རང་ཞིང་གིས་ཚོང་གཉེར་ཁོར་ཡུག་ལེགས་བཅོས་སོགས2020ལོའི་ལོ་འཁོར་གྱི་འཆར་གཞིའི་ཁྲོད་བཞག་པ།

ད་ལོར་རང་ཞིང་གིས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་དང་སྲིད་དོན་ཕྱི་གསལ་ནང་གསལ་བྱ་བ་སོགས་དམངས་ཕན་ཚོང་ཕན་གྱི་དམིགས་ཚད་རྣམ་གྲངས17གྲོང་ཁྱེར་དང་ཁུལ། བཟོ་ལས་གླིང་ཁུལ། འབྲེལ་ཡོད་ཐད་གཏོགས་སྡེ་ཚན་གྱི2020ལོའི་ལོ་འཁོར་གྱི་འཆར་གཞིའི་འགན་འཁྲིའི(ལས་ཕྱོད)ཞིབ་དཔྱོད་ནང་བཞག་སྟེ་ཚོང་གཉེར་གཏན་འཇགས་དང་། འདྲ་མཉམ། ཕྱི་གསལ་ནང་གསལ་ཡིན་པའི་ཁོར་ཡུག་བཟང་པོ་བསྐྲུན་པ་དང་འབྲེལ། ཁྲོམ་རའི་བྱེད་པོའི་གསོན་ཤུགས་ངར་འདོན་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས་ཁེ་ལས་ཀྱི་དཀའ་ཁག་སེལ་རོགས་དང་ཐོན་སྐྱེད་ཚོང་གཉེར་སླར་གསོ་ལ་རོགས་བྱ་རྒྱུ་རེད། 

བཟོ་ལས་ཐོན་སྐྱེད་སླར་གསོ་ལ་དམིགས་ཚད་མང་པོ་བཏོན་ནས་སླར་གསོ་བྱེད་པའི་ཐད་ནས། རང་ཞིང་གིས་ནད་ཡམས་འགོས་ཁྱབ་འགོག་ཟོན་གྱི་ཆེད་དུ་ཞིང་ཆེན་གྱི་གོང་སྤེལ་བཅོས་སྒྱུར་ཨུ་ལྷན་དང་ཞིང་ཆེན་བཟོ་ལས་ཆ་འཕྲིན་ཐིང་། ཞིང་ཆེན་སྲིད་དོན་ཞབས་ཞུ་ལྟ་སྐུལ་ཅུས་བཅས་ཀྱི་མཉམ་གྲོས་མཉམ་འབྲེལ་ཐོག ཁེ་ལས་ཀྱི་བཟོ་ལས་དང་ཐོན་སྐྱེད་སླར་གསོའི་ཐད་ཀྱི་ཞབས་ཞུ་དང་འགན་སྲུང་གི་དགོས་མཁོ་ལྟར་ཞབས་ཞུ་དང་འགན་སྲུང་གི་གནད་འགག་ཁྱབ་ཁོངས་དང་ལས་ཀ་སྤྱི་ལ་གཞིགས་ནས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་དང་། དྲ་གཅིག་ཡོངས་སྒྲུབ། གཞི་གཅིག་ཅན་གྱི་འཕྲིན་སྟེགས་འཛུགས་སྐྲུན། གླ་དངུལ་ཆད་འགྱངས་གཙང་སེལ་བྱ་བ་སོགས་དམིགས་ཚད་རྣམས་མྱུར་བ་མྱུར་དུ་གྲོང་ཁྱེར་དང་ཁུལ། དེ་མིན་འབྲེལ་ཡོད་ཞིང་ཆེན་ཐད་གཏོགས་སྡེ་ཚན་གྱི་ལོ་འཁོར་གྱི་ལས་ཕྱོད་ཞིབ་དཔྱོད་དམིགས་འབེན་ནང་འཇོག་རྒྱུ་དང་། མཚོ་སྔོན་ཚོང་མོལ་ཚོང་ཚོགས་ཐོག་གྲོས་ཆིངས་བཞག་པའི་ལས་གཞི་དང་། ལོ་དེར་གྲོས་ཆིངས་བཀོད་པའི་ལས་གཞི་ལོ་དེར་གཉེར་ཚད་དང་ཐོན་ལས་སྐྱེད་སྲིང(དཔལ་འབྱོར་རྣམ་པ་བཞི)ལ་སོགས་རྣམ་གྲངས11གི་དམིགས་ཚད་རྣམས་བཟོ་ལས་གླིང་ཁུལ་གྱི་ལོ་ཧྲིལ་པོའི་ལས་ཀའི་དཔྱད་ཞིབ་དམིགས་འབེན་ནང་བླངས་ཏེ། ཁེ་ལས་ཀྱི་བཟོ་ལས་ཐོན་སྐྱེད་སླར་གསོ་དང་ཚོང་གཉེར་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཐུབ་ལ་ཧུར་བརྩོན་བྱ་རྒྱུ་རེད།

འབྲེལ་ཡོད་དམིགས་ཚད་ཀྱི་དམིགས་ས་རང་བཞིན་ཇེ་ལེགས་སུ་གཏང་བའི་ཆ་ནས། 2020ལོའི་ལོ་འཁོར་གྱི་འཕར་སྣོན་ནམ་ཡང་ན་སྙོམས་སྒྲིག་ལས་ཀ་ཁག་གི་ཞིབ་དཔྱད་དམིགས་ཚད་སྐོར་གྱི་གྲོས་མཐུན་གྲོས་ཚོགས་དུས་ཐོག་ཏུ་བསྡུས་ཏེ། འབྲེལ་ཡོད་དམིགས་ཚད་དོན་འཁྱོལ་བྱེད་ཐབས་དང་བྱེད་ཐབས་ཞིབ་ཕྲ། སྐར་གྲངས་དཔྱད་སྡུར་ཞིབ་སྲོལ་ལ་སོགས་ཀྱི་ནང་དོན་ཞིབ་ཚགས་བཟོ་བར་བླང་བྱ་བཏོན། དེ་ལས“དྲ་གཅིག་ཡོངས་སྒྲུབ”ཀྱིས་གྲོང་ཁྱེར་དང་ཁུལ། རྫོང་། གྲོང་ཁྱེར། ཆུས་བཅས་ཀྱི་སྲིད་དོན་ཞབས་ཞུ་ལས་སྒོ་དྲ་ཐོག་ནས་བསྒྲུབ་ཐུབ་པ་དང་། སྲིད་དོན་ཞབས་ཞུ་སྒྲུབ་རིམ་སྟབས་བདེར་བཟོ་བ་དང་། སྲིད་དོན‘མྱུར་སྒྲུབ་དང་། དྲ་སྒྲུབ། ཉེ་སྒྲུབ། ཆིག་སྒྲུབ’ཞབས་ཞུ་ལས་སྒོ་ལག་བསྟར་སོགས་ཀྱི་ནང་དོན་གསལ་འབེབས་བྱ་བ་ཡིན། “གཞི་གཅིག་ཅན་གྱི་འཕྲིན་སྟེགས་འཛུགས་སྐྲུན”གྱིས“‘དྲ་སྦྲེལ+སྲིད་དོན་ཞབས་ཞུ’གཞི་རིམ་དུ་བསྲིངས་ནས་སྲིད་དོན་ཞབས་ཞུ་ལས་སྒོ་དེ་ལས་མང་པོ‘དྲ་སྒྲུབ’ཐུབ་པར་སྐུལ་འདེད་དང་། སྲིད་དོན་གཞི་གྲངས་བཙུགས་ནས་དགོས་མཁོ་ལྟར་གློག་རྡུལ་དཔང་ཡིག་དང་གློག་རྡུལ་ཐམ་ག ལས་སྒྲུབ་རྒྱུ་ཆ། གཞི་གྲངས་ཐོན་ཁུངས་དག་རིམ་པ་མི་འདྲ་བའི་སྡེ་ཚན་བར་དུ་མཉམ་སྤྱོད་དང་ཕན་ཚུན་ངོས་འཛིན་ཐུབ་པའི་ནང་རྐྱེན་ལམ་ལུགས་སོགས་བཟོ་བའི་ནང་དོན་གསལ་འབེབས་བྱ་བ་ཡིན། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་དམིགས་ཚད་ཀྱིས“ཁེ་ལས་གཉེར་བའི་གོ་རིམ་དང་དུས་ཚོད། བཟོ་སྐྲུན་རྣམ་གྲངས་ཀྱི་མཆན་འགོད་དུས་ཚོད། གློག་ཤུགས། ཆུ་དང་སོལ་རླངས་བེད་སྤྱོད་ལ་སོགས་ཀྱི་ནང་དོན་གཙོ་བོ་གཏན་འཁེལ་བྱ་བ་དང་། ཞིབ་དཔྱད་དམིགས་ཚད་ཀྱི་དམིགས་ས་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཇེ་ལེགས་སུ་གཏང་བ་རེད།
       ཞིབ་དཔྱད་མཇུག་འབྲས་བེད་སྤྱོད་བྱེད་ཐབས་གསལ་འབེབས་བྱས་པའི་སྐོར་ནས། ལོ་འཁོར་གྱི་དམིགས་འབེན་འོས་འགན་ཞིབ་དཔྱད་ཁྲོད་དུ། རང་རེའི་ཞིང་ཆེན་གྱིས་འབྲེལ་ཡོད་དཔྱད་ཞིབ་དང་ཞིང་ཆེན་ཡོངས་ཀྱི་དམིགས་འབེན་ལས་འགན(ལས་ཕྱོད)ཞིབ་དཔྱད་མཉམ་གཅིག་ཏུ་སྤེལ་རྒྱུ་དང་། ལས་སྒྲུབ་ཁ་ཕྱོགས་མཐུན་པའི་འགན་ནུས་སྡེ་ཚན་སོ་སོ་ནས་དེ་བསྟུན་གྱི་ཞིབ་དཔྱད་སྒྲིག་སྲོལ་ཞིབ་ཕྲ་དང་སྐར་གྲངས་དཔྱད་སྡུར་ཚད་གཞི་བཟོ་རྒྱུ། ལོ་མཇུག་གི་ཞིབ་དཔྱད་བྱ་བ་དེ་འགན་ནུས་སྡེ་ཚན་ནས་ཆེད་མི་མངགས་ཏེ་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་དང་། སྲིད་དོན་ཞབས་ཞུ་གཞི་གཅིག་ཅན་གྱི་འཕྲིན་སྟེགས་འཛུགས་གཉེར། གླ་དངུལ་ཆད་འགྱང་གཙང་སེལ་སོགས་ལ་ཆེད་དོན་དཔྱད་ཞིབ་བྱ་རྒྱུ་མ་ཟད།དཔྱད་ཞིབ་མཇུག་སྐར་ལ་རྩིས་བརྒྱབ་རྗེས་ཐད་ཀར་དམིགས་འབེན་ལས་འགན་(ལས་ཕྱོད)དཔྱད་ཞིབ་ཀྱི་སྤྱིའི་སྐར་གྲངས་སུ་བརྩིས་ཏེ་ཁེ་ལས་ཀྱི་བཟོ་ལས་ཐོན་སྐྱེད་སླར་གསོ་དང་གོང་སྤེལ་ལ་གཡས་གཞོགས་གཡོན་འདེགས་བྱ་རྒྱུ་རེད།

ཁོན་ཐར་འཚོས་བསྒྱུར།