2020ལོའི་མཚོ་སྔོན་ཞིང་ཆེན་གྱི་མཐོ་རྒྱུགས་སློབ་བསྡུའི་ལུས་རྩལ་ཆེད་ལས་ཀྱི་གཅིག་གྱུར་རྒྱུགས་གཞིའི་སྐར་འབྲས་སང་ཉིན་ཤེས་ཐུབ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། 2020ལོའི་མཚོ་སྔོན་ཞིང་ཆེན་གྱི་མཐོ་རྒྱུགས་སློབ་བསྡུའི་ལུས་རྩལ་རིགས་ཀྱི་ཆེད་ལས་ཀྱི་གཅིག་གྱུར་རྒྱུགས་གཞིའི་སྐར་འབྲས་ལྟ་ཞིབ་མ་ལག2020ལོའི་ཟླ6པའི་ཚེས11ཉིན་གྱི་ཆུ་ཚོད9:00ནས་བཟུང་ཤར་གཏོང་བྱ་རྒྱུ་ཡིན་ཞིང་། སློབ་མ་རྣམས་ཀྱིས་མཚོ་སྔོན་ཞིང་ཆེན་སློབ་གསོ་སློབ་བསྡུའི་རྒྱུགས་ལེན་གླིང་གི་གཞུང་ཕྱོགས་དྲ་ཚིགས(http://www.qhjyks.com)བརྒྱུད་ནས་རང་གི་རྒྱུགས་འབྲས་ལ་བལྟ་ཆོག

2020ལོའི་རང་ཞིང་གི་མཐོ་རིམ་སློབ་གྲྭའི་སློབ་མ་བསྡུ་བའི་ལུས་རྩལ་རིགས་ཀྱི་ཆེད་ལས་ཀྱི་ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་རྒྱུགས་གཞིའི་སྐར་གྲངས་ཚད་ཐིག་ནི། རིག་ཚན་ལ་སྐར་མ60.00ཡན་དང་རྩིས་ཚན་ལ་སྐར་མ65.00ཡན་ལེན་དགོས།

རྒྱུགས་ཞུགས་སློབ་མས་མི་སྒེར་གྱི་རྒྱུགས་འབྲས་མ་གཏོགས་ལྟ་མི་ཐུབ།

མཚོ་སྔོན་ཞིང་ཆེན་སློབ་གསོ་སློབ་བསྡུ་རྒྱུགས་ལེན་གླིང་།

2020ལོའི་ཟླ6པའི་ཚེས9ཉིན།

ལོ་ཙཱ་བ། ལྷ་ཆེན་རྒྱལ།