ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་གྱིས་རེས་སྐོར་གཉིས་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་ལ་སྐུལ་འདེད་གཏིང་ཟབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་གྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ལྟ་སྐུལ་མཛུབ་ཁྲིད་བརྟག་ཞིབ་ཚོ་ཆུང་བཙུགས་ནས། རེས་སྐོར་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དག་ཐེར་ལས་དོན་སྤེལ་ཚུལ་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས་པ་རེད།

རྟོག་ཞིབ་ཚོ་ཆུང་གིས་སྔ་རྗེས་སུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཟི་ལིང་གྲོང་ཁྱེར་སོགས་ཡུལ་དངོས་སུ་ཀྲུང་དབྱང་གི་སྐྱེ་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཚུར་ལན་བསམ་འཆར་ནང་བཏོན་པའི་འབྲེལ་ཡོད་གནད་དོན་ཐེངས་གཉིས་པར་བརྟག་ཞིབ་བྱས་ཤིང་། གནས་ཚུལ་དངོས་དང་ཞིབ་བསྡུར་ཞིབ་ཕྲ། དག་ཐེར་ཡོ་བསྲང་གི་འགན་འཁྲི་འཁུར་མཁན་སྡེ་ཁག་གིས་གཏན་འབེབས་བྱས་པའི་དག་ཐེར་ཡོ་བསྲང་གི་ལག་བསྟར་ཇུས་གཞི་དང་མྱུར་ཚད་བཀོད་སྒྲིག་ནན་ཏན་གྱིས་ཉན་འཇོག་དང་། ས་གནས་ཁག་གི་དག་ཐེར་ཡོ་བསྲང་གི་ལས་ཀའི་ཁྲོད་དུ་གནས་པའི་གནད་དོན་དང་དཀའ་ངལ་རྒྱུས་ལོན་ཞིབ་ཕྲ། དག་ཐེར་ཡོ་བསྲང་གི་ལས་འགན་དོན་འཁྱོལ་ཡག་པོ་བྱེད་པར་བླང་བྱ་བཏོན་ཡོད་པ་རེད།

རྟོག་ཞིབ་ཚོ་ཆུང་གིས་ས་གནས་ཁག་ལ་བསམ་བློའི་ཐད་ཚད་མཐོན་པོའི་སྒོ་ནས་མཐོང་ཆེན་བྱས་ཏེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་། “དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པའི་”འདུ་ཤེས་བརྟན་པོར་བཙུགས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དོ་དམ་ལས་ཀའི་གོ་གནས་གལ་ཆེན་དུ་འཇོག་པ། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ལྟ་ཞིབ་དག་ཐེར་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་འགྲོ་རྒྱུའི་འགན་ལེན་བྱེད་དགོས། “གཅིག་ཤེས་ཀུན་གྲོལ”མཐའ་འཁྱོངས་དང་། རྣམ་གྲངས་མཛོད་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། “ལོ་ལྔའི་འཆར་བཞི་བཅུ་བཞི་པའི”གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་དང་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་རྣམ་གྲངས་ཇུས་འགོད་ནན་ཏན་བྱས་ཏེ། ལྟ་ཞིབ་དག་ཐེར་ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་བ་རེད།

ལོ་ཙཱ་བ། ཤ་མོ་འཚོ།