ལུང་མདོའི་བུད་མེད་ཀྱིས་ཁེ་དབང་སྲུང་སྐྱོབ་ལ་བྱེད་ཐབས་གསར་པ་ཞིག་བཏོན་པ།

རང་རེའི་དྲ་བའི་འཕྲིན། ལོ་འདི་དག་གི་རིང་ལ་མཚོ་ཤར་གྲོང་ཁྱེར་ལུང་མདོ་ཆུས་ཀྱི་རིམ་པ་སོ་སོའི་བུད་མེད་ལྷན་ཚོགས་ཀྱིས་འགན་ནུས་ལག་བསྟར་རྩ་འཛུགས་དང་བསམ་གཞིག་གསར་གཏོད་སྒོས། སྤྱི་ཚོགས་བདག་དོམ་གྱི་བརྒྱུད་རིམ་གསར་བའི་འཚོལ་ཞིབ་དང་བྱེད་ཐབས་གསར་པའི་ཁྲོད་ཟབ་ཞུགས་སྒོས་འགོ་ཁུངས་ཀྱི་ཁེ་དབང་སྲུང་སྐྱོང་ལ་རྐང་བཙུགས་སྟེ་སྤྱི་ཚོགས་ཅན་གྱི་ཁེ་དབང་དང་དོན་དངོས་ཁེ་དབང་སོགས་སྒྲུབ་ནས། རྒྱལ་ཁབ་དཔའ་མོའི་ཁེ་དབང་སྲུང་སྐྱོབ་བྱེད་སྒོ་རྒྱུན་མ་ཆད་པར་སྤེལ་པས། ཆུས་ཡོངས་ཀྱི་བུད་མེད་ཁེ་དབང་སྲུང་སྐྱོབ་ཀྱི་འདུ་ཤེས་སྔར་ལས་མཐོར་འདེགས་སྒོས། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་འགེབས་སྲུང་ནུས་ལྡན་བྱས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ལུང་མདོ་ཆུས་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་བྱ་བའི་ཇུས་གཞི་ལ་ཞིབ་འཇུག་གཏན་ཁེལ་གསལ་བོ་བྱས་ཏེ། སྐྱེས་མའི་ཁེ་དབང་གི་སྙོམས་སྒྲིག་གསར་འཛུགས་བྱས། ཆུས་ཀྱི་དོན་དངོས་གནས་ཚུལ་ལ་ཟུང་འབྲེལ་སྒོས་གཙོ་འཛིན་བདག་དོམ་འགེབས་སྲུང་བྱ་བ་གཏན་ཁེལ་དང་། ལུང་མདོ་ཆུས་ཀྱི་བཅའ་ཁྲིམས་རོགས་སྒྲུབ་ལྟེ་གནས་ཀྱིས་བུད་མེད་ཀྱི་བྱ་བར་ཆ་རྒྱུས་ཡོད་པའི་ཁྲིམས་རྩོད་བཅའ་ཁྲིམས་བློ་འདྲི་མཁན་གདན་འདྲེན་ཞུས་ཤིང་། དེའི་མི་ཚད་ཡུལ་ཚོ་དང་གྲོང་རྡལ19ལ་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོབ་བྱ་བའི་ས་ཚིགས19གསར་འཛུགས་བྱས། སྡེ་བ364ཡི་བུད་མེད་གཞིས་ཁྱིམ་གྱིས་སྡེ་བའི་ཕྱོགས་བསྡུས་བྱ་བའི་ལྟེ་གནས་གཞིར་བཟུང་སྟེ། སྡེ་བའི་བུད་མེད་ལྷན་ཚོགས་ཀྱི་ཀྲུའུ་ཞི་དེ་ཕྱོགས་བསྡུས་བྱ་བའི་འགོ་ཁྲིད་ཁྲོད་བཞག་ཤིང་། བུད་མེད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་བྱ་བའི་ཞན་ཆ་ཡི་འགོ་ཁུངས་དེ་ཡོངས་སུ་གཏོར་ནས། ཆུས་དང་ཡུལ་ཚོ་གྲོང་རྡལ། སྡེ་བ་བཅས་རིམ་པ་གསུམ་གྱི་ཁེ་དབང་དྲ་རྒྱ་བཙུགས་ནས། བུད་མེད་ཀྱི་ཁེ་དབང་བྱ་བའི་གོ་རིམ་རེ་རེ་ལ་མིས་བདག་དོམ་བྱེད་མཁན་ཡོད་པ་དང་སྒྲུབ་མཁན་ཡོད་པ། སྟངས་འཛིན་བྱེད་མཁན་ཡོད་པ་བཅས་བྱས་བྱ་དགོས་པ་རེད།

རྒྱ་ཆེའི་བུད་མེད་མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་འདུ་ཤེས་སྔར་ལས་མཐོར་འདེགས་སུ་གཏང་ཆེད། ལུང་མདོ་ཆུས་བུད་མེད་ལྷན་ཚོགས་ཀྱིས་ཁེ་དབང་སྲུང་སྐྱོང་ཟླ་བ་དང་དུག་འགོག་ཉིན་མོ། རྒྱལ་སྤྱིའི་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་ཉིན་མོ། བཅའ་ཁྲིམས་དྲིལ་སྒྲོག་ཉིན་མོ་སོགས་དུས་ཆེན་བེད་སྤྱད་དེ། ཐེངས་མང་པོར་མཁར་ཁུལ་གྱི་མི་གྲངས་འདུས་སྡོད་འཚུབ་སའི་ས་ཁུལ་དུ་བུད་མེད་དག་ལ་ཡོངས་ཁྱབ་བཅའ་ཁྲིམས་ཀྱི་བྱེད་སྒོ་སྤེལ། འདྲི་རྟོག་སྟེགས་བུ་གསར་འཛུགས་དང་དྲིལ་སྒྲོག་དཔྱད་ཡིག་བཀྲམ་པ། འཕྲེད་དར་འགེལ་བ་བཅས་ཀྱི་བྱེད་ཐབས་ལ་བརྟེན་ནས། གཅིག་སྡུད་ཐོག་མང་ཚོགས་རྩ་འཛུགས་བྱས་ཏེ་བུད་མེད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་རྒྱུས་ལོན་བྱས། ཁེ་དབང་སྲུང་སྐྱོབ་ཀྱི་རྣམ་པ་གསར་གཏོད་སྒོས་བུད་མེད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ཞབས་ཞུ་གསར་འཛུགས་དང་། ལུང་མདོ་ཆུས་ཀྱི་སྤྱི་བདེ་ཆུས་ལ་ཟུང་འབྲེལ་སྒོས་ཁྱིམ་ཚང་གི་གཏུམ་སྤྱོད་ཞུ་གཏུག་ས་ཚིགས་གསར་འཛུགས་སྒོས་ཁྱིམ་ཚང་གི་གཏུམ་སྤྱོད་གནོད་འཚེ་མཁན་གྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པར་འགན་སྲུང་བྱས་ཡོད།

དེ་དང་ཆབས་ཅིག ལུང་མདོ་ཆུས་ཀྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱིས་ཞིང་སྡེའི་བུད་མེད་དག་གི་ས་གཞིའི་ཁེ་དབང་ལ་སྲུང་སྐྱོང་དང་མཁར་གྲོང་ཁང་པ་གཤིག་སྤོར་གྱི་ཁ་གསབ། ལས་ཞོར་ལས་བཟོ་པའི་ངལ་རྩོལ་ཁེ་དབང་སོགས་ཀྱི་གནད་དོན་གཞིར་བཟུང་སྟེ། བུད་མེད་དག་གི་ཁེ་དབང་སྙོམས་སྒྲིག་ཐག་གཅོད་དང་ཐོན་ཁུངས་རིགས་བཀར། ཁེ་དབང་འགེབས་སྲུང་སོགས་ཀྱི་གནད་དོན་ཐད་ཀྱི་དཀའ་གནད་ཡང་ཁྱད་གསོད་བྱས། བུད་མེད་ཚོགས་སྤྱིའི་ཁེ་ཕན་ཐད་ཀྱི་ཞུ་གཏུག་བླང་བྱ་ལ་མཐོང་ཆེན་བྱས་ཏེ་བཅའ་འདྲི་རྟོག་ཞིབ་སོགས་བརྒྱུད་འགལ་ཟླ་དུས་ལྟར་རིམ་སྤར་གྱིས་གྱོད་དོན་ཐག་གཅོད་ཚད་གཞི100%ལ་སླེབས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།