ཟླ9པའི་ཚེས3ཉིན་ནས་ཚེས4ཉིན་བར་རང་ཞིང་གི་ཤར་ཕྱོགས་ས་ཁུལ་དུ་ཆར་ཞོད་ཆེན་པོ་ནས་དྲག་ཆར་འབབ་རྒྱུ་དང་། ས་ཆ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་ཞིང་ཆེན་གནམ་གཤིས་ལས་ཁུངས་ཀྱིས་ཟླ9པའི་ཚེས2ཉིན་གྱི་ཆུ་ཚོད15དང་སྐར་མ30ཡི་ཐོག་དྲག་ཆར་གྱི་ཉེན་བརྡ་སེར་པོ་བརྒྱབ་ཡོད་དེ།    སྔོན་དཔག་བྱས་ན་ཟླ9པའི་ཚེས2ཉིན་གྱི་ཆུ་ཚོད16ནས་ཚེས3ཉིན་གྱི་ཆུ་ཚོད16བར་ཐེམ་ཆེན་དང་།    དབུས་ལམ།    གཏེར་ལམ།    རྐང་ཚ།    གསེར་ཆེན།    འབའ་རྫོང་།     ཁྲི་ཀ    ཐུན་རིན།    གཅན་ཚ་སོགས་ས་ཁུལ་གྱི་ཤང་དང་གྲོང་རྡལ་ཁག་ཅིག་ལ་ཆར་ཞོད་ཆེན་པོ་འབབ་རྒྱུ་སྟེ།  རིམ་རྩིས་བྱས་ན་ཆར་ཆུ་འབབ་ཚད་ཧའོ་སྨི50ཡན་ལ་བསླེབ་སྲིད།       ཆར་ཆེན་དེ་གཙོ་བོ་ཚེས2ཉིན་གྱི་ཕྱི་དྲོའི་བར་ནས་མཚན་མོ་བར་དུ་ཡོད་ཅིང་།    ཆར་ཆུང་བ་ནས་ཆེ་ཤོས་ནི་ཧའོ་སྨི20ནས35བར་ལ་བསླེབ་སྲིད།   མཚམས་མཚམས་སུ་དུས་ཐུང་གི་དྲག་ཆར་དང་།    སེར་བ་འབབ་རྒྱུ་མ་ཟད།     འཁྲུག་ལྡིར་གློག་འཁྱགས་དང་རླུང་ཆེན་ལྡིང་བ་ལ་སོགས་གཏད་རྒྱུག་དྲག་པོའི་གནམ་གཤིས་འབྱུང་རྒྱུ་ཡིན་པས།       རི་ཉིལ་དང་འདམ་རྡོ་རུད་པ།    ཆུ་བོ་འབྲིང་ཆུང་གི་ཆུ་ལོག     གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཞོད་སྐྱོན་སོགས་ཞོར་ཐོན་གནོད་འཚེ་བྱུང་བའི་གནམ་གཤིས་ཀྱི་ཉེན་ཁ་ཧ་ཅང་ཆེ་བས་དོགས་ཟོན་ནན་མོ་གནང་རོགས།    

ཚ་ཁུལ་ཕལ་བའི་མཐོ་གནོན་ཤར་མཐའ་ཕྱིར་འཐེན་གྱི་ཤུགས་རྐྱེན་འོག  སྔོན་དཔག་བྱས་ན་ཟླ9པའི་ཚེས3ནས་ཚེས4ཉིན་བར་རང་ཞིང་གི་ཤར་རྒྱུད་ས་ཁུལ་དུ་ཆར་བ་ཆེན་པོ་ནས་དྲག་ཆར་ཆེན་པོ་འབབ་རྒྱུ་དང་།    ས་ཆ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།    རིམ་རྩིས་བྱས་ན་ཆར་ཆུ་འབབ་ཚད་ཧའོ་སྨི30ནས80བར་དང་ས་ཆ་ཁ་ཤས་སུ་ཧའོ་སྨི100ནས120བར་ལ་བསླེབ་སྲིད།    སྔོན་དཔག་བྱས་ན་ཟླ9པའི་ཚེས3ནས་ཚེས4ཉིན་བར་རང་ཞིང་གི་ཤར་རྒྱུད་ས་ཁུལ་དུ་དྲག་ཆར་ཆེན་པོ་འབབ་རྒྱུ་དང་།     ཆར་ཆུ་དྲག་པོ་དེ་གཙོ་བོ་ཚེས3ཉིན་གྱི་མཚན་མོ་ནས་ཚེས4ཉིན་གྱི་ཉིན་མོ་བར་ཡོད།    མཚམས་མཚམས་སུ་དུས་ཐུང་གི་ཆར་ཆུ་དྲག་པོ་འབབ་རྒྱུ་མ་ཟད།    འབྲུག་ལྡིར་གློག་འཁྱགས་དང་རླུང་ཆེན།     སེར་བ་སོགས་གཏད་རྒྱུག་དྲག་པོའི་གནམ་གཤིས་འབྱུང་རྒྱུ་ཡིན་ལ། ཆར་ཆུ་ཆེ་ཤོས་ཆུ་ཚོད་རེར་ཧའོ་སྨི30ནས50བར་འབབ་རྒྱུ་རེད།

ཚེས4ཉིན་གྱི་ཉིན་མོར་ཞིང་ཆེན་ཡོངས་ཀྱི་ས་ཁུལ་མང་ཤོས་ཀྱི་དྲོད་ཚད་མཐོ་ཤོས6~8℃བར་ཆག་པ་དང་ས་ཆ་ཁ་ཤས་སུ10℃ཡན་ཆག་རྒྱུ་རེད།     

ཚེས4ཉིན་ཟི་ལིང་གི་དྲོད་ཚད་མཐོ་ཤོས15℃ལ་ཆག་རྒྱུ་དང་། ཚེས3ཉིན་དང་བསྡུར་ན་ཏུའུ10ཆག་རྒྱུ་རེད།  

གལ་ཆེའི་གསལ་འདེབས། 

ཐེངས་འདིའི་ཆར་ཆུ་འབབ་ཚད་ཧ་ཅང་ཆེ་ཞིང་། དུས་འགོའི་ཆར་ཆུ་འབབ་ཁོངས་སུ་ཆར་ཞོད་བསྐྱར་ཟློས་ཀྱིས་འབབ་རྒྱུ་རེད། 

དེའི་ཁར་ས་རྒྱུ་བརླན་ཚད་མཐོ་བས་ཆར་ཆུ་དྲག་པོ་བབས་ན་ཆུ་བོ་འབྲིང་ཆུང་གི་ཆུ་ལོག་དང་།   རི་ཉིལ།  ས་གཤིས་ཆུ་ལོག་འབྱུང་ཆེ་ཉེན་ཞིང་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཞོད་སྐྱོན་ལ་སོགས་ཞོར་ཐོན་གནོད་འཚེ་འབྱུང་བར་ཉེན་ཁ་ཆེན་བས་སྔ་མོ་ནས་འགོག་ཟོན་བྱེད་དགོས།     ​

དེ་རིང་དགོང་མོར།    ཟི་ལིང་དང་།    མཚོ་ཤར།     མཚོ་ནུབ་ཀྱི་ས་ཆ་མང་ཆེ་བ།  མཚོ་ལྷོའི་ས་ཆ་མང་ཆེ་བ།    མཚོ་བྱང་།   ཡུལ་ཤུལ་གྱི་ས་ཆ་མང་ཆེ་བ།     མགོ་ལོག་དབུས་བྱང་རྒྱུད།   རྨ་ལྷོའི་ས་ཆ་མང་ཆེ་བ་བཅས་ལ་   

་དྲག་ཆར་སམ་ཡང་ན་ཐོལ་ཆར་ཧའོ་སྨི་2ནས15བར་དང་།    ས་ཆ་ཁ་ཤས་སུ་ཧའོ་སྨི20ནས35འབབ་རྒྱུ་རེད།   

  

སང་ཉིན་ཉིན་དཀར་ཟི་ལིང་དང་།    མཚོ་ཤར་དང་མཚོ་ནུབ་ཀྱི་ཤར་ཕྱོགས།     མཚོ་ལྷོ།    མཚོ་བྱང་།   རྨ་ལྷོ།   ཡུལ་ཤུལ་གྱི་ནུབ་ཕྱོགས།    མགོ་ལོག་གི་དབུས་བྱང་རྒྱུད་བཅས་སུ་ཆར་བ་འབྲིང་ནས་ཆེན་པོ་(ཧའོ་སྨི10ནས28བར་འབབ་སྲིད་པ་དང་།    ས་ཆ་ཁ་ཤས་སུ་ཧའོ་སྨི30ནས35བར    )འབབ་རྒྱུ་དང་།    ཡུལ་ཤུལ་གྱི་ཤར་རྒྱུད་དང་མགོ་ལོག་གི་ལྷོ་རྒྱུད་བཅས་སུ་ཆར་བ་ཆུང་ཆུང་ (ཧའོ་སྨི1ནས9བར    )   འབབ་རྒྱུ་རེད།  

ཟླ9པའི་ཚེས3ཉིན་གྱི་ཆུ་ཚོད20ནས་ཟླ9པའི་ཚེས4ཉིན་གྱི་ཆུ་ཚོད20བར་ཟི་ལིང་དང་།    མཚོ་ཤར་དང་མཚོ་ནུབ་ཤར་ཕྱོགས    མཚོ་ལྷོ།     མཚོ་བྱང་།    རྨ་ལྷོ་བྱང་རྒྱུད།    ཡུལ་ཤུལ་གྱི་ས་ཆ་མང་ཆེ་བ།    མགོ་ལོག་གི་དབུས་བྱང་རྒྱུད་བཅས་སུ་ཆར་བ་ཆེན་པོ་ནས་དྲག་ཆར་ཆེན་པོ(ཧའོ་སྨི30ནས80བར་དང་།    ས་ཆ་ཁ་ཤས་ལ་ཧའོ་སྨི་00ནས120བར་)འབབ་རྒྱུ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ཏུ་ཆར་ཆུང་ནས་འབྲིང་(ཧའོ་སྨི1ནས་24བར)འབབ་རྒྱུ་རེད། 

ཟླ9ཚེས4ཉིན་གྱི་ཆུ་ཚོད20ནས་ཟླ9ཚེས5ཉིན་གྱི་ཆུ་ཚོད20བར་ཞིང་ཆེན་ཡོངས་ཀྱི་ས་ཆ་མང་ཆེ་བར་ཆར་ཆུང་བ་ནས་འབྲིང་(ཧའོ་སྨི1ནས20བར)འབབ་རྒྱུ་རེད།    

རྩོམ་སྒྲིག་པ། ཨ་གཡང་སྐྱིད།