རང་ཞིང་གིས“འོད་སྣང་དང་མ་འོངས་པ་མཐོང་བ”ཞེས་པ་བརྗོད་བྱ་རུ་བཟུང་སྟེ་མིག་ལ་གཅེས་སྤྲས་བྱེད་པའི་སྤྱི་ཕན་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་པ།

རང་རེའི་དྲ་བའི་འཕྲིན། ཟླ6ཚེས6ཉིན་ནི་རྒྱལ་ཡོངས་ཀྱི་མིག་ལ་གཅེས་སྤྲས་བྱེད་པའི་ཉིན་མོ་ཐེངས25པ་ཡིན་པས། ཞིང་ཆེན་བུད་མེད་ལྷན་ཚོགས་དང་ཞིང་ཆེན་བཟོ་ཚོང་གཉིས་ཀྱིས་མཉམ་འབྲེལ་སྒོས“འོད་སྣང་དང་མ་འོངས་པ་མཐོང་བ”ཞེས་པ་བརྗོད་བྱ་རུ་བཟུང་སྟེ་མིག་ལ་གཅེས་སྤྲས་བྱེད་པའི་སྤྱི་ཕན་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ། དེས་དམངས་ཡོངས་ཀྱི་མིག་གི་བདེ་ཐང་ཚན་རིག་ཤེས་བྱའི་དགོངས་དོན་གཞིར་བཟུང་སྟེ། མི་དམངས་མང་ཚོགས་ཀྱིས་མིག་ལ་གཅེས་སྤྲས་དང་མིག་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་མཐོར་འདེགས་སུ་བཏང་ཡོད།

ད་ལོའི་རྒྱལ་ཡོངས་ཀྱི་མིག་ལ་གཅེས་སྤྲས་བྱེད་པའི་སྤྱི་ཕན་བྱ་འགུལ་གྱི་བརྗོད་དོན་ནི། “མཐོང་ཚོར2020། ཡོངས་ཁྱབ་ཀྱི་མིག་གི་བདེ་ཐང་ལ་དོ་ཁུར་བྱེད་པ”ཞེས་པ་དེ་རེད། མིག་གི་བདེ་ཐང་ནི་རྒྱལ་དམངས་ཡོངས་ཀྱི་བདེ་ཐང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། རང་རྒྱལ་གྱི་སློབ་མ་དག་ལ་ཉེ་སྒྲིབ་མཐོང་ཚོར་ཚད་མཐོ་བས། བྱིས་པའི་ལུས་སེམས་གཉིས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་སྲིད་པས། སྤྱི་ཚོགས་ཧྲིལ་བོ་ལས་འགུལ་ཁྲོད་ཞུགས་ནས། ཐུན་མོང་གིས་བྱིས་པའི་མིག་གི་བདེ་ཐང་ལ་འགེབས་སྲུང་གིས་ཁོ་ཚོར་མ་འོངས་བའི་འོད་སྣང་གསར་བ་ཞིག་བསྐྲུན་དུ་བཅུག་ཡོད།

བྱ་འགུལ་གཙོ་སྒྲུབ་ཕྱོགས་ཀྱིས་བསྟན་དོན། དེ་ཡང་གཙོ་བོ་རྣམ་གྲངས་མྱུར་སྐྱོབས་བརྒྱུད་རིན་མེད་མྱུར་སྐྱོབས་སྨན་བཅོས་བྱང་བུ་བཀྲམ་པ་དང་ཁེ་ལས་མཉམ་འབྲེལ་གྱིས་འགན་འཁྲི་དང་ལེན་བྱ་རྒྱུར་ཁས་བླངས་ཏེ། བརྩེ་སེམས་བརྒྱུད་སྒྲོག་དང་རིག་རྩལ་འཁྲབ་སྟོན། ནད་བཅོས་བརྟག་དཔྱད་སོགས་ཀྱི་ནང་དོན་དང་རྣམ་པ་སྤྱད་ཏེ། བརྩེ་སེམས་ཀྱི་ལས་ཁུངས་མང་པོ་མཉམ་འབོད་ཀྱིས་བརྩེ་སེམས་ཁེ་ལས་དང་བརྩེ་སེམས་མི་སྣ་བུད་མེད་དང་བྱིས་པའི་མིག་གི་བདེ་ཐང་སྤྱི་ཕན་རུ་དཔུང་ཁྲོད་ཟབ་ཞུགས་བྱེད་དུ་བཅུག་སྟེ། སྤྱི་ཚོགས་ཧྲིལ་བོར་མིག་གི་བདེ་ཐང་ཤེས་བྱ་བརྒྱུད་སྒྲོག་བྱས་ཡོད། ན་ཆུང་བྱིས་པ་དང་མང་ཚོགས་ལ་རོགས་རམ་སྒོས་མིག་གི་བདེ་ཐང་ཆུ་ཚད་མཐོར་འདེགས་དང་མི་རེ་རེ་ལ་གསལ་ཞིང་དྭངས་བའི་མིག་ཟུང་ཡོད་པ། འོད་སྣང་མཐོང་བ་དང་མ་འོངས་བ་མཐོང་ཐུབ་པ་བཟོས་འདུག

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།