2020ལོའི་མཚོ་སྔོན་ཞིང་ཆེན་གྱི་ཐད་གཏོགས་དོན་ལས་སྡེ་ཚན་གྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་མི་བསྡུ་བའི་བརྡ་སྦྱོར།

《2020ལོའི་ཞིང་ཆེན་ཡོངས་ཀྱི་དོན་ལས་སྡེ་ཚན་གྱི་ལས་མི་བསྡུ་བའི་ལས་ཀའི་ཇུས་གཞི》(མཚོ་སྔོན་སྲིད་གཞུང་ལས་ཐིན〔2020〕ཨང80པ། ) ད་ལོའི་ཞིང་ཆེན་ཐད་གཏོགས་དོན་ལས་སྡེ་ཚན་གྱིས་སྤྱི་ཚོགས་ཡོངས་ཁ་ཕྱོགས་ནས་ལས་མི་བསྡུ་བའི་འཆར་གཞི་གཏན་འཁེལ་བྱས་པ་དང་། ལས་བསྡུའི་ལས་གནས་ཁྱོན1373ཡོད་པ་རེད། ཐེངས་འདིའི་ལས་བསྡུའི་འཆར་གཞིའི་ནང2019ལོའི་ལོ་མཇུག་ཏུ་གཏན་འབེབས་བྱས་པའི་ལས་མི་སྤྱོད་མཁན་ལས་ཁུངས་ཀྱིས་ཞིང་ཆེན་ཕྱིར་ཚོགས་པ་སྒྲིག་འཛུགས་བྱས་ནས་ཤེས་ལྡན་མི་སྣ་ནང་འདྲེན་དང2020ལོའི་ཚན་པས་རང་བརྟེན་ལས་བསྡུའི་ལས་གནས་འཆར་གཞི་ནང་དུ་ཚུད་མེད་པ་རེད། ད་ལྟ་འབྲེལ་ཡོད་དོན་དག་ཁྱབ་སྒྲོག་བྱས་པ་གཤམ་གསལ།

གཅིག ལས་བསྡུའི་ཁྱབ་ཁོངས།

ཞིང་ཆེན་ཐད་གཏོགས་དོན་ལས་སྡེ་ཚན་གྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་མི་བསྡུ་བ་དེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སོ་སོར་སྤེལ་བཞིན་ཡོད། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་གཏན་འཁེལ་བྱས་པའི་ལས་བསྡུའི་ལས་གནས་དེ་རང་ཞིང་གི་ཁྱིམ་ཐོ་དང་། རང་ཞིང་གི་སློབ་ཁུངས། རང་ཞིང་གི་་སློབ་ཆེན་དང་སློབ་གླིང་གི་མཐར་ཕྱིན་སློབ་མ། རང་ཞིང་དུ་ཞབས་འདེགས་ཞུ་བའི“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི་སོགས་གཞི་རིམ་རྣམ་གྲངས་རིགས་གསུམ་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ། རང་ཞིང་དུ་དམག་ཞབས་ཞུ་ཡུན་ལོན་པའི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མི། རང་ཞིང་གི་འབྲེལ་ཡོད་སྲིད་ཇུས་ཀྱི་གཏན་འབེབས་ལྟར། ལས་གནས་ཁ་ཤས་སུ་གནས་གཏན་འཁེལ་གྱིས་ལས་བསྡུ་བྱེད་པ(ཁ་ཕྱོགས་གཏན་འཁེལ་གྱིས་དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་དང་། ཁ་ཕྱོགས་གཏན་འཁེལ་གྱིས་དམག་ཁོངས་ནས་ཕྱིར་བུད་པའི་ཕུལ་བྱུང་ལུས་རྩལ་པ་སོགས་ཚུད་པ)ལག་བསྟར་བྱས་ཡོད།

གཉིས། ལས་བསྡུ་བྱེད་སྟངས་དང་གོ་རིམ། ཐེངས་འདིའི་ལས་བསྡུ་བྱེད་སྐབས་དཔྱད་ཞིབ་ལས་བསྡུ་དང་ཡིག་རྒྱུགས་ལས་བསྡུ་བྱེད་ཐབས་གཉིས་སྤྱོད་རྒྱུ་ཡིན། ལས་བསྡུའི་འཆར་གཞིའི་རེའུ་མིག་ནང“དཔྱད་ཞིབ་ལས་བསྡུའི་བཀོལ་སྤྱོད”ཀྱི་ལས་གནས་བཀོད་ཡོད་པ་ཕུད། ལས་གནས་གཞན་དག་ཚང་མ་ཡིག་རྒྱུགས་ཀྱི་ལས་བསྡུའི་ལས་གནས་སུ་གཏོགས་པ་རེད། རྒྱུགས་སྤྲོད་ལས་བསྡུའི་ལས་གནས་དེ་ལས་བསྡུའི་ཆ་འཕྲིན་དང་། དྲ་ཐོག་ནས་མིང་ཐོ་འགོད་པ། ཐོབ་ཐང་ཞིབ་བཤེར། ཡིག་རྒྱུགས། ཡུལ་དངོས་ཐོབ་ཐང་ཞིབ་བཤེར། ཁ་རྒྱུགས། ལུས་ཕུང་བརྟག་དཔྱད། རྟོག་ཞིབ(ཆབ་སྲིད་ཞིབ་བཤེར)ཁྱབ་སྒྲོག ལས་བསྡུའི་འགྲོ་ལུགས་གཉེར་བ་སོགས་ཀྱི་གོ་རིམ་གཞིར་བཟུང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུ་ཡིན་པ་རེད།

གསུམ། མིང་ཐོ་འགོད་པའི་དུས་ཚོད།

མིང་ཐོ་འགོད་པའི་དུས་ཚོད་ནི2020ལོའི་ཟླ6པའི་ཚེས22ཉིན་གྱི་ཆུ་ཚོད9ནས་ཟླ6པའི་ཚེས28ཉིན་གྱི་ཆུ་ཚོད18བར་ཡིན། (ཚེས25ཉིན་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ཞིབ་བཤེར་གཏན་འབེབས་མི་སྣའི་རྒྱུན་ལྡན་གྱི་ངལ་གསོ་ཡིན། ) དངུལ་སྤྲོད་དུས་ཚོད་ནི2020ལོའི་ཟླ6པའི་ཚེས22ཉིན་གྱི་ཆུ་ཚོད9ནས་ཟླ7པའི་ཚེས1ཉིན་གྱི་ཆུ་ཚོད24བར་ཡིན་པ་རེད།

བཞི། ཡུལ་དངོས་ཐོབ་ཐང་ཞིབ་བཤེར་རྒྱུགས་སྤྲོད་ལས་བསྡུའི་ལས་གནས་དེ་ཡིག་རྒྱུགས་མཇུག་འགྲིལ་ནས་ཉིན15ཙམ་སོང་བར། ཞིང་ཆེན་མི་དོན་ཡིག་རྒྱུགས་ཆ་འཕྲིན་དྲ་བའི་ཐོག་ཡིག་རྒྱུགས་སྐར་གྲངས་ཁྱ་སྒྲོག་བྱ་རྒྱུ་རེད།

ལྔ་པ། འབྲེལ་ཡོད་བླང་བྱ།

ལས་བསྡུ་བྱེད་པའི་རིང་དུ། འབྲེལ་ཡོད་ལས་བསྡུའི་བརྡ་ཐོ་དང་ཁྱབ་སྒྲོག་སོགས་ཀྱི་ཆ་འཕྲིན་གལ་ཆེན་དག་ཞིང་ཆེན་མི་དོན་ཡིག་རྒྱུགས་ཆ་འཕྲིན་དྲ་བའི(www.qhpta.com)ཐོག་ཁྱབ་སྒྲོག་བྱ་རྒྱུ་ཡིན་ཞིང་། རྒྱུགས་སྤྲོད་སློབ་མ་ཚོས་དུས་ཐོག་ལྟར་དོ་ཁུར་བྱ་རོགས།

བློ་འདྲིའི་ཁ་པར། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་བློ་འདྲིའི་ཐད་སྦྲེལ་ཁ་པར། 12333དྲ་ཐོག་ཐོ་འགོད་བྱས་པའི་ལག་རྩལ་བློ་འདྲིའི་ཁ་པར། ཞིང་ཆེན་མི་དོན་ཡིག་རྒྱུགས་ལྟེ་གནས། 0971-8258587(ལག་རྩལ་པུའུ)

ལྟ་སྐུལ་ཁ་པར། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་སྟེ། 0971-8482613(ལས་བྱེད་མི་སྣ)ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། 0971-8258130(དོན་ལས་སྡེ་ཚན་གྱི་མི་དོན་དོ་དམ་ཁྲུའུ། )

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ།

མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན།

2020ལོའི་ཟླ6པའི་ཚེས18ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།