ཏང་དབུ་བརྙེས་ནས་ལོ99འཁོར་བར་རྟེན་འབྲེལ་ཞུ་བ།

ཞིང་ཆེན་སྤྱི་བདེ་ཐིན་གྱི་ཏང་ཡོན་གསར་བརྗེའི་སློབ་གསོའི་རྟེན་གཞིར་བསྐྱོད་དེ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།ཞིང་ཆེན་སྤྱི་བདེ་ཐིན་གྱིས་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་ཞི་བདེ་ཤང་གི“ཀའོ་ལིང་དམར་པོའི་སློབ་གསོའི་རྟེན་གཞི་”རུ་ཡོད། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར99ལོན་པར་རྟེན་འབྲེལ་ཞུ་བ་དང“མཐོ་རིམ་བང་སོ་ཆུང་བའི་སྙིང་སྟོབས་ལ་སློབ་སྦྱོང་དང་། སྤྱི་བདེའི་བྱས་རྗེས་རྩེ་གྲ་གཏོད”ཅེས་པའི་བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ། ཟི་ལིང་སྤྱི་བདེ་ཐིན་ཏང་ཨུའི་ཨུ་ཡོན་དང་སྐོར་གཟིགས་པ་གཞོན་པ། ཏང་རྩ་འཛུགས་ཁག་གི་ཧྲུའུ་ཅི་ཕུལ་བྱུང་། ཏང་དོན་ལས་བྱེད་པ་དང་དེ་བཞིན་ཏང་ཡོན་གསར་པའི་འཐུས་མི60ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོར་ཏང་ནང་ཞུགས་པའི་དམ་ཚིག་བསྐྱར་དྲན་དང་། ཀའོ་ལིན་གྱི་སྙིང་སྟོབས་ཤེས་རྟོགས། སྔོན་ཐོན་ལ་གཟེངས་བསྟོད་བཅས་ཀྱི་བྱ་ཐབས་སྤྱད་དེ། ཏང་གི་འབད་འཐབ་ལོ་རྒྱུས་ལ་དྲན་གསོ་ཞུས་པ་དང་། ཏང་གི་བྱས་རྗེས་རླབས་ཆེན་ལ་ཕྱི་མིག་བལྟས། ཏང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་བཅས་བྱས། བྱེད་སྒོའི་ནང་ཞུགས་མཁན་ཏང་ཡོན་ཡོངས་ཀྱིས་ཀའོ་ལིན་གྱི་སྙིང་སྟོབས་འགྲེམས་སྟོན་ཁང་ལ་ལྟ་སྐོར་བྱས་ལ། དུས་རབས་ཉི་ཤུ་པའི་ལོ་རབས70པར་པར་ལེན་བྱས་པའི་ཆེད་དོན་པར་གཞི《རི་ཆུ་ནགས་མའི་བདག་གཅེས》ཞེས་པར་བལྟས་པ་དང་། སྟོང་སྐོར་རྫོང་ཏང་གི་སློབ་གྲྭའི་ལེང་ཆོན་ཞང་དགེ་རྒན་གྱི་ཏང་གི་སློབ་ཚན་ཉན་ཡོད། ཏང་ཡོན་ཁག་གཅིག་གིས་ད་དུང་སློབ་སྦྱོང་བྱས་པ་བརྒྱུད། རང་སྟེང་གི་མྱོང་བ་དང་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བཞུགས་མོལ་བརྗེ་རེས་བྱས་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།