གནས་ཚུལ་ག་འདྲའི་འོག་ནར་མ་སོན་པའི་མིར་ཡུན་རིང་ལྟ་སྐྱོང་གི་འགན་འཁུར་དགོས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མིའི་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས》ཀྱི་དོན་ཚན36པའི་གཏན་འཁེལ་ལྟར་ན། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན་དམངས་སྲིད་སྡེ་ཁག་གིས་བཅའ་ཁྲིམས་ལྟར་ནར་མ་སོན་པའི་མིར་ཡུན་རིང་ལྟ་སྐྱོང་བྱ་དགོས་པ་སྟེ།

(གཅིག) ནར་མ་སོན་པའི་མིའི་ཕ་མའམ་ལྟ་སྐྱོང་པ་གཞན་དག་འཚོལ་མི་ཐུབ་པ།

(གཉིས) ལྟ་སྐྱོང་པ་ཤི་བའམ་ཤི་བའི་ཁྱབ་བསྒྲགས་བྱས་པར་མ་ཟད། ལྟ་སྐྱོང་པ་བྱེད་མཁན་གཞན་དག་ཀྱང་མེད་པ།

(གསུམ) ལྟ་སྐྱོང་པའི་ལྟ་སྐྱོང་བྱེད་ནུས་ཤོར་བར་མ་ཟད། ལྟ་སྐྱོང་པ་བྱེད་མཁན་གཞན་དག་ཀྱང་མེད་པ།

(བཞི) མི་དམངས་ཁྲིམས་ཁང་གིས་ལྟ་སྐྱོང་པའི་ཐོབ་ཐང་ཕྱིར་འཐེན་བྱ་རྒྱུའི་ཁྲིམས་གཅོད་བྱས་པར་མ་ཟད། དམངས་སྲིད་སྡེ་ཁག་གིས་ལྟ་སྐྱོང་པ་བྱེད་པར་དམིགས་འཛུགས་ཀྱང་བྱ་རྒྱུ།

(ལྔ) བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་གནས་ཚུལ་གཞན་དག་བཅས་ཡིན་ཞེས་བཀོད་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།