མཚོ་ནུབ་ཁུལ་གྱིས་སྡེ་གྲོང་ཡོད་ཚད་ལ་ཁོར་ཡུག་གི་ཕྱོགས་བསྡུས་དག་ཐེར་བྱས་པ།

རང་རེའི་དྲ་བའི་འཕྲིན། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ནུབ་ཁུལ་གྱིས་ཞིང་འབྲོག་ས་ཁུལ་གྱི་དམངས་སྡོད་ཁོར་ཡུག་དེ་ཞིང་སྡེ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་གལ་ཆེན་གྱི་ནང་དོན་གཙོ་བོར་བཟུང་སྟེ། མཛེས་གྲོང་འཛུགས་སྐྲུན་གྱི་ཁ་ཕྱོགས་ལ་འཕེལ་རྒྱས་སུ་འགྲོ་ཆེད། སྡེ་གྲོང་གི་གད་སྙིགས་དང་བཙོག་ཆུ་ཐག་གཅོད། སྡེ་གྲོང་གི་ཕྱིའི་རྣམ་པ་བཅས་གཙོ་གནད་རང་བཞིན་གྱི་ཁ་ཕྱོགས་ལ་འཕེལ་རྒྱས་སུ་བཏང་ནས། ཁུལ་ཡོངས་ཀྱི་སྡེ་གྲོང་ཡོད་ཚད་ལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དག་ཐེར་བྱེད་པ་མངོན་འགྱུར་བྱས་ཡོད།

ཁུལ་ཧྲིལ་པོས་མངའ་ཁོངས་ཡོངས་སུ“ཉིན་བརྒྱའི་ལས་རྩོལ་ཆེན་པོ་ཡིས་གྲོང་སྡེའི་རྣམ་པ་གསར་བརྗེ”དང“གཙང་གསུམ་བཅོས་སྒྱུར་གཅིག དག་ཐེར་དྲུག”གི་བྱེད་སྒོ་སྤེལ་བཞིན་ཡོད། ད་ལྟའི་བར་ཞིག་རལ་དུ་གྱུར་བའི་མཁར་གྱང་དང་གང་འདོད་དུ་གང་སར་བརྩིགས་པའི་སྒྲིག་གཞི་མི་འདྲ་བ1071ཡོངས་སུ་བཤིགས་པ། ཚད་ལྡན་མིན་པའི་གད་སྙིགས་སྤུངས་སའི་གནས་མི་འདྲ་བ587ལ་དག་ཐེར་བྱས་པ་སོགས་བྱས། དེ་དང་ཆབས་ཅིག དྲིལ་སྒྲོག་བྱང་བུ་དང་སྐད་འཕྲིན་ཚོམས་སོགས་སྤྱད་དེ་ཚན་རིག་གི་ཉིན་རྒྱུན་ཡོངས་ཁྱབ་བདེ་སྲུང་ཤེས་བྱ་དང་།འཕྲོད་བསྟེད་རིམས་འགོག་ཤེས་བྱ་དྲིལ་སྒྲོག་གིས་ཞིང་འབྲོག་མང་ཚོགས་ལ་བདེ་ཐང་འཕྲོད་བསྟེན་གྱི་འདུ་ཤེས་གསར་སྐྲུན་དང་བདེ་ཐང་འཚོ་བའི་བྱེད་ཐབས་ཤིག་ཆགས་སུ་བཅུག་ཡོད།

ས་ཁུལ་སོ་སོའི་དོན་དངོས་དང་ཟུང་འབྲེལ་སྒོས་ཁྱིམ་ཚང་བསྡུ་རུབ་དང་སྡེ་གྲོང་ཁུ་བསྡུ། ཡུལ་ཚོ་དང་གྲོང་རྡལ་གནས་སྤོར། རྫོང་དང་སྲིད་འཛིན་ས་ཁུལ་གྱིས་ཐག་གཅོད་བྱེད་པ་བཅས་ཀྱིས་མཁར་གྲོང་གཅིག་གྱུར་ཅན་གྱི་བཅོས་སྐྱོང་རྣམ་གཞག་བཅས་ཀྱིས་ཡུལ་ཚོ་དང་གྲོང་རྡལ་ལ་གཅིག་གྱུར་བཅོས་སྐྱོང་རྣམ་གཞག་སྤེལ་ཏེ་གད་སྙིགས་མུ་མཐུད་གཙང་སེལ་དང་འཚོ་བའི་བཙོག་ཆུ་ཐག་གཅོད་སྒྲིག་ཆས་འཛུགས་སྐྲུན་བྱས། ཁུལ་ཧྲིལ་པོར་ཡུལ་ཚོ་དང་གྲོང་རྡལ35ལ་སྡེ་གྲོང296གསར་བཟོ་བྱས་ཤིང་། ཁྱོན་བསྡོམས་ཡུལ་ཚོ་དང་གྲོང་རྡལ25ལ་འཚོ་བའི་གད་སྙིགས་ཐག་གཅོད་བྱེད་སའི་གནས་མི་འདྲ་བ25གསར་སྐྲུན་དང་འཚོ་བའི་གད་སྙིགས་བསྡུ་རུབ་སྒམ་ཆུང3281བཀོད་སྒྲིག་བྱས། སྡེ་གྲོང290ལ་གད་སྙིགས་བསྡུ་རུབ་སྐྱེལ་འདྲེན་སྒྲིག་ཆས་བཀོད་སྒྲིག་དང་སྲིད་འཛིན་སྡེ་བ71གི་བཙོག་ཆུ་ཐག་གཅོད་བྱས་ཡོད། ཁུལ་ཡོངས་ཀྱི་གསོ་སྤེལ་ར་བ110ལ་ཆ་སྙོམས་སྒོས་སྒོ་ཕྱུགས་ཀྱི་ལུད་རྫས་ཐོན་ཁུངས་སྒྲིག་ཆས་གསར་སྐྲུན་བྱེད་པ་བཅས་ཀྱི་ཐད་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི7718.6བཏང་བ་དང་སྔ་གཞུག་ཏུ་ས་མཐོའི་མཛེས་གྲོང13གསར་སྐྲུན་ཡོངས་འགྲུབ་དང་རིགས་མི་འདྲ་བའི་རྣམ་གྲངས23དངོས་སུ་ལག་བསྟར་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།