མཚོ་སྔོན་ཞིང་ཆེན་གྱི2020ལོའི“བདེ་འཇགས་ཐོན་སྐྱེད་ཟླ་བ”དངོས་སུ་འགོ་བརྩམས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6ཚེས2ཉིན། མཚོ་སྔོན་ཞིང་ཆེན་གྱི2020ལོའི“བདེ་འཇགས་ཐོན་སྐྱེད་ཟླ་བ”དང་བདེ་འཇགས་ཐོན་སྐྱེད་ལེ་དབར་ཁྲི་ལ་སྐྱོད་ཅེས་པའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས།

2019ལོར། ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་དོན་རྐྱེན་བྱུང་ཚད་དང་ཤི་རྨས་བྱུང་ཚད་ལོ་སྔོན་མའི་དུས་མཉམ་ལས་ཇེ་ཉུང་དུ་སོང་ཡོད་ལ། ད་ལོའི་ཟླ་དང་པོ་ནས4པའི་རིང་ལ་ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་མངའ་ཁོངས་ཀྱི་དོན་རྐྱེན་བྱུང་ཚད་སྔར་བཞིན་ཇེ་ཉུང་དུ་སོང་ནས་བདེ་འཇགས་ཀྱི་གནས་སྟངས་ན་ཡོད་པ་རེད།

ཤེས་གསལ་ལྟར་ན། ཐེངས་འདིའི་བྱེད་སྒོས་ནད་ཡམས་འགོག་ཟོན་དང་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་ཟུང་འཛིན་གྱི་རྒྱབ་ལྗོངས་ཆེན་པོའི་འོག “མི་མངོན་ཉེན་ཁ་སེལ་ཐུབ་བྱས་ནས་བདེ་འཇགས་སྲུང་རགས་བརྟན་པོ་འཛུགས”ཞེས་པའི་བརྗོད་བྱ་དང་མི་འབྲེལ་ཞིང་། “ལོ་གསུམ་གྱི་བདེ་འཇགས་ཐོན་སྐྱེད་ཆེད་དོན་དག་ཐེར་འགུལ་སྐྱོད་འཆར་འགོད”ལག་བསྟར་དང་དམ་པོར་སྦྲེལ་ནས་དྲ་ཐོག་དྲ་ཕྱི་གཉིས་ནས་སྒྲིག་འཛུགས་ཐོག་བདེ་འཇགས་གོང་སྤེལ་སྐོར་གྱི་སྒྲོག་འགྲེལ་དང་། བདེ་འཇགས་དྲིལ་སྒྲོག་རྩད་འདྲི་ཉིན་མོ། འཕྲལ་བསྟུན་འཁྲབ་སྦྱོང་། དོན་རྐྱེན་ཉེན་ཟོན་སྐོར་གྱི་སློབ་གསོ་སྤེལ་བའི་བྱེད་སྒོ་སོགས་དང་། རྒྱ་ཆེའི་ཁེ་ལས་པ་དང་སྤྱི་ཚོགས་ཀྱི་སྤྱི་དམངས་མི་མངོན་ཉེན་ཁ་འཚོལ་ཞིབ་ཁྲོད་ཞུགས་པར་སྐུལ་སློང་དང་། ཐོན་སྐྱེད་ཀྱི་མི་མངོན་ཉེན་ཁ་འགོ་ཁུངས་ནས་འགོག་ཟོན་བྱ་བའི་ཆེད་དོན་བྱེད་སྒོ“ཞིབ་བཤེར་དག་ཐེར་བྱེད་སྒང”ཞེས་པ། དྲ་ཐོག་ཏུ“བདེ་འཇགས་ཐོན་སྐྱེད་ཀུན་གླེང”“སྤྲིན་སློབ་ཁྲིད”ཞེས་ཆེད་ལས་མཁས་པ་དང་། སྡེ་ཚན་གྱི་འགོ་ཁྲིད། ཁེ་ལས་འགན་ཁུར་བ། ལས་ཡུལ་གྱི་བཟོ་བ་སོགས་སྒྲིག་འཛུགས་ཐོག་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་དྲ་ལམ་སློབ་ཁྲིད། ཁེ་ལས་དང་། ཞིང་གྲོང་། སྡོད་ཁུལ། སློབ་གྲྭ། ཁྱིམ་ཚང་། དགོན་སྡེ་བཅས“གནས་དྲུག་ཏུ་བསྐྱོད་པའི”བདེ་འཇགས་ཤེས་བྱ་ཁྱབ་གདལ་སྐོར་གྱི་བྱེད་སྒོ། “བདེ་འཇགས་ཐོན་སྐྱེད་མཚོ་སྔོན་དུ་བསྐྱོད” ཅེས་པའི་བྱེད་སྒོ་སོགས་སྤེལ་རྒྱུ་རེད།

ཐེངས་འདིའི་བདེ་འཇགས་ཐོན་སྐྱེད་ཟླ་བ་ཡི་བྱེད་སྒོ་སྤེལ་རིང་ལ། འབྲེལ་ཡོད་སྡེ་ཚན་ནས་རིམ་བགོས་རིགས་དབྱེ་ཞིབ་ཕྲ་བྱས་ནས་ཁྲིམས་འཛིན་ཞིབ་བཤེར་དང་། མི་མངོན་ཉེན་ཁ་ཞིབ་བཤེར། ཁྲིམས་འགལ་སྒྲིག་འགལ་རྡུང་རྡེག་བྱ་བ་གནད་ལ་འཁེལ་བ་བསྒྲུབས་ཏེ། དཔང་ཡིག་གང་ཡང་མེད་པའམ་དཔང་ཡིག་མི་ཚང་བའི་ཁེ་ལས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཐག་གཅོད་ནན་མོ་དང་། དཔང་ཡིག་མེད་པའམ་ཐོབ་ཐང་མེད་པ། ཡུན་རིང་ལས་མཚམས་བཞག་པ། མི་མངོན་ཉེན་ཁ་ཆེན་པོ་ཡོད་པ་སོགས་བདེ་འཇགས་ཐོན་སྐྱེད་ཀྱི་ཆ་རྐྱེན་མི་ཚང་བའི་ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ་གཏན་འགོག་བྱ་རྒྱུ། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ཆེད་དོན་དག་ཐེར་བྱ་བ་མུ་མཐུད་ནས་དམ་འཛིན་ནན་འཛིན་བྱས་ནས་གནད་འགག་དུས་རིམ་ནང་གི་བདེ་འཇགས་ཉེན་ཟོན་ལ་ཤུགས་བསྣན་རྒྱུ་དང་། ལྟ་ཞིབ་དང་ཞིབ་བཤེར་ལ་ཤུགས་བསྣན་ནས་རིམ་པ་ཁག་གི་བདེ་འཇགས་འགོག་ཟོན་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་དང་དོན་རྐྱེན་འབྱུང་བའི་ཉེན་ཁར་དོགས་ཟོན་ནན་མོ་བྱས་ནས་བདེ་འཇགས་ཐོན་སྐྱེད་ལ་འགན་ལེན་ཏན་ཏིག་བྱ་རྒྱུ་རེད།

ཁོན་ཐར་འཚོས་བསྒྱུར།