རྩེ་ཁོག་རྫོང་གིས་ནུབ་རྒྱུད་ཡུལ་ཚོ་གསུམ་ལ་རྒྱུན་བཀར་གློག་མཁོ་འདོན་བྱས་པ།

རང་རེའི་དྲ་བའི་འཕྲིན། ཟླ5ཚེས28ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ད་ལོ་སྟོང་ཝ35ཅན་གྱི་ཆུས་གསུམ་དང་ཁུལ་གཉིས་ལ་གློག་དྲ་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་ཐོག་མ་སྟེ། ཐང་དེའུ་ནས་ཧོར་བར་གྱི་སྟོང་ཝ35ཡི་གློག་སྐུད་ལམ་ཐིག་བཟོ་སྐྲུན་དེ་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་བྱས་ཏེ་སྤྱོད་འགོ་ཚུགས་ཡོད། འདིས་རྫོང་དེའི་ནུབ་རྒྱུད་ཀྱི་ཧོར་ཡུལ་ཚོ་དང་བོན་བརྒྱ་ཡུལ་ཚོ། ཉིན་ཤུག་ཡུལ་ཚོ་བཅས་ལ་སྟོང་ཝ10ཡི་གློག་སྐུད་དང་གློག་ཁུངས་སྣ་གཅིག་མཁོ་སྤྲོད་བྱེད་པ་དང་གྱེས་ནས། སྔར་ལས་བརྟན་འཇགས་དང་ཡིད་འཇགས་ཆོག་པའི་གློག་ཁུངས་སྣ་མང་ཅན་གྱི་གློག་འདོན་དུས་རབས་སུ་འཛུལ་སྟེ། ཁྱིམ་ཚང9000ལྷག་གི་ཞིང་འབྲོག་མང་ཚོགས་ཁྲི3ལྷག་གིས་ཐོན་སྐྱེད་འཚོ་བའི་ཐད་གློག་བཀོལ་ཐུབ་པ་དང་གློག་ལེགས་པོར་བཀོལ་ཐུབ་པར་གྱུར།

“ཆུས་གསུམ་དང་ཁུལ་གཉིས”ནི་རྒྱལ་ཁབ་གློག་དྲ་ཀུང་ཟིས་དབུལ་ཕོངས་ས་ཁུལ་གཞིར་བཟུང་སྟེ་མཁོ་སྤྲོད་བྱས་པའི་གློག་དྲའི་དབུལ་སྐྱོར་སྲིད་ཇུས་ཀྱི་རྣམ་གྲངས་ཤིག་ཡིན་ལ། གློག་དྲ་ནི་དཔལ་འབྱོར་འཕེལ་རྒྱས་ཐད་མེད་དུ་མི་རུང་བའི་རྨང་གཞིའི་སྒྲིག་ཆས་ཤིག་ཡིན་པའི་ཆ་ནས། དབུལ་ཕོངས་ས་ཁུལ་དུ་དབུལ་ཐར་མཁྲེགས་གཏོར་མངོན་འགྱུར་བྱེད་པའི་ཐད་ཀྱི་གཞི་རྒྱུ་གལ་ཆེན་ཞིག་ཀྱང་ཡིན། རྣམ་གྲངས་དེ་རྩེ་ཁོག་རྫོང་ཁོངས་སུ་ལག་བསྟར་བྱས་ཤིང་། 2019ལོའི་ཟླ8ཚེས30ཉིན་བཟོ་སྐྲུན་དངོས་སུ་འགོ་བརྩམས་པ་དང་བཟོ་སྐྲུན་དེའི་ཐད་ལ་སྤྱིའི་མ་དངུལ་སྒོར་ཁྲི2333བཏང་ཡོད། ལྕགས་མདོང130ཡི་རྨང་གཞི་གསར་སྐྲུན་དང་བར་སྣང་སྒྲོམ་འདེགས་གློག་སྐུད་སྟོང་རྨིད32.241 ས་འོག་གློག་སྐུད་ལམ་ཐིག་གི་རིང་ཚད་ལ་རྨིད500ལྷག་ཡོད།

ཐང་དེའུ་དང་ཧོར་ཡུལ་ཚོའི་སྟོང་ཝ35ཅན་གྱི་གློག་སྐུད་བཟོ་སྐྲུན་དེས། རྨ་ལྷོ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཉིས་བར་གྱི་སྟོང་ཝ35ཅན་གྱི་གློག་སྐུད་མཐུད་པ་དང་། མ་གཞི་སྣ་གཅིག་ཅན་གྱི་མཚོ་ལྷོ་ཁུལ་གྱི་གློག་འདོན་རྣམ་གཞག་དེས་ས་ཁུལ་གཉིས་ལ་དུས་མཉམ་དུ་གློག་མཁོ་འདོན་བྱེད་པ་རུ་བསྒྱུར་བ་མ་ཟད། དྲ་རྒྱའི་འཁོར་སྐྱོད་མངོན་འགྱུར་བྱས། གློག་འདོན་མཁོ་སྤྲོད་རང་བཞིན་དེ་སྔར་ལས་མཐོར་འདེགས་སུ་སོང་བ་མ་ཟད། གློག་སྐུད་འདི་ནི་རྩེ་ཁོག་རྫོང་གི་སྟོང་ཝ35ལ་མཐུད་སྦྲེལ་བྱས་པའི་ཐང་དེའུ་གློག་འདོན་ས་ཚིགས་དང་ཧོར་གྱི་གློག་འདོན་ས་ཚིགས་ཀྱི་གློག་སྐུད་ལམ་ཐིག་གལ་ཆེན་ཞིག་ཀྱང་ཡིན་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།