཚོང་བྱེད་སྐབས་ཁྲལ་བསྡུ་གང་དག་ལ་འབྲེལ་བ་ཡོད་དམ།
2018-03-22 11:16:04  |  110.166.**.**     **   སྤེན་པ། སྐུ་ཞབས།     དང་ལེན་བྱས་ནས་ལན་བཏབ་པ།
ལག་བརྒྱུད་ཁང་བ་ཉོ་འཚོང་བྱེད་སྐབས་ཁྲལ་བསྡུ་གང་དག་ལ་འབྲེལ་བ་ཡོད་དམ།
2018-03-22 14:30:35  | 

2ཁྲལ་བསྡུའི་ཚད་གཞི།  

(1)སྨི་གྲུ་བཞི་མ90དང་དེའི་མན(སྨི་གྲུ་བཞི་མ90ཡང་འདུ) ཁྱིམ་ཚང་གི་སྡོད་ཁང་གཅིག་པུ་དང་ཁྱིམ་ཚང་གིས་ཉོས་པའི་སྡོད་ཁང་གཉིས་ཀྱི་གན་རྒྱའི་དཔྱ་ཁྲལ1%ཡིན། སྨི་གྲུ་བཞི་མ90ཡན་གྱི་ཁྱིམ་ཚང་གི་སྡོད་ཁང་གཅིག་པུའི་གན་རྒྱའི་དཔྱ་ཁྲལ1.5%ཡིན། ཁྱིམ་ཚང་གིས་ཉོས་པའི་སྡོད་ཁང་གཉིས་ཀྱི་གན་རྒྱའི་དཔྱ་ཁྲལ2%ཡིན།  ཁྱིམ་ཚང་གིས་ཉོས་པའི་སྡོད་ཁང་གསུམ་ཡན་གྱི་གན་རྒྱའི་དཔྱ་ཁྲལ3%ཡིན།  

(2) མི་སྒེར་གྱིས་ཉོས་པའི་སྡོད་ཁང་ལོ་ལྔ་ལོན་མེད་པ་དང་ཡང་ན་ཁྱིམ་ཚང་གི་སྡོད་ཁང་གཅིག་པུ་མ་ཡིན་པའི་དཔྱ་ཁྲལ1%ཡིན། ལོ་ལྔ་ལོན་ཡོད་པའི་ཁྱིམ་ཚང་གི་སྡོད་ཁང་གཅིག་པུ་ཅན་ལ་མི་སྒེར་གྱི་དཔྱ་ཁྲལ་གནས་སྐབས་ཀྱིས་རིན་མེད་ཡིན།

(3) ལོ་གཉིས་ལོན་མེད་པའི་ཉོ་འཚོང་སྡོད་ཁང་གིས་ཁྲལ་བསྡུ5.6%གནས་ཐང་འཕར་ཁྲལ་དང་ཁ་གསབ་སྤྲོད་དགོས།  ལོ་གཉིས་ལོན་ཡོད་པའི་ཁང་བའི་གནས་ཐང་འཕར་ཁྲལ་དང་ཁ་གསབ་རིན་མེད་ཡིན།

ཡུལ་ཤུལ་རྟ་རྒྱུག་དུས་ཆེན་ངོ་སྤྲོད་གནང་རོགས།
2018-03-08 11:32:59  |  110.166.**.**     **   སངས་རྒྱས། སྐུ་ཞབས།     བདག་སྤྲོད་ཟིན་ནས་འབྲེལ་ཡོད་སྡེ་ཁག་ལ་བརྒྱུད་སྤྲོད་བྱེད་སྒང་ཡིན།།
ཡུལ་ཤུལ་རྟ་རྒྱུག་དུས་ཆེན་ངོ་སྤྲོད་གནང་རོགས།
མི་གང་དག་གིས་སྤྱི་ཚོགས་རོགས་སྐྱོབ་ལ་སྙན་ཞུ་འབུལ་ཆོག
2018-02-09 16:38:24  |  110.166.**.**     **   བཀྲ་ཤིས། སྐུ་ཞབས།     དང་ལེན་བྱས་ནས་ལན་བཏབ་པ།
མི་གང་དག་གིས་སྤྱི་ཚོགས་རོགས་སྐྱོབ་ལ་སྙན་ཞུ་འབུལ་ཆོག
2018-03-08 10:59:22  | 

སྤྱི་ཚོགས་རོགས་སྐྱོབ་ལ་སྨན་ཁང་ནད་སྡོད་ཀྱི་རོགས་སྐྱོབ་དང་གནས་སྐབས་ཀྱི་རོགས་སྐྱོབ་ཅེས་རིགས་གཉིས་ཡོད།

གཅིག   སྨན་ཁང་ནད་སྡོད་རོགས་སྐྱོབ་ཀྱི་རོགས་སྐྱོབ་བྱ་ཡུལ། དེ་ནི་སོ་སོ་སྡོད་སའི་གྲོང་ཁྱེར་དེའི་ཐེམ་ཐོ་ཡོད་པའི་སྡོད་དམངས་ཡིན།

གཉིས། གནས་སྐབས་རོགས་སྐྱོབ། འདིས་གློ་བུར་དུ་བྱུང་བ་དང་། གནས་སྐབས་སུ་བྱུང་བའི་དོན་རྐྱེན་ལ་བརྟེན་ནས་དཀའ་ངལ་ཆེན་པོ་ཆགས་པའི་ཁྱིམ་ཚང་ངམ་མི་སྒེར་ལ་རོགས་སྐྱོབ་བྱེད་པ་ཡིན། རོགས་སྐྱོབ་ཀྱི་ཚད་གཞི་ནི། སྙུང་གཞི་ལྕི་མོར་སྨན་བཅོས་ཀྱི་འགྲོ་གྲོན་འབོར་ཆེན་སོང་བའི་དབང་གིས་ཁྱིམ་ཚང་གི་འཚོ་བར་དཀའ་ངལ་ཆེན་པོ་བྱུང་བ་ཡིན་དགོས་ལ། སྨན་བཅོས་ཀྱི་རིང་དུ་མི་སྒེར་ནས་སྨན་བཅོས་ལ་འགྲོ་སོང་བཏང་བའི་ཆ་དེ་དང་།  འབྲེལ་ཡོད་སྡེ་ཚན་གྱིས་རྩིས་སྤྲོད་བྱས་པའི་སྨན་བཅོས་ཀྱི་གྲོན་དངུལ་དག་འཐེན་རྗེས། ལྷག་མ་རྣམས་ཟླ་བ་གསུམ་ནས་བཅུ་གཉིས་ཀྱི་དུས་ཡུན་ལྟར་རོགས་སྐྱོབ་གཏན་འཁེལ་བྱེད་ཆོག་མོད་ཀྱང་།  རོགས་སྐྱོབ་ཀྱི་འགྲོ་སོང་དེ་མི་སྒེར་གྱིས་ཁག་འགན་དུ་ལེན་ཐུབ་པའི་འགྲོ་སོང་གི་སྤྱིའི་འབོར་ལས་བརྒལ་མི་རུང་བ་ལ།  ཆེས་མང་ན་ཡང་སྒོར་ཁྲི༢༠༠༠༠ལས་རོགས་སྐྱོབ་ཐུབ་ཀྱིན་མེད།

དེ་ལ་སྙན་ཞུ་འབུལ་ན།  གནས་སྐབས་རོགས་སྐྱོབ་ཀྱི་ཆ་རྐྱེན་དང་མཐུན་པའི་ཁྱིམ་ཚང་དཀའ་ངལ་ཅན་ནམ་མི་སྒེར་གྱིས་སོ་སོའི་ཐེམ་ཐོ་ཡོད་སའི་ཤང་དང་གྲོང་རྡལ་གྱི་མི་དམངས་སྲིད་(སྲང་ལམ་དོན་གཅོད་ཁང་)ལ་གནས་སྐབས་རོགས་སྐྱོབ་བྱེད་དགོས་ཀྱི་སྙན་ཞུ་འབུལ་ཆོག  

གོང་གསལ་གྱི་རོགས་སྐྱོབ་གང་རུང་ལ་སྙན་ཞུ་བྱེད་དུས། སྙན་ཞུ་མཁན་གྱིས་ཐེམ་ཐོའི་བསྐྱར་དཔར་དང་།  ཐོབ་ཐང་ལག་འཁྱེར་གྱི་བསྐྱར་དཔར།  འབུལ་བྱའི་སྙན་ཞུ།   དེ་བཞིན་དགོས་ངེས་ཀྱི་རྒྱུ་ཆ་གཞན་དག་འཁྱེར་དགོས།

 མི་ཚང་དབུལ་བོར་ནད་ལྕི་མོ་ཕོག་དུས་སྒོ་བསྟེན་ཁང་གི་རོགས་སྐྱོབ་སྲིད་ཇུས་ནི་གང་ཡིན།
2018-01-23 11:07:35  |  110.166.**.**     **   ཐུབ་བསྟན། སྐུ་ཞབས།     དང་ལེན་བྱས་ནས་ལན་བཏབ་པ།
 མི་ཚང་དབུལ་བོར་ནད་ལྕི་མོ་ཕོག་དུས་སྒོ་བསྟེན་ཁང་གི་རོགས་སྐྱོབ་སྲིད་ཇུས་ནི་གང་ཡིན།
2018-01-23 11:07:55  | 

མི་ཚང་དབུལ་བོར་དྲག་པོའི་རང་བཞིན་གྱི་འབྲས་སྐྲན་ནད་ལ་རྫས་འགྱུར་ནད་བཅོས་དང་། དལ་བའི་རང་བཞིན་གྱི་མཁལ་མའི་ནུས་པ་ཉམས་གསོ་སྨན་བཅོས། མཁལ་མའི་དབང་བོ་སྤོ་འཇུག་རྗེས་ཀྱི་སྨན་བཅོས་། ཁྲག་འཛར་ནད་སོགས་ནད་གཞི་དྲག་པོའི་སྐོར་ལ་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་དུས། སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པའི་སྲིད་ཇུས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་སྨན་བཅོས་ཀྱི་འགྲོ་གྲོན་དག་གཞི་རྩའི་སྨན་བཅོས་འགན་སྲུང་དང་། སྙུང་གཞི་དྲག་པོའི་ཉེན་འགོག་འགན་སྲུང་གཉིས་ནས་འགྲོ་སོང་རྩིས་ཞུ་བྱས་རྗེས། དེའི་འཕྲོར་ལྷག་པའི་འགྲོ་གྲོན་དེ་བརྒྱ་ཆའི་བརྒྱད་ཅུ་ཡི་ཚད་གཞི་ལྟར་སྨན་བཅོས་རང་ངོས་ནས་རོགས་སྐྱོབ་བྱེད་པ་རེད་ལ། རྒྱལ་ཁབ་ཀྱིས་དམིགས་སུ་བཀར་བའི་མི་ཚང་དབུལ་བོར་བརྒྱ་ཆའི་བརྒྱ་ཡི་རོགས་སྐྱོབ་ཡོད་པ་དང་། སྒོ་བསྟེན་སྨན་ཁང་ལ་དེ་སྐོར་ནས་མི་རེར་ལོ་རེར་རོགས་སྐྱོར་མ་དངུལ་སྒོར་ཁྲི་རེ་ཡོད་པ་རེད།

རྒྱལ་ཁབ་ཀྱིས་གནང་སྦྱིན་བྱས་པའི་བྱིས་པའི་འཚོ་བཅུད་དེ་གང་ནས་ལེན་ཐུབ།
2018-01-23 11:05:15  |  110.166.**.**     **   ཟླ་བ། སྐུ་ཞབས།     དང་ལེན་བྱས་ནས་ལན་བཏབ་པ།
རྒྱལ་ཁབ་ཀྱིས་གནང་སྦྱིན་བྱས་པའི་བྱིས་པའི་འཚོ་བཅུད་དེ་གང་ནས་ལེན་ཐུབ།
2018-01-23 11:06:29  | 

  ས་གནས་དེའི་གྲོང་ཚོའི་འཕྲོད་བསྟེན་ཁང་ངམ་ཡང་ན་འཕྲོད་བསྟེན་གླིང་ནས་ལེན་ཐུབ།

དམིགས་བསལ་ལས་གནས་དགེ་རྒན་གྱི་ཟླ་ཕོགས་ཐད་ཀྱི་གནད་དོན།
2018-01-11 11:35:33  |  110.166.**.**     **   ཅཱ་ཧའོ་ལན། སྐུ་ཞབས།     དང་ལེན་བྱས་ནས་ལན་བཏབ་པ།
ང་ནི་དམིགས་བསལ་ལས་གནས་ཀྱི་གནས་དགེ་རྒན་ཞིག་ཡིན། ཡིག་ཆ་ལྟར་ན་དམིགས་བསལ་ལས་གནས་ལ་ལས་གནས་འདྲ་བ་ལ་ཐོབ་ཆ་འདྲ་བ་ཡིན་ཟེར། ཡིན་ནའང་ད་ལོའི་ཟླ3པ་ནས་ད་ལྟའི་བར་དུ་ང་ཚོ་དམིགས་བསལ་ལས་གནས་དགེ་རྒན་གྱི་ཟླ་ཕོགས་གཅིག་ཀྱང་མ་འཕར།
0001-01-01 00:00:00  | 
སྤྱི་ཚོགས་འགན་སྲུང་གི་བྱང་བུ་ཐད་ཀྱི་གནད་དོན།
2017-12-18 16:44:25  |  110.166.**.**     **   ཏའོ་ཧའེ་ཅུན། སྐུ་ཞབས།     དང་ལེན་བྱས་ནས་ལན་བཏབ་པ།
ངའི་སྤྱི་ཚོགས་འགན་སྲུང་བྱང་བུ་ལོ་གཉིས་འགོར་ཡང་ད་དུང་སྒྲུབ་ཐུབ་མེད་པས་དུས་ཡུན་ག་ཚོད་སྒུག་ན་ངའི་སྤྱི་ཚོགས་འགན་སྲུང་གི་བྱང་བུ་ལེན་ཐུབ།
2017-12-18 17:00:02  | 

ཏུའོ་ཧུའེ་ཅུན་ཁྱོད་བདེ་མོ། ཁྱེད་ཀྱིས་བཏོན་པའི་སྤྱི་ཚོགས་འགན་སྲུང་བྱང་བའི་གནད་དོན་ང་ཚོས་ཤེས་རྗེས།  ངེད་ཅུས་ཀྱིས་ཚད་མཐོའི་མཐོང་ཆེན་དང་། ཆ་འཕྲིན་མ་ལག་བདེན་མིན་ཞིབ་དཔྱད་བྱས་མཐར་ལན་འདི་སྤྲད་པ་གཤམ་གསལ། 2015 ལོའི་ཟླ9 པར་སྤྱི་ཚོགས་འགན་སྲུང་བྱང་བུར་གྲངས་འབོར་བཟོ་སྐབས་འགན་སྲུང་ནང་ཞུགས་མཁན་དེ་དམག་སྐུལ་དང་ལེན་བྱས་པའི་དབང་གིས་ཆ་འཕྲིན་མ་ལག་ནང་འགན་སྲུང་ཁྲོད་ཞུགས་མཁན་གྱི་ཆ་འཕྲིན་མེད་པས་ཆ་འཕྲིན་ལེན་མི་ཐུབ་པས་སྤྱི་ཚོགས་འགན་སྲུང་བྱང་བུ་བཟོ་མ་ཐུབ་པ་ཡིན།  འགན་སྲུང་ནང་ཞུགས་མཁན་གྱིས2016ལོའི་ཟླ3པར་ལས་ཀ་སྒྱུར་ཏེ་གྲོང་བརྡལ་གྱི་ལས་བཟོ་བའི་སྨན་བཅོས་འགན་སྲུང་ཁྲོད་ཞུགས་ནས་རིམ་པ་གཉིས་པའི་རིམ་པ་ཁ་བའི་ཐོབ་ཐང་ལོངས་སུ་སྤྱད་འདུག    2017ལོའི་ཟླ5བའི་ཚེས26ཉིན་ལ་ཆ་འཕྲིན་བསྡུ་ལེན་བྱས་རྗེས་མཚོ་ཤར་གྱི་མ་རྩ་བདག་གཉེར་ཆ་འཕྲིན་མ་ལག་ཁྲོད་ཡིག་ཐོག་སྙན་སེང་ཞུས་པ་ཡིན།  2017ལོའི་ཟླ7བའི་ཚེས27ཉིན་ལ་ཐོ་ཁུངས་བཙུགས་ཟིན་པས།  ད་ལྟ་གོ་རིམ་ལྟར་བྱང་བུ་བཟོ་བཞིན་ཡོད་ལ།  བྱང་བུ་སྐོར་ཐེངས་ཨང་གྲངས་ནི16354ཡིན།  བྱང་བུ་བཟོས་ཚར་རྗེས་མཚོ་ཤར་གྲོང་ཁྱེར་ལ་སྤྲོད་རྒྱུ་ཡིན་པས་འགན་སྲུང་བྱང་བུ་དུས་ཐོག་ཏུ་ཁྱེད་ཀྱི་ལག་ཏུ་འབྱོང་ངེས་ཡིན།


ལུང་མདོ་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ།

2017ལོའི་ཟླ8པའི་ཚེས28ཉིན།

 

རྒྱུགས་ལེན་མིང་ཐོ་འགོད་རིན་གསབ་སྤྲོད་ཐད་ཀྱི་རེ་ཞུ།
2017-12-11 11:25:46  |  110.166.**.**     **   བློ་མཐུན་མའོ། སྐུ་ཞབས།     དང་ལེན་བྱས་ནས་ལན་བཏབ་པ།
ང་རང2016ལོར་ཐོག་དང་བོར་རིམ་པ་དང་པོའི་འཛུགས་སྐྲུན་པའི་རྒྱུགས་ལ་ཞུགས་པ་ཡིན། ན་ནིང་རྒྱུགས་ལེན་དུས་ཚོད་ཟླ་བདུན་པར་སྤྱི་བསྒྲགས་བྱས་རྗེས་ངས་རྒྱུགས་ཞུགས་དངུལ་སྤྲོད་པའི་དུས་ཚོད་ནོར་ཏེ་རྒྱུགས་ལ་ཞུགས་མ་ཐུབ། གཏན་འབེབས་ལྟར་ན་རྒྱུགས་ལེན་མིང་ཐོ་འགོད་རིན་གསབ་སྤྲོད་བྱས་ཆོག་པས་གསབ་སྤྲོད་བྱས་ན་ཆོག་གམ།
2017-12-11 11:26:37  |  མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན།

ཁྱེད་བདེ་མོ།  ཁྱེད་ཀྱིས་བཏོན་པའི་གནས་ཚུལ་གྱི་གསལ་བཤད་གཤམ་གསལ་ལྟར།   རང་ཞིང་གི་མིང་ཐོ་འགོད་པའི་དུས་ཚོད2017ལོའི་ཟླ6པའི་ཚེས19ཉིན་ནས་ཟླ6པའི་ཚེས28ཉིན་བར་ཡིན།   ཐོབ་ཐང་ཞིབ་བཤེར་དུས་ཚོད2017ལོའི་ཟླ5པའི་ཚེས19ནས་ཚེས29ཡིན་ལ།  སྒོར་མོ་སྤྲོད་པའི་དུས་ཚོད2017ལོའི་ཟླ6པའི་ཚེས19ཉིན་ནས་ཚེས30བར་ཡིན།    རྒྱུགས་ཞུགས་མིང་ཐོ་འགོད་རིན་མཚོ་སྔོན་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིན་ལས་གཉེར་ཐོབ་ཐང་ཐོ་འགོད་ལྟེ་གནས་ཀྱིས་འགན་ཁུར་བཞིན་ཡོད་ལ་མིང་ཐོ་འགོད་རིན་བསྡུ་བའི་བྱ་བ་ཡང་ཡོངས་སུ་མཇུག་རྫོགས་ཟིན་པས།  ཞིང་ཆེན་མི་དོན་རྒྱུགས་ལེན་ལྟེ་གནས་ཀྱིས་ཁྱེད་ལ་རྒྱུགས་ལེན་གསབ་ཞུགས་དང་མིང་ཐོ་འགོད་རིན་གསབ་སྤྲོད་བྱེད་ཐབས་མི་འདུག  ཁྱེད་ཀྱིས་རྗེས་མའི་རྒྱུགས་ལེན་མིང་ཐོ་འགོད་པའི་དུས་ཚོད་ལ་དོ་ཁུར་བྱེད་རྒྱུ་གལ།  

མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ལྟེ་གནས།

2017ལོའི་ཟླ7པའི་ཚེས14ཉིན།


མཁར་བྱང་ཁུལ་ཡོན་ཞིན་སྡོད་ཁུལ་གྱི་དྲོད་སྦུག་ཞིག་གསོ་ཐད་ཀྱི་གནད་དོན།
2017-12-08 10:53:51  |  110.166.**.**     **   བློ་མཐུན་མེན། སྐུ་ཞབས།     དང་ལེན་བྱས་ནས་ལན་བཏབ་པ།
གུར་འོས་པའི་མགོ་ཁྲིད་རྣམ་པ། འབྲེལ་ཡོད་ཨར་ལས་ལས་ཁུངས་ཀྱིས་བརྐོས་པའི་ས་ནས་དགུན་ཁར་རང་འབབ་ཆུ་སྦུག་ལ་སྐྱོན་ཞུགས་པར་ཉེན་ཁ་ཆེ་བས། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དག་གིས་ཐག་གཅོད་བྱེད་རྒྱུ་མཁྱེན།
2017-12-08 10:54:50  |  ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ཞའོ་ཆའོ་སྲང་ལམ་ཆེ་བའི་ལས་སྒྲུབ་ཁང་།

 བློ་མཐུན་མེན་ཁྱེད་བདེ་མོ།  ཁྱེད་ཀྱིས་ང་ཚོར་བཏོན་པའི་གནད་དོན་གྱི་དྲིས་ལན་གཤམ་གསལ་ལྟར།  དྲོད་སྦུག་དུས་ཡུན་རིང་བོ་ཞིག་ལ་ཆུ་ནང་ལ་བཞག་ནས་དྲོད་རླངས་རྒྱུན་ལྡན་ལྟར་འདོན་སྤྲོད་བྱེད་མི་ཐུབ་པའི་གནད་དོན་རྩ་བ་ནས་ཐག་གཅོད་བྱ་ཆེད།   ཡོན་ཞིན་སྡོད་ཁུལ་གྱིས་ཁྱིམ་བདག་གྲོས་ཚོགས་བསྡུས་ཏེ་ཁང་བ་ཞིག་གསོ་བྱེད་དངུལ་དེ་དྲོད་སྦུག་ཞིག་གསོ་བྱེད་བསྐྱེད་བྱེད་པར་ཐག་གཅོད་བྱས་པ་མ་ཟད་སྤྱི་བསྒྲགས་བྱས།  དྲོད་སྦུག་ཞིག་གསོ་ལས་གཞི2017ལོའི་ཟླ5བའི་ཚེས21ཉིན་མགོ་བརྩམས་པ་ཡིན་ལ་།དུས་མཚུངས་སུ་གཅིག་ཐོག་ནས་ལྔ་ཐོག་བར་གྱི་ཁྱིམ་ཚང་གི་ལག་ནས་ཞིག་གསོ་ཆེ་བའི་གྲོན་དངུལ་བླངས་པ་རེད།  གྲོན་དངུལ་བྱིན་ཟིན་པའི་ཁྱིམ་ཚང120ཡོད་ལ་ད་རུང་ཁྱིམ་ཚང150གྲོན་དངུལ་སྤྲད་མེད། ཨར་ལས་སྒོར་མོ་དུས་ལྟར་སྟེར་མ་ཐུབ་པས་ཟླ8པའི་ཚེས1ཉིན་ལས་མཚམས་བཞགས་ཏེ་གྱིང་ངོས་སུ་ཡི་གེ་སྦྱར་ཏེ་གསལ་འདེབས་བྱས། སྡོད་ཁུལ་ཨུ་ཡོན་ལྷན་ཁང་གིས་སྡེ་ལས་ཀུང་ཟིར་སྒོར་ཁྲི་གཉིས་ལྷག་བྱིན་རྗེས་ཟླ8པའི་ཚེས18ཉིན་ཡང་བསྐྱར་ལས་མགོ་བརྩམས།  ཨར་ལས་ཀྱིས་བཟོས་པའི་དྲོད་སྦུག་ཆུ་ནང་ལ་ཕང་ཡོད་པའི་གནས་ཚུལ་དེར་གཅིག་ནས་ལས་མགོ་བརྩམས་ནས་ཟླ་གཉིས་ལྷག་ལ་གནད་དོན་བྱུང་མ་མྱོང་ལ། གཉིས་ནས་གལ་ཏེ་གནད་དོན་བྱུང་ཚེ་ཨར་ལས་ཀུང་ཟི་ཕྱོགས་ནས་དུས་ལྟར་ཞིག་གསོ་བྱེད་པར་འགན་ལེན་བྱས་ཆོག་པས་ཁྱིམ་ཚང་ལ་ཆུ་ཆད་པའི་གནད་དོན་འབྱུང་མི་སྲིད།  

བཟོ་སྐྲུན་ཨར་ལས་རིགས་ཀྱིས་མཐོ་རིམ་ལས་མིང་ལེན་ཐུབ་བམ།
2017-11-15 17:24:34  |  110.166.**.**     མཚོ་ལྷ**   ཚེ་རིང་རྡོ་རྗེ། སྐུ་ཞབས།     དང་ལེན་བྱས་ནས་ལན་བཏབ་པ།
བཟོ་སྐྲུན་ཨར་ལས་རིགས་ཀྱིས་མཐོ་རིམ་ལས་མིང་ལེན་ཐུབ་བམ།
2017-11-15 17:30:10  |  མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན།

དྲ་གྲོགས་བདེ་མོ།  ཁྱེད་ནས་ངེད་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཆེད་ལས་རྩལ་ནུས་ཁྲུའུ་ཡི་ཁ་པར་ཨང་གྲངས0971-8258150ལ་ཁ་པར་བཏང་ནས་རྩད་འདྲི་གསལ་བོ་བྱས་ཆོག   ཐུགས་རྗེ་ཆེ།

མཚོ་སྔོན་གྱི་ལས་ལམ་གསར་འབྱེད་གླིང་ཁུལ་དུ་བསྡད་ཆོག་གམ།
2017-11-14 10:35:59  |  110.166.**.**     **   ཚེ་རྡོ། སྐུ་ཞབས།     དང་ལེན་བྱས་ནས་ལན་བཏབ་པ།
མཚོ་སྔོན་ལས་ལམ་གསར་འབྱེད་གླིང་ཁུལ་གྱི་ས་གནས་གང་དུ་ཡོད་དམ། ང་ཚོ་ནི་སྤོ་འགུལ་སྦྲེལ་དྲ་ལས་མཁན་ཞིག་ཡིན། ལས་ལམ་སོ་མ་འགོ་རྩམས་པའི་དུས་རིམ་ཡིན་པའི་ང་ཚོ་གླིང་ཁུལ་དུ་བསྡད་ཆོག་གམ།
2017-11-14 10:37:31  |  གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུ།

ཁྱེད་བདེ་མོ། ཁྱོས་བཏོན་པའི་མཚོ་སྔོན་ན་གཞོན་ལས་ལམ་གསར་འབྱེད་གླིང་ཁུལ་གྱི་ས་གནས་གང་དུ་ཡོད་པ་དང་། ང་ཚོ་ནི་སྤོ་འགུལ་སྦྲེལ་དྲ་ལས་མཁན་ཡིན་ལ། སོ་མ་འགོ་རྩམས་པའི་དུས་རིམ་ཡིན་པའི་ང་ཚོ་གླིང་ཁུལ་དུ་འདུག་ཆོག་མིན་སྐོར་གྱི་ནང་དོན་དེ་ང་ཚོར་འབྱོར་ཡོད། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུས་ལན་བསྐྱོན་པ་གཤམ་གསལ་ལྟར།

  གཅིག མཚོ་སྔོན་ན་གཞོན་ལས་ལམ་གསར་འབྱེད་ས་གནས་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་སྐྱེ་དངོས་གླིང་ཁུལ་གྱི་ཅིན་སི་ལམ་གྱི་སྒོ་ཨང26པའི་ ཁང་བརྩེགས10རུ་ཡོད།

  གཉིས། མཚོ་སྔོན་ན་གཞོན་ལས་ལམ་གསར་འབྱེད་གླིང་ཁུལ་དུ་ཞུགས་པའི་ཆ་རྐྱེན་ནི།

  1.ཁེ་ལས་ཁྲིམས་མིའི་ལོ་ཚོད་ནི་ལོ18-40བར་ཡིན་དགོས།

  2. ངེས་པར་དུ་ཁེ་ལས་ལས་གཞིའི་དངོས་གཞི་ཆ་རྐྱེན་འཛོམས་དགོས།

  3.ཁེ་ལས་ཁྲིམས་མིའི་སློབ་གཉེར་གོ་རིམ་ནི་ཆེད་སྦྱོང་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་ཡན་ཡིན་དགོས།

  གསུམ། མཚོ་སྔོན་ན་གཞོན་ལས་ལམ་གླིང་ཁུལ་གྱི་བྱ་བའི་མི་སྣ་དང་འབྲེལ་གཏུགས་བྱ་ཐབས་ནི། 0971-8062135

  བཞི། ཁྱེད་རང་གློག་རྡུལ་ཚོང་དོན་གྱི་ལས་ལམ་གསར་འབྱེད་པ་ཞིག་ཡིན་ཚེ། མཚོ་སྔོན་ཁྲོ་ཡཱང་རྒྱལ་ཁབ་གློག་རྡུལ་ཚོང་དོན་དཔེ་སྟོན་རྟེན་གཞི་རུ་འབྲེལ་གཏུགས་བྱས་ན་བཟང་སྙམ།

  ས་གནས། མཚོ་སྔོན་ཞིང་ཆེན་ཟི་ལིང་མཁར་བྱང་ཁུལ་གྱི་ཁྲོ་ཡཱང་ནུབ་ལམ་གྱི་སྒོ་ཨང52པ། (ཐིན་ཅོན་ཟམ་པའི་འོག)

  འབྲེལ་གཏུགས་མི་སྣ། ཞབས་ཞུ་དོ་དམ་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་ཧྥིང་ཧོང། ལག་ཁྱེར་ཁ་པར། 13997222392