མེ་གསོད་འཕྲད་བསྟུན་སྦྱོང་བརྡར་གྱིས་བདེ་འཇགས་འགོག་སྲུང་ལྕགས་རི་བསྐྲུན།

འཕྲད་བསྟུན་མེ་གསོད་མྱུར་སྐྱོབས་ཚན་ཆུང་མེ་སྐྱོན་ཡུལ་དངོས་སུ་བསྐྱོད་པའི་རྣམ་པ།

གཏོར་གྲམ་ཚན་ཆུང་གིས་ཐར་ཐོར་དུ་གནས་པའི་ཁྱིམ་ཚང་དག་བདེ་འཇགས་ཁྱབ་ཁོངས་སུ་གནས་སྤོར་བྱེད་བཞིན་པ།

སྡོད་དམངས་དག་གིས་འཕྲད་བསྟུན་མྱུར་སྐྱོབས་སྒྲིག་ཆས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བཞིན་པ།

སྨན་བཅོས་མྱུར་སྐྱོབ་ཚན་ཆུང་གིས་ཡུལ་དངོས་སུ་མྱུར་སྐྱོབས་བྱ་བ་སྒྲུབ་བཞིན་པ།

2020ལོའི་ཟླ6པ་ནི་རྒྱལ་ཡོངས་ཀྱི་སྐབས19པའི“བདེ་འཇགས་ཐོན་སྐྱེད་ཟླ་བ”ཡིན་པས། གློ་བུར་དུ་བྱུང་བའི་དོན་རྐྱེན་གྱི་འགལ་རྐྱེན་མེད་པར་གཏོང་བ་དང་བདེ་འཇགས་འགོག་སྲུང་ལྕགས་རི་བསྐྲུན”ཞེས་པ་བརྗོད་དོན་དུ་བཟུང་སྟེ། རང་ཞིང་གིས་ཕུན་སུམ་ཚོགས་པའི་རྣམ་པ་བེད་སྤྱོད་སྒོས་ཡོངས་ཁྱབ་སྒོས་བདེ་འཇགས་ཐོན་སྐྱེད་ལེ་དབར་ཁྲི་ལ་བསྐྱོད་པའི་བྱེད་སྒོ་འདྲ་མིན་སྤེལ་ནས། བདེ་འཇགས་ཐོན་སྐྱེད་ཀྱི་མཁའ་དབུགས་སྟུག་པོ་ཞིག་གྲུབ་ཏུ་བཅུག་པ་རེད། ཟླ6ཚེས9ཉིན། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཕུན་ཅ་ཀྲེ་མི་དམངས་སྲིད་གཞུང་སོགས་ལས་ཁུངས་ཀྱིས་གཙོ་སྒྲུབ་གནང་བའི་མེ་གསོད་འཕྲད་བསྟུན་སྦྱོང་བརྡར་དེ་བསྐྱར་དར་མེ་ཏོག་ལྡུམ་རའི་གཞིས་ཁུལ་དུ་སྤེལ་ཅིང་། མེ་གསོད་སྦྱོང་བརྡར་བརྒྱུད་མེ་གསོད་ཤེས་བྱ་དྲིལ་སྒྲོག་སོགས་ལས་གཞི་སྤེལ་ནས། མང་ཚོགས་ཀྱི་མེ་གསོད་བཅའ་ཁྲིམས་འདུ་ཤེས་དང་བདེ་འཇགས་འདུ་ཤེས་ཆེས་ཆེར་བཏང་བ་དང་། རང་སྲུང་རང་སྐྱོབ་ཀྱི་ནུས་པ་མཐོར་འདེགས་སྒོས། ཚང་མ་མེ་གསོད་ཁྲོད་བྱ་བའི་ཁྲོད་ཟབ་ཞུགས་དང་མེ་གསོད་ཐབས་ལ་རྒྱུས་ལོན་བྱེད་པ། མེ་གསོད་དྲིལ་སྒྲོག མེ་གསོད་དོ་ཁུར་བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།