ལིའུ་ཐའོ་ཡིས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དུ་རྟོག་ཞིབ་གནང་བ།

རང་རེའི་དྲ་བའི་འཕྲིན་ལྟར་ན། ཧྲེང་ཀྲང་གཞོན་པ་ལིའུ་ཐའོ་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམ་པོར་དམིགས་ཏེ། རྩ་བའི་བླང་བྱ་བློ་ལ་བརྟན་པོར་བཅངས་ནས་ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་མ་མཐའི་མཐའ་ཚད་བརྟན་སྲུང་བྱེད་དགོས། སྒྱུར་བཅོས་ཀྱི་རྣམ་པར་བརྟེན་ནས་ལས་དོན་ལ་སྐུལ་འདེད་བཏང་སྟེ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་ནན་གྱིས་བསྟན།

ལིའུ་ཐའོ་ཡིས་སྔ་རྗེས་སུ་“མཚོ་སྔོན་གྱི་སྐྱེ་ཁམས་སྒེའུ་ཁུང”ལ་ལྟ་སྐོར་བྱས།ཡུལ་དངོས་ནས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་དང་ཞིང་ཆེན་ཁྱབ་འགྱེད་ཁོར་ཡུག་ལས་དོན་ས་ཚིགས་ཀྱི་ཚོད་ལྟ་ཁང་ལ་ལྟ་ཞིབ་བྱས་ནས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་ལས་དོན་སྙན་ཞུར་ཉན་པ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྐྱེ་ཁམས་ཁོར་ཡུག་ལས་དོན་གྱི་བླང་བྱ་དང་། ལྷག་པར་དུ་མཚོ་སྔོན་གྱི་ལས་དོན་ལ་མངགས་བཅོལ་གནང་བ་ནི། ང་ཚོས་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན་པས་བློ་ལ་བརྟན་པོར་ངེས་དགོས། རྒྱུན་དུ་སློབ་སྦྱོང་དང་རྒྱུན་དུ་བསམ་བློ་གཏོང་བའི་མཛུབ་ཁྲིད་ལས་དོན་སྤེལ་ནས་སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་ཟེར།

ལིའུ་ཐའོ་ཡིས་བསྟན་དོན། “ཆེ་ཤོས་གསུམ”དང་། “སྔོན་འགྲོ་གཅིག་དང་མཐོ་བ་གཉིས”དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པའི་རྩ་བའི་བླང་བྱ་བློ་ལ་བརྟན་པོར་ངེས་ནས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་དགོས་པ་དང་། གནད་དོན་དང་བསམ་འཆར་ལ་ཐད་ཀར་དམིགས་ཏེ་མཇུག་འབྲས་ཀྱི་ཁྲིད་སྟོན་ལ་བརྟེན་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལྡོག་སྐུལ་བྱེད་དགོས། ཆབ་སྲིད་ཀྱི་ངེས་ཤུགས་བརྟན་དུ་བཏང་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། འགན་འཁྲིའི་གསལ་ཐོ་སྔར་བས་ཁ་གསལ་བཟོ་བ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དེང་རབས་ཅན་དུ་འགྱུར་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། གཙོ་གནད་ལས་འགན་ལ་དམ་པོར་དམིགས་ཏེ་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་དག་ཐེར་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། “ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་+གཙོ་གནད་ལས་དོན་”གྱི་རྣམ་པ་ཆགས་པར་སྐུལ་འདེད་གཏོང་བ་དང་། གཅིག་གྱུར་མཐུན་སྦྱོར་ནུས་ཤུགས་གང་ཡོད་འདོན་པ། དངོས་དངོས་རྗེན་རྗེན་གྱི་ལས་ཀའི་གྲུབ་འབྲས་ལ་བརྟེན་ནས་ལས་ཀ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། སྤྱོད་ཚུལ་ལེགས་སྐྱོང་དམ་འཛིན་ནན་པོ་བྱེད་པ། གཞོགས་འདེགས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས། ཆབ་སྲིད་ཀྱི་གོ་རྟོགས་མཐོ་བ་དང་། འཇོན་ཐང་ཆེ་བ། སྤྱོད་ཚུལ་བཟང་བ། འགན་འཁུར་ཕོད་པ་བཅས་ཡིན་པ་དང་། ལྷག་པར་དུ་དཀའ་སྡུག་མྱོང་ཐུབ་པ་དང་། ཁྱད་པར་དུ་འཐབ་འཛིང་བྱེད་ཐུབ་པ། ཁྱད་པར་དུ་ལེགས་སྐྱེས་འབུལ་ཐུབ་པ་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྟོབས་ལྡན་དམག་དཔུང་ཞིག་འཛུགས་སྐྱོང་ཧུར་ཐག་བྱ་དགོས་ཞེས་ནན་གྱིས་བསྟན།

ཀླུ་མོས་བསྒྱུར།