ལས་གཏོད་ཕྱུག་འགྱུར་སྣེ་ཁྲིད་མཁན་ལ་ལོ་ལྔའི་གསབ་སྦྱོང་ལག་བསྟར་བྱས་པ།

— ལས་གཏོད་ཕྱུག་འགྱུར་སྣེ་ཁྲིད་མི་གྲངས་ལྔ་སྟོང་ལྷག་ལ་ཤེས་བྱའི་སློབ་ཁྲིད་གནང་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6ཚེས17ཉིན། མཚོ་སྔོན་གཞོང་ཐང་དང་ཧོར་གྲོང་སོགས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་མི་གྲངས་བརྒྱ་ལ་ཉེ་བ་ལྷག་ལ་ཤེས་བྱ་སློབ་ཁྲིད་ཀྱི་ཡུལ་སྐོར་བྱས་ཤིང་། 2020ལོའི་མཚོ་སྔོན་ཞིང་ཆེན་གྱི་ལས་གཏོད་ཕྱུག་འགྱུར་སྣེ་ཁྲིད་སྐབས་དྲུག་པའི་གསབ་སྦྱོང་ལ་ཞུགས་པ་རེད། ད་ལྟའི་བར་མཚོ་སྔོན་ཞིང་ཆེན་གྱིས་ལས་གཏོད་ཕྱུག་འགྱུར་སྣེ་ཁྲིད་མི་སྣའི་གསབ་སྦྱོང་འཆར་གཞི་དེར་ཕྱུག་འགྱུར་སྣེ་ཁྲིད་མི་གྲངས5000ལྷག་ཟབ་ཞུགས་བྱས་ཡོད།

གསབ་སྦྱོང་ལག་བསྟར་ཕྱོགས་ཀྱི་ཝན་ཞང་ཞིབ་འཇུག་སློབ་སྦྱོང་ཁང་གི་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོ་མཚོ་སྔོན་ཞིང་ཆེན་གྱི་ལས་གཏོད་ཕྱུག་འགྱུར་སྣེ་ཁྲིད་མི་སྣ་ལ་གསབ་སྦྱོང་བྱེད་པའི་འཆར་གཞི་དེ་འདུ་ཤེས་སུ་བསྒྱུར་བ་དང་ཤེས་བྱ་ཁ་སྣོན་གྱིས་རྩལ་ནུས་མཐོར་འདེགས་སུ་གཏོང་བའི་བསམ་གཞིག་གཙོ་བོར་བཟུང་ནས། གནད་འཁེལ་གསབ་སྦྱོང་གི་ཁ་ཕྱོགས་ལྟར་ཐོན་ལས་སྣེ་ཁྲིད་དེ་དམིགས་འབེན་དང་ལས་རིགས་སྐུལ་འདེད་དེ་བརྒྱུད་རིམ་དུ་བཟུང་ཞིང་། སློབ་ཁྲིད་དང་སྦྱོང་བརྡར་དངོས་ལ་ཟུང་འབྲེལ་བྱེད་པའི་གསབ་སྦྱོང་གི་བྱེད་ཐབས་ཀྱིས་གཅིག་བསྡུས་སློབ་ཁྲིད་དང་རྗེས་འདེད། རོགས་སྐྱོར། དབྱེ་ཞིབ། གཞི་གྲངས་བཅས་ངོ་བོ་གཅིག་ཅན་གྱི་གོ་རིམ་གཅིག་ལ་གཅིག་སྦྲེལ་གྱི་གསབ་སྦྱོང་སྒྲིག་གཞིའི་མ་ལག་དེ་གྲུབ་དུ་བཅུག་ཡོད། དེའི་དམིགས་འབེན་ནི་ལས་གཏོད་བྱེད་པའི་ཀུན་སློང་ཅན་གྱི་མི་སྐོར་ཞིག་དང་སྣེ་ཁྲིད་ཀྱི་ནུས་པ་ལྡན་པ། མཚོ་སྔོན་ས་ཁུལ་གྱི་ཞིང་གྲོང་ལ་སྐུལ་འདེད་སྣེ་ཁྲིད་ཀྱི་ནུས་པ་ལྡན་པས་ཕུལ་བྱུང་ཕྱུག་འགྱུར་སྣེ་ཁྲིད་མི་སྣའི་ཁྲོད་ནས་སྟོབས་ཤུགས་གཅིག་བསྡུས་བྱས་ཡོད།

ད་ལོའི་ལས་གཏོད་ཕྱུག་འགྱུར་སྣེ་ཁྲིད་མི་སྣའི་གསབ་སྦྱོང་ལ་བརྒྱུད་རིམ་མང་པོ་དང་བྱེད་ཐབས་མང་པོ། རྣམ་པ་མང་པོ་བཅས་ཀྱི་དབུལ་སྐྱོར་གསབ་སྦྱོང་རྣམ་གཞག་སྤེལ་ཡོད། དབུལ་སྐྱོར་ཁ་གཏད་ཀྱི་བདག་ཉིད་འཕེལ་རྒྱས་ཀྱི་ནུས་པ་མཐོར་འདེགས་སུ་བཏང་སྟེ་ལས་གཏོད་དཔེར་མཚོན་ཡང་དག་པ་བཟུང་ནས་མངའ་ཁོངས་ལ་ཕྱུག་འགྱུར་ཐད་སྣེ་ཁྲིད་དང་ལས་གཏོད་གསར་སྒྱུར་ཐད་ལ་རོགས་སྒྲུབ་སྐུལ་འདེད་ཀྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཐད་ཕན་ནུས་ངེས་ཅན་ཐོན་པའི་ཕྱུག་འགྱུར་སྣེ་ཁྲིད་མི་སྣ་སྐོར་ཞིག་སྐྱེད་བསྲིངས་ཐུབ་པ་ཁྱོན་ཡོངས་ནས་མངོན་འགྱུར་བྱས་ཡོད།

2017ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ལས་གཏོད་ཕྱུག་འགྱུར་སྣེ་ཁྲིད་མཁན་གྱི་གསབ་སྦྱོང་སློབ་ཁྲིད་འཆར་གཞི་དེ་གོ་རིམ་ལྡན་པའི་ངང་ནས་རིམ་སྤར་བྱས་ཤིང་། ལོ་རེར་བསྐྱར་བཟོ་བརྒྱུད་དེ་ཤེས་བྱ་གསར་བ་དང་ཉམས་མྱོང་གསར་བའི་སློབ་ཁྲིད་འཆར་གཞིའི་འདུ་ཤེས་གཞིར་བཟུང་ནས། ལོ་རེའི་རྟོག་ཞིབ་དང་ཟུང་འབྲེལ་སྒོས་དབུལ་སྐྱོར་གནས་ཚུལ་གྱི་གཞི་གྲངས་ཐད་ལ་གསར་བརྗེ་གསལ་བོ་བྱས། ད་ལོ་གསབ་སྦྱོང་སློབ་ཁྲིད་དེ85%ལ་གསར་བརྗེ་བྱས་ཡོད། གསར་དུ་ཞིབ་འཇུག་གསར་སྤེལ་བྱས་པའི་ཁེ་ལས་དེ་གཞི་རྩའི་ཆ་ནས་ཁྱོན་ཡོངས་ལ་ཁྱབ་པ་དང་ཚོང་གཉེར་ཕྱིར་འཚོང་རྣམ་གཞག་ལ་དོན་དངོས་སྦྱོང་བརྡར་དང་མཚོ་སྔོན་ས་ཁོངས་ཐོན་ལས་ཀྱི་འཚོལ་ཞིབ། ཚོང་ལས་ས་ཁྲའི་ཞིབ་འབྲི+ཡུལ་དངོས་རྟོག་ཞིབ་སོགས་བརྗོད་དོན་གཙོ་བོའི་རྣམ་གཞག་གི་སློབ་སྦྱོང་བྱ་བའི་སྒོ་ཐེམས་ཇེ་དམའ་རུ་བཏང་ཞིང་བརྡ་འཕྲིན་གྱི་ཁྱབ་འགྱེད་ཚད་གཞི་ཇེ་མཐོར་བཏང་ནས་དུས་སྔོན་མའི་གསབ་སྦྱོང་སློབ་མ་དག་ལ་དཔྱད་འཇོག་ངེས་ཅན་ཞིག་བྱས་པ་རེད།

2020ལོར། མཚོ་སྔོན་ཞིང་ཆེན་གྱི་ལས་གཏོད་ཕྱུག་འགྱུར་སྣེ་ཁྲིད་གསབ་སྦྱོང་འགོ་བརྩམས་པ་ནས་ད་ལྟའི་བར། གྲོང་ཁྱེར་དང་རྫོང་སོ་སོའི་དབུལ་སྐྱོར་གསར་སྤེལ་ཅུའུ་ཡིས་རྩ་འཛུགས་བྱས་ཏེ། རང་ཞིང་གི་རྟ་ཐང་དང་ཧོར་གྲོང་། གཞོང་ཐང་། གཅན་ཚ། རྨ་ལྷོ་སོག་རྫོང་། ཁྲི་འདུ། ཐེམ་ཆེན། བྲག་དཀར། རྨ་སྟོད། རྨ་ཆེན་སོགས་ས་ཁུལ་གྱི་སློབ་མ་ལྔ་བརྒྱ་ལྷག་གསབ་སྦྱོང་བྱས་ཤིང་། སློབ་མ་དག་གསབ་སྦྱོང་ལ་ཞུགས་རྗེས་ལས་གཏོད་སྣེ་ཁྲིད་ཀྱི་འདུ་ཤེས་ཆེས་ཆེར་བཏང་བ་དང་། འདུ་ཤེས་ནས་བསམ་གཞིག་ལ་གསར་བརྗེ་ཐུབ་པ། ཤེས་བྱ་ནས་ལག་རྩལ་ལ་འཕར་བའི་གསབ་སྦྱོང་གི་རྨང་གཞིའི་རེ་འདུན་མངོན་འགྱུར་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།