རེབ་གོང་རྫོང་གྲོང་ཁྱེར་དུ་བསྒྱུར་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ།

ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་ཐོབ་པ་བརྒྱུད། དམངས་སྲིད་པུའུ་ནས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རེབ་གོང་རྫོང་གྲོང་ཁྱེར་དུ་བསྒྱུར་བའི་མཆན་བཀོད་ལ་འཐད་པ་བྱུང་ཞིང་། རྫོང་རིམ་པའི་རེབ་གོང་གྲོང་ཁྱེར་འཛུགས་པ་ལ་གོང་འོག་གི་འབྲེལ་བ་དང་། དོ་དམ་ཁོངས་གཏོགས། སྲིད་གཞུང་གི་སྡོད་གནས་སོགས་ལ་འགྱུར་བ་མི་གཏོང་བ་དང་། གྲོང་ཁྱེར་དུ་བསྒྱུར་རྗེས་རྨ་ལྷོ་ཁུལ་སྲིད་འཛིན་ཁོངས་གཏོགས་དེ་དེ་སྔའི་རྫོང་བཞི་ནས་གྲོང་ཁྱེར་གཅིག་དང་རྫོང་གསུམ་དུ་འགྱུར་ངེས།

རེབ་གོང་རྫོང་ནི་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་ཆགས་ཤིང་། རྨ་ལྷོ་ཁུལ་གྱི་སྲིད་འཛིན་ལྟེ་གནས་དང་། རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་གྱི་ལྟེ་བར་ཆགས་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་གཅིག་པུ་ཡང་རེད། ཡུལ་དེའི་“རེབ་གོང་སྒྱུ་རྩལ”དང“རེབ་གོང་ཟློས་གར”གཉིས་མིའི་རིགས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་མིང་ཐོར་བཅུག་ཡོད། རེབ་གོང་རྫོང་རྫོང་རིམ་པའི་གྲོང་ཁྱེར་དུ་བསྒྱུར་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཏན་ཏིག་བཞིའི”བླང་བྱ་གལ་ཆེན་དོན་འཁྱོལ་དང་དུས་རབས་གསར་པར་ནུབ་ཕྱོགས་གོང་སྤེལ་ཆེན་པོར་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ། ལན་གྲུ་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་འཛུགས་སྐྲུན་ལ་སོགས་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་དང་“རྒྱུད་གཅིག་ལམ་གཅིག”གི་ལས་གཞིའི་ཁྲོད་ཟབ་ཞུགས་བྱ་བའི་བྱེད་ཐབས་གལ་ཆེན་ཡིན་པ་དང་། ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལ་སྐུལ་འདེད་ཧུར་ཐག གྲོང་ཁྱེར་དང་གྲོང་རྡལ་ཅན་འགྱུར་གྱི་གོམ་པ་ཇེ་མགྱོགས་བཅས་སུ་གཏོང་བའི་བྱེ་བྲག་ལག་ལེན་ཡིན་པས། རྨ་ལྷོ་དང་རེབ་གོང་འཕེལ་རྒྱས་ལ་ལམ་ཕྱོགས་གསར་པ་ཞིག་ཕྱེས་ངེས།

ཁོན་ཐར་འཚོས་བསྒྱུར།