རང་ཞིང་ལ་ཀྲུང་དབྱང་གི་ནོར་སྲིད་ཉེན་ཁང་བཅོས་སྒྱུར་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར1.76ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6ཚེས19ཉིན། གསར་འགོད་པས་ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ། ནོར་སྲིད་པུའུ་དང་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་གྱིས་རང་ཞིང་ལ་ཀྲུང་དབྱང་གི་ནོར་སྲིད་གྱིས་ཞིང་གྲོང་གི་ཉེན་ཁང་བསྒྱུར་བཀོད་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར1.44བཏང་བ་དང་། ད་ལྟའི་བར་རང་ཞིང་ལ་ཁྱོན་བསྡོམསཁ་གསབ་རོགས་དངུལ་སྒོར་དུང་ཕྱུར1.76བཏང་བ་རེད།

པུའུ་གཉིས་ཀྱི་རེ་འདུན་ལྟར་ཁ་གསབ་རོགས་དངུལ་དེ་ཐོག་མར་ན་ནིང་གི་དབུལ་ཐར་མཁྲེགས་གཏོར་ཞིང་གྲོང་གི་ཉེན་ཁང་བསྒྱུར་བཀོད་ཐད་བཀོལ་བ་དང་། དེའི་འཕྲོར་ད་ལྟ་གསར་དུ་ཁ་སྣོན་བྱས་པའི་རིམ་པ4པའི་གཙོ་གནད་ཀྱི་ཉེན་ཁང་བསྒྱུར་བཀོད་འགན་འཁྲིའི་ཐད་བཀོད་དེ། དུས་ཡུན་ལྟར་ན་སེམས་ཁུར་མེད་པ་གཉིས་དང་འགན་སྲུང་གསུམ་གྱི་དབུལ་ཐར་མཁྲེགས་གཏོར་དམིགས་འབེན་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱས་ཡོད། དེའི་རྨང་གཞིའི་སྟེང་གཅིག་གྱུར་བཀོད་སྒྲིག་ལ་ཤུགས་སྣོན་དང་གནོད་སྐྱོན་འགོག་སྲུང་ཚད་གཞི་རིམ་བདུན་ཅན་གྱི་ས་ཁུལ་གྱི་ཉེན་ཁང་བསྒྱུར་བཀོད་ཐད་ལ་བཀོལ་རྒྱུ་རེད། དེ་མིན་འགན་སྲུང་དམའ་བའི་ཞིང་བ་དུད་ཁྱིམ་དག་གི་གཞི་རྩའི་སྡོད་ཁང་གི་བདེ་འཇགས་འགན་སྲུང་ཐད་བཀོལ་རྒྱུ་ཡིན་པ་རེད། དེར་མཐུད། ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་གྱིས་རྒྱལ་ཁབ་ཀྱི་པུའུ་གཉིས་ཀྱི་རེ་འདུན་བླང་བྱ་གཞིར་བཟུང་སྟེ། རྫོང་སོ་སོའི་དོན་དངོས་དགོས་མཁོ་གཞིར་བཟུང་སྟེ་འཛུགས་སྐྲུན་བདག་དོམ་ནུས་པ་དང་ས་གནས་རྒྱུ་ཤུགས། བྱ་བའི་རྩོལ་ནུས་སོགས་ཀྱི་གཞི་རྒྱུ་ལ་ལུགས་མཐུན་བགོ་བཤའི་ཁ་གསབ་རོགས་དངུལ་སྤྲོད་པ་དང་། རྫོང་སོ་སོའི་ཞིབ་ཚགས་ཀྱི་ལག་བསྟར་དངོས་འབེབས་བྱེད་ཐབས་ལ་མཛུབ་སྟོན་བྱས་ཏེ་བཟོ་སྐྲུན་གྱི་ལག་བསྟར་དམ་འཛིན་སྒོས་དབུལ་ཐར་མཁྲེགས་གཏོར་སྡོད་ཁང་གི་བདེ་འཇགས་བཟོ་སྐྲུན་འགན་འཁྲི་དེ། 2020ལོའི་ཟླ6པའི་ཟླ་མཇུག་ལ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་དུ་བཅུག་ཡོད། ད་ལྟ་གསར་དུ་ཁ་སྣོན་བྱས་པའི་དབུལ་ཁྱིམ་ཡིག་ཚགས་ཅན་གྱི་ཉེན་ཁང་བསྒྱུར་བཀོད་ལས་འགན་དེ2020ལོའི་ལོ་མཇུག་ལ་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱུང་དུ་བཅུག་སྟེ། རིམ་པ3གྱི་གཙོ་གནད་ཉེན་ཁང་བསྒྱུར་བཀོད་ལས་འགན་དེ2021ལོའི་ཟླ6པའི་སྔོན་ལ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་དུ་འཇུག་རྒྱུ་ཡིན་པ་རེད།

དེ་དང་ཆབས་ཅིག གསར་སྐྲུན་བཅོས་སྒྱུར་བྱེད་ཐབས་དང་ཁ་གསབ་རོགས་སྒྲུབ་སྲིད་ཇུས་སྤེལ་ནས། ས་བབ་ཡུལ་བསྟུན་སྒོས་བཅོས་སྒྱུར་བྱེད་ཐབས་དང་ལག་རྩལ། ཞིང་གྲོང་འཛུགས་སྐྲུན་གྱི་གཅིག་བསྡུས་སྤྱི་གཞུང་སྡོད་ཁང་བཅས་ལ་བརྟེན་ནས། ཞིང་གྲོང་གི་ཁང་བ་དང་གཅིག་བསྡུས་སྤྱི་གཞུང་སྡོད་ཁང་བརྗེ་རེས་སོགས་ཀྱི་བྱེད་ཐབས་བརྒྱུད་ཧུར་ཐག་སྒོས་སྲིད་ཇུས་ཀྱི་གཞི་འཛིན་ས་ལ་བརྟེན་ནས། ཞིང་གྲོང་དུད་ཁྱིམ་དག་གི་གཞི་རྩའི་སྡོད་ཁང་གི་བདེ་འཇགས་ལ་དོན་དངོས་ཐོག་ནས་འགན་སྲུང་ནན་མོ་བྱས་ཡོད། དུས་ལྟར་ཆད་ལྷག་བྱུང་བའི་སྐྱོན་ཆ་ཁ་གསབ་སྒོས་ཉེན་ཁང་བཅོས་སྒྱུར་རྗེས་ཀྱི་དོན་དངོས་ལག་བསྟར་དེ་རང་བྱུང་གནོད་འཚེ་སོགས་རྒྱུ་རྐྱེན་གྱི་དབང་གིས་ཉེན་ཁ་ཕྱིར་ལྡོག་སོགས་ཀྱི་གནད་དོན་ཐད་བེད་སྤྱོད་གང་ལེགས་བྱས་ཤིང་། དབུལ་ཐར་མཁྲེགས་གཏོར་གྱི་སྡོད་ཁང་དག་ལ་བདེ་འཇགས་འགན་སྲུང་གི་དམིགས་འབེན་ཡོངས་འགྲུབ་བྱེད་པའི་རྨང་གཞིའི་སྟེང་དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེ་དར་རྒྱས་མཐུད་སྦྲེལ་གྱི་ཞིང་གྲོང་གི་འགན་སྲུང་དམའ་བའི་ཡོང་འབབ་ཀྱི་ཚོགས་སྤྱིའི་སྡོད་ཁང་གི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཐད་སྒྲིག་སྲོལ་ཡུན་བརྟན་ཅན་ཞིག་འཚོལ་ཞིབ་སྔོག་འདོན་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།