རང་ཞིང་གི་རང་བྱུང་ནགས་མའི་ཐོན་ཁུངས་ཀྱི་རྒྱ་ཁྱོན་དང་གསོག་འཇོག་གཉིས་ཀ་ལ་འཕར་སྣོན་བྱུང་ཡོད་པ།

རང་རེའི་དྲ་བའི་འཕྲིན། ཟླ6ཚེས23ཉིན་གྱི་སྔ་དྲོ། གསར་འགོད་པས་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་ནས་སྤེལ་བའི《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ནགས་མའི་སྲུང་སྐྱོབ་ཞིག་གསོའི་ལམ་ལུགས་ལག་བསྟར་ཇུས་གཞི》ཡི་གསར་འགྱུར་སྒྲོག་སྤེལ་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ལོ་ངོ་ཉི་ཤུ་ལྷག་གི་རིང་ལ། རང་ཞིང་གི་རང་བྱུང་ནགས་མའི་ཐོན་ཁུངས་ཀྱི་རྒྱ་ཁྱོན་དང་གསོག་འཇོག་གཉིས་ཀར་འཕར་སྣོན་བྱུང་བ་དང་། ནགས་ཁུལ་དུ་སྐྱེ་དངོས་སྣ་མང་རང་བཞིན་མུ་མཐུད་དུ་འཚོབ་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་ཡང་རིམ་བཞིན་ཇེ་ལེགས་སུ་སོང་ནས། རྨང་གཞིའི་སྒྲིག་ཆས་ལ་ཁྱོན་ཡོངས་ནས་བཅོས་སྒྱུར་བྱུང་། སྤྱི་ཚོགས་འཕེལ་རྒྱས་འཆམ་མཐུན་བརྟན་འཇགས་ཀྱི་གནས་བབ་ལེགས་པོ་ཞིག་གྲུབ་དུ་བཅུག་ཡོད།

ཟླ6ཚེས13ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གཉིས་ཀྱིས་དཔར་འགྲེམས་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ནགས་སའི་སྲུང་སྐྱོབ་ཞིག་གསོའི་ལམ་ལུགས་ལག་བསྟར་ཇུས་གཞི》འདི་ནི། རང་ཞིང་གི“རི་མཐོ་ཆུ་གཙང་ནི་གསེར་རི་དངུལ་རི”ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དང་། ཆེན་པོ་གསུམ་གྱི་བླང་བྱ་གལ་ཆེན་ཞིག་ཀྱང་ཡིན་པས། འབྲི་ཆུའི་དཔལ་འབྱོར་ས་ཁུལ་ལ་ཧུར་ཐག་གིས་མཉམ་བསྲེས་སྒོས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས། ཧུར་བརྩོན་ཆེན་པོས་སྒོས་ནས“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་སྒོས་རྒྱལ་ཁབ་སྤྱི་གླིང་དཔེར་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ། ཁྱོན་ཡོངས་ནས་རང་ཞིང་གི་རང་བྱུང་ནགས་ཚལ་གྱི་ཐོན་ཁུངས་ལ་སྲུང་སྐྱོབ་དང་ཞིག་གསོ་བྱེད་པའི་ཐད་ལ་ཐབས་ཇུས་རང་བཞིན་གྱི་བཀོད་སྒྲིག་གལ་ཆེན་བྱས་ཡོད།

རང་ཞིང་གིས1998ལོ་ནས་བཟུང་། རང་བྱུང་ནགས་ཚལ་ལ་སྲུང་སྐྱོབ་བྱེད་པའི་ཚོད་ལྟའི་བྱ་བ་འགོ་ཚུགས་པ་ནས་བཟུང་། 2000ལོར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ7གྱི་རྫོང་རིམ་པ39ཡིས་ཁྱོན་ཡོངས་ནས་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་བཟོ་སྐྲུན་རང་བྱུང་ནགས་ཚལ་ལ་སྲུང་སྐྱོབ་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱས་ཤིང་། སྔ་གཞུག་ཏུ་རང་བྱུང་ནགས་ཚལ་ལ་སྲུབ་སྐྱོབ་བྱེད་པའི་རིམ་པ་དང་པོའི་བཟོ་སྐྲུན(2000-2010ལོའི་བར།) དང་རིམ་པ་གཉིས་པའི་བཟོ་སྐྲུན(2011-2020ལོའི་བར།) སོགས་ལག་བསྟར་བྱས་ཡོད། 2020ལོ་ནི་རང་བྱུང་ནགས་ཚལ་ལ་སྲུབ་སྐྱོབ་བྱེད་པའི་དུས་རིམ་གཉིས་པའི་བཟོ་སྐྲུན་མཇུག་བསྡུ་བའི་ལོ་ཡིན་ལ། ཇུས་གཞི་ལག་བསྟར་གཏན་འབེབས་བྱས་ཡོད་པས། རང་ཞིང་གི་རང་བྱུང་ནགས་ཚལ་ལ་སྲུང་སྐྱོབ་བྱེད་པའི་དུས་འཁོར་རང་བཞིན་དང་ཁྱབ་ཁོངས་རང་བཞིན་གྱི་བཟོ་སྐྲུན་བྱེད་ཐབས་དེ་རིམ་བཞིན་ཡུན་རིང་ཅན་དང་ཁྱོན་ཡོངས་ཅན་གྱི་སྤྱི་ཕན་བྱ་གཞག་ལ་ཕྱོགས་ཡོད་པས། ཁྱོན་ཡོངས་ནས་རང་བྱུང་ནགས་ཚལ་ལ་སྲུང་སྐྱོབ་ཞིག་གསོ་བྱེད་པའི་སྤྱིའི་དམིགས་འབེན་དང་ལས་འགན་གཙོ་བོ། འགན་སྲུང་བྱེད་ཐབས་སོགས་བཏོན་ཡོད།

《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ནགས་མའི་སྲུང་སྐྱོབ་ཞིག་གསོའི་ལམ་ལུགས་ལག་བསྟར་ཇུས་གཞི》དེར་ཕྱོགས་མི་འདྲ་བ་བཞི་ནས་རེ་བ་བཏོན་ཡོད།

སྲུང་སྐྱོབ་མ་ལག་འཐུས་ཚང་ཅན་གསར་འཛུགས་བྱེད་པ། དེ་ཡང་རྨ་འབྲི་རྫ་གསུམ་དང་མདོ་ལ་རི་རྒྱུད། མཚོ་སྔོན་པོ་བསྐོར་བའི་འབབ་རྒྱུད། ཚ་འདམ་གཤོང་། ཙོང་ཆུའི་གྲོག་རོང་སོགས་སྐྱེ་ཁམས་ཁྱབ་ཁོངས་གཙོ་བོ་ལྔ་ཡི་རང་བྱུང་ནགས་ཚལ་དེ་དག་སྲུང་སྐྱོབ་ཞིག་གསོའི་ཁྱབ་ཁོངས་ཁྲོད་བཞག་ནས། རྒྱལ་ཁབ་ས་ཁོངས་བར་སྟོང་འཆར་འགོད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དམར་ཐིག་གཞིར་བཟུང་སྟེ། རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་ས་ཁུལ་སོ་སོ་རིགས་བཀར། ས་གནས་ཚོད་འཛིན་རང་བཞིན་གྱི་འཆར་འགོད་སོགས་རྒྱུ་རྐྱེན་གཞིར་བཟུང་ཡོད། དེ་མིན་སྐྱེ་ཁམས་ས་ཁུལ་གྱི་གལ་ཆེན་རང་བཞིན་དང་རང་བྱུང་སླར་གསོའི་ནུས་པ། སྐྱེ་ཁམས་ཉམས་ཞན་རང་བཞིན། རི་དྭགས་རྩ་ཆེན་རང་བཞིན་སོགས་ཀྱི་དམིགས་ཚད་ཀྱིས་རང་བྱུང་ནགས་ཚལ་གྱི་སྲུང་སྐྱོབ་གཙོ་གནད་ཁྱབ་ཁོངས་གཏན་ཁེལ་བྱས་ཡོད། གདོད་མའི་ནགས་ཚལ་རང་བྱུང་ནགས་ཚལ་དང་རྩི་ཤིང་རྩ་ཆེན་གྱི་རིགས་ལ་སྲུང་སྐྱོབ་བྱེད་པའི་ཚད་གཞི་ཆེས་ཆེར་གཏོང་བ། ནགས་སྲུང་ལམ་ལུགས་ལག་བསྟར་གསར་འཛུགས་དང་དམིགས་འབེན་འགན་འཁྲིའི་ཚད་ལེན་ཞིབ་བཤེར་ལམ་ལུགས། འགན་འཁྲིའི་གྲོས་མཐུན་ཡི་གེ་ལ་བདག་དོམ་སྲུང་སྐྱོབ་བྱེད་པ་སོགས་ལག་བསྟར་བྱས། རང་ཞིང་གི་རང་བྱུང་ནགས་མའི་ཤེས་ནུས་འགོག་སྲུང་མ་ལག་འཛུགས་སྐྲུན་འཆར་འགོད་གཏན་ཁེལ་སྒོས་ཞིང་ཆེན་ཧྲིལ་བོས་ནགས་ཚལ་ས་ཁུལ་ཆེན་པོ་དགུ་ལ་ས་གཞི་དང་བར་སྣང་གཞི་གཅིག་ཅན་གྱི་འཛུགས་སྐྲུན་གྲུབ་དུ་བཅུག་ནས། རང་བྱུང་ནགས་ཚལ་གྱི་སྲུང་སྐྱོབ་ཞིག་གསོ་དེ་བརྡ་འཕྲིན་ཅན་གྱི་བདག་དོམ་དྲ་རྒྱ་རུ་བསྒྱུར་བ། ནགས་ཚལ་གྱི་བདག་དོམ་སྲུང་སྐྱོབ་ཆེས་ཆེར་གཏང་བ། ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་སྔོན་འགོག་བྱེད་པ། གནོད་ལྡན་སྐྱེ་དངོས་ལ་འགོག་སྲུང་བཅོས་སྐྱོང་བྱེད་པ། སྐྱེ་དངོས་སྣ་མང་རང་བཞིན་ལ་ཚད་ལེན་ལྟ་ཞིབ་ཚད་ལེན་སྔོན་བརྡ་གཏོང་བ་སོགས་ཀྱི་ཐད་ནས་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་ཆས་ཐད་ལ་བདག་དོམ་སྲུང་སྐྱོབ་ཕན་འབྲས་དང་སྐབས་བསྟུན་ཐག་གཅོད་ནུས་པ་མཐོར་འདེགས་སུ་བཏང་།

སྔར་ལས་གཟབ་ནན་ཅན་གྱི་བདག་དོམ་ལམ་ལུགས་ལག་བསྟར་བྱས་པ། རང་བྱུང་ནགས་ཚལ་ལ་ཚོང་རྫས་རང་བཞིན་གྱིས་འབྲེག་གཅོད་བྱེད་པ་གཏན་འགོག་དང་སྲུང་སྐྱོབ་གཙོ་གནད་ས་ཁུལ་གྱི་རང་བྱུང་ནགས་ཚལ་ལ་བདག་དོམ་ཚོད་འཛིན་ནན་མོ་བྱེད་པ། དེ་དང་ཆབས་ཅིག་རང་བྱུང་གི་སླར་གསོ་གསར་སྒྱུར་དེ་གཙོར་བཟུང་ནས། མིའི་རྩོལ་བས་ཞིག་གསོ་ལ་ཟུང་འབྲེལ་བྱེད་པའི་བྱེད་ཐབས་དང་ས་བབ་ཡུལ་བསྟུན་བྱེད་ཐབས་ལག་བསྟར་བྱེད་རྒྱུར་སྐུལ་འདེད་བཏང་། རང་བྱུང་ནགས་ཚལ་ས་ཁུལ་དུ་ཕྱུགས་ཟོག་འཚོ་སྐྱོང་བྱེད་པ་གཏན་འགོག་དང་ཕྱུགས་ཟོག་འཚོ་སྐྱོང་རེས་འཁོར་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་རང་བྱུང་ནགས་ཚལ་གྱི་མཁོ་སྒྲུབ་ཐོན་ཁུངས་ལ་རང་ཤུགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་འཕར་སྣོན་བྱས་པ་དང་རང་བྱུང་ནགས་ས་ལ་ཚོད་འཛིན་གཟབ་ནན་བྱེད་དགོས། དེ་ཡང་ས་ངོས་ཀྱི་རྩི་ཤིང་ལ་གནོད་འཚེ་མི་གཏོང་བ་དང་སྐྱེ་དངོས་སྣ་མང་ལ་སྲུང་སྐྱོབ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག རང་བྱུང་ནགས་ཚལ་ས་ཁུལ་དུ་འོས་ཤིང་འཚམ་པའི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སུ་བཏང་བ་དང་ཁམས་གཡེང་བདེ་སྲུང་། ཁྱད་ལྡན་འདེབས་འཛུགས་གསོ་སྤེལ་སོགས་ཀྱི་ཐོན་ལས་སྤེལ་ཆོག

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།