མི་རིགས་མཐུན་སྒྲིལ་ཡར་ཐོན་སྨྱན་སྦྱོར་གསར་འགོད་མཚོ་ཤར་དུ་བསྐྱོད་པའི་བྱེད་སྒོ་དངོས་སུ་འགོ་ཚུགས་པ།

རང་རེའི་དྲ་བའི་འཕྲིན། ཟླ6ཚེས15ཉིན། མི་རིགས་མཐུན་སྒྲིལ་ཡར་ཐོན་སྨྱན་སྦྱོར་གསར་འགོད་མཚོ་ཤར་དུ་བསྐྱོད་པའི་བཅར་འདྲིའི་བྱེད་སྒོ་ཆེན་མོ་མཚོ་ཤར་གྲོང་ཁྱེར་གྱི་དམར་གཙང་ཆུས་དུ་དངོས་སུ་འགོ་ཚུགས་པ་རེད། མཚོ་ཤར་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་སྔོན་ཐོན་ཆུས་ཀྱི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གཞུང་སྒྲུབ་ཁང་དང་མཚོ་ཤར་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཀྲུང་དབྱང་གི་མཚོ་སྡོད་གཞུང་ཚབ་པ་དང་ཞིང་ཆེན་ཧྲིན་ཧིན་སྨྱན་སྦྱོར། གྲོང་ཁྱེར་ནང་ཁུལ་གྱི་སྨྱན་སྦྱོར་རྩ་འཛུགས་བཅས་ཀྱིས་གཞི་རིམ་གྱི་ཟབ་ས་ནས་བཅར་འདྲི་་བྱས་ཏེ། ས་གནས་དེའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེར་སྟོན་གྲོང་ཁྱེར་གསར་སྐྲུན་བྱས་པའི་ཉམས་མྱོང་སྔོག་འདོན་སྒོས། མདོ་དབུས་མཐོ་སྒང་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེར་སྟོན་གྱི་གཡུལ་ས་དང་དྲིལ་སྒྲོག་གི་མཁའ་དབུགས་སྟུག་པོ་ཞིག་གསར་སྐྲུན་བྱས་ཡོད། ནུབ་མཚོའི་གྲོང་ཁྱེར་ཚགས་པར་ཁང་གི་གསར་འགོད་པས་ཐེངས་འདིའི་བྱེད་སྒོ་ཧྲིལ་བོའི་སྙན་ཞུ་ལ་ཟབ་ཞུགས་བྱས་ཡོད།

ཐེངས་འདིའི་བཅར་འདྲིའི་བྱེད་སྒོ་དེའི་ཁོངས་སུ“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག སེམས་པ་གཅིག་སྒྲིལ་ཀྲུང་གོའི་ཕུགས་འདུན་བསྐྲུན་པའི་རབ་མཛེས་མཚོ་ཤར་དུ་བསྐྱོད་པ།” “མི་རིགས་མཐུན་སྒྲིལ་མེ་ཏོག་རྣམ་པར་བཞད་པའི་རབ་མཛེས་ཙོང་ཆུའི་བོད་ཡུལ་དུ་བསྐྱོད་པ”གཉིས་ཡིན། ལས་རིགས་སོ་སོ་སྔོག་འདོན་གཏིང་ཟབ་དང་ཁྱབ་ཁོངས་སོ་སོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བའི་ཁྱད་ཆོས་འབུར་དུ་ཐོན་པར་སྣེ་ཁྲིད་སྒོས་གཅིག་བསྡུས་དྲིལ་སྒྲོག་དང་མི་རིགས་མཐུན་སྒྲིལ་གསར་སྐྲུན་གྱི་གྲུབ་འབྲས་འགྲེམས་སྟོན་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་རྒྱུན་མཐུད་གཏིང་ཟབ་སྒོས། མདོ་དབུས་མཐོ་སྒང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེར་སྟོན་གསར་སྐྲུན་བྱེད་པར་ཤུགས་སྣོན་བྱས་ཡོད།

རྒྱུས་ལོན་པ་ལྟར་ན། ན་ནིང་རྒྱལ་ཁབ་མི་རིགས་ཆོས་ལུགས་དོན་གཅོད་ཨུ་ལྷན་གྱིས་མཚོ་ཤར་གྲོང་ཁྱེར་ལ“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེར་སྟོན་གྲོང་ཁྱེར”གྱི་མཚན་སྙན་དངོས་སུ་གནང་། ལོ་འདི་དག་གི་རིང་ལ། མཚོ་ཤར་གྲོང་ཁྱེར་གྱིས་སྒྲིག་སྲོལ་ལམ་ལུགས་གསར་སྐྲུན་འཐུས་ཚང་ཅན་དུ་བཏང་སྟེ་བསྡུས་གཟུགས་ཀྱི་སྟེགས་བུ་ཞིག་ཧུར་ཐག་སྒོས་གསར་སྐྲུན་གནང་ནས། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དེ་འབུར་ཐོན་གྱི་འཐབ་ཇུས་གོ་གནས་སུ་འཕེལ་བའི་ཚད་གཞི་ཇེ་མགྱོགས་སུ་བཏང་ནས། དམངས་ཚིས་བདེ་སྐྱིད་ཇེ་མང་དང་། རིགས་སོ་སོའི་མི་རིགས་ཀྱིས་མཛེས་སྡུག་གི་འཚོ་བར་རེ་སྙེག་བྱེད་པའི་འདོད་བློ་དེ་ཡོངས་སུ་ཁེངས་བར་བཅུག་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།