སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་སྤྱི་ཚེས་21ཉིན་གྱི་དགོང་མོ་མི་དམངས་ཚོགས་ཁང་ཆེ་མོར་གྲོས་ཚོགས་ཐེངས་དང་པོ་འཚོགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཀྲུའུ་ཞི་ཚོགས་པའི་ཚོགས་འདུར་མི་174ཕེབས་དགོས་པ་དང་། དངོས་སུ་མི་173ཕེབས་པ། མི་1དགོངས་པ་ཞུས་ཡོད། ཚོགས་འདུར་ཞུགས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།

ཚོགས་འདུའི་ཐོག་དང་ཐོག་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་འོས་འདེམས་བྱས་པ་རེད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ནི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་། ཨུ་ཡོན་ཀྲང་གཞོན་པ། དྲུང་ཡིག་ཆེན་མོ་བཅས་ཀྱིས་འགན་འཁུར་རྒྱུ། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་སྐོང་ཚོགས་དང་གཙོ་སྐྱོང་བྱ་རྒྱུ་ཡིན་པ་རེད།

ཚོགས་འདུའི་ཐོག་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པའི་ཉིན་རེའི་གྲོས་རིམ་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། ཚོགས་འདུའི་ཉིན་རེའི་གྲོས་རིམ་གཞིར་བཟུང་ད་རེས་ཀྱི་ཚོགས་ཆེན་དེ་སྤྱི་ཟླ་5པའི་ཚེས་22ཉིན་གྱི་སྔ་དྲོ་འགོ་འཛུགས་རྒྱུ་ཡིན་པ་དང་། སྤྱི་ཟླ་5པའི་ཚེས་28ཉིན་གྱི་ཕྱི་དྲོ་མཇུག་སྒྲིལ་རྒྱུ་དང་ཚོགས་ཡུན་ཉིན་7ཡིན་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་གྲོས་རིམ་སྒྲིག་སྲོལ་གྱི་གཏན་འབེབས་གཞིར་བཟུང་། ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཀྲུའུ་ཞི་ཚོགས་པའི་ཁོངས་མི་འགའ་ཞིག་འདེམས་ཏེ་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་རེའི་ལག་བསྟར་ཀྲུའུ་ཞིའི་འགན་འཁུར་དུ་འཇུག་རྒྱུ་རེད། བརྡས་ཐག་བཅད་པ་བརྒྱུད་ཚོགས་འདུའི་ཐོག་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་འོས་འདེམས་བྱས་པ་རེད།

ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་དབྱང་ཀྲེན་ཝུའུ་དང་། ཤིན་ཁྲུན་ཡིང་། ལི་ཧྥེ། ཀྲང་ཡེ་སུའེ། ཐང་ཧྥང་ཡུས། ལི་པའོ་རུང་བཅས་ཚོགས་ཆེན་གྱི་དྲུང་ཆེ་གཞོན་པར་གཏན་འཁེལ་བྱས་པ་རེད། ཚོགས་འདུའི་ཐོག་ཀྲང་ཡེ་སུའེ་ཡིས་ཚོགས་ཆེན་གྱི་མགྲིན་ཚབ་པའི་འགན་གཅིག་ལྕོགས་སུ་འཁུར་རྒྱུའི་གཏན་འཁེལ་བྱས་པ་རེད།

ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་གཞི་བརྡས་ཐག་གཅོད་ཐབས་གཏན་འཁེལ་བྱས་པ་རེད། ཚོགས་འདུའི་ཐོག་འཐུས་མིས་གྲོས་གཞི་འདོན་མཚམས་འཇོག་པའི་དུས་ཚོད་ནི་སྤྱི་ཟླ་5ཚེས་25ཉིན་གྱི་ཆུ་ཚོད་12བར་ཡིན་པ་དང་། དེའི་རིང་ཚོགས་ཆེན་གྱི་དྲུང་ཡིག་ཁྲུས་འཐུས་མི་ཚོགས་པ་དང་འཐུས་མིས་བཏོན་པའི་གྲོས་གཞིར་ཞིབ་འཇུག་བྱས་ཏེ་ཐག་གཅོད་བསམ་འཆར་འདོན་རྒྱུ་དང་། དེ་ནས་ཀྲུའུ་ཞི་ཚོགས་པས་ཐག་གཅོད་གནང་རྒྱུར་འབུལ་རྒྱུ་ཡིན་པ་རེད།