བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་གནས་ཚུལ་གཟབ་རྒྱས་ལ་དོ་ཁུར་ཆེན་པོ་བྱེད་པ།

ཟླ་5ཚེས་21ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3པར་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་བརྙན་འཕྲིན་དང་། རླུང་འཕྲིན། དྲ་རྒྱ་སོགས་ནས་ཚོཌ་འདུ་འགོ་ཚུཌ་པའི་གནས་ཚུལ་གཟབ་རྒྱས་ལྟ་ཉན་བྱས་ཤིང་། ཚང་མས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ནི་མི་སེམས་ལ་སྐུལ་མ་ཐེབས་པ་དང་སྙིང་སྟོབས་འཕེལ་བ་ཞིག་ཡོད་པས། སླད་ཕྱིན་ཕྱོཌ་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ། བྱ་སྤྱོད་ངོ་མར་བརྟེན་ནས་འགན་འཁྲི་དང་ལས་འགན་གསར་པ་ཕྲག་ཏུ་ཁུར་ཏེ། བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་གསར་པ་འབུལ་གྱི་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད། འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཝ་པ་གླིང་སྡེ་ཁུལ་གྱི་བོད་རིགས་དང་། རྒྱ་རིགས། ཧུད་རིགས། ཡུ་གུར་རིགས་སོགས་ཀྱི་གྲོང་མིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་འགོ་ཚུགས་པའི་ཐད་གཏོང་ལ་ལྟ་བཞིན་པ།