མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོས་མི་ལུས་དབང་པོའི་ཞལ་འདེབས་ཀྱི་ཀུན་བྱམས་རྗེས་དྲན་གླིང་གི་རྣམ་གྲངས་འཛུགས་ཆེད་དོན་གྲོས་ཚོགས་བསྡུས་པ།

རང་རེའི་དྲ་བའི་འཕྲིན། ཟླ5ཚེས19ཉིན། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོས་མི་ལུས་དབང་པོའི་ཞལ་འདེབས་ཀྱི་ཀུན་བྱམས་རྗེས་དྲན་གླིང་གི་རྣམ་གྲངས་འཛུགས་སྐྲུན་ཆེད་དོན་གྲོས་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི། ཞིང་ཆེན་རྒྱ་གྲམ་དམར་པོའི་མཚན་སྙན་ཅན་གྱི་ཚོགས་གཙོ་གཞོན་པ་མ་ཅེ་ཞའོ་བཅས་གྲོས་ཚོགས་ལ་ཞུགས། ཧྲིན་ཀྲང་གཞོན་པ་དང་ཞིང་ཆེན་རྒྱ་གྲམ་དམར་པོའི་ཚོགས་གཙོ་ཁུང་ཡོན་གྱིས་གྲོས་ཚོགས་ལ་མདོ་འཛིན་བྱས། གྲོས་ཚོགས་ཀྱིས་རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་སྙན་ཞུར་ཉན་པ་དང་རྗེས་ཕྱོགས་ཀྱི་བྱ་བ་གལ་ཆེན་ཐད་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་།

གྲོས་ཚོགས་ཀྱིས་བསྟན་དོན། མི་ལུས་དབང་པོའི་ཞལ་འདེབས་བྱ་བ་ནི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་མི་ཆོས་རིང་ལུགས་དར་སྤེལ་གཏོང་བའི་བྱ་གཞག་ཤིག་ཡིན། དེ་ལས་ཀྱང་སྤྱི་ཚོགས་ཤེས་ཡོན་འཕེལ་རྒྱས་མངོན་འགྱུར་བྱེད་པའི་བྱ་གཞག་ཤིག་ཀྱང་ཡིན། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་མི་ལུས་དབང་པོའི་ཞལ་འདེབས་ཀུན་བྱམས་རྗེས་དྲན་གླིང་གིས་རང་ཞིང་གི་རིན་མེད་སྒོས་མི་ལུས་དབང་པོ་ཞལ་འདེབས་སུ་གནང་མཁན་ཐོག་མ་ལ་དུར་འཇུག་གི་རྗེས་དྲན་གླིང་ཤིག་མཁོ་སྤྲོད་བྱས་ཤིང་། དེ་དང་ཆབས་ཅིག་ཞལ་འདེབས་གནང་མཁན་གྱི་ཁྱིམ་མི་དང་སྤྱི་ཚོགས་སྟེང་གི་བརྩེ་ལྡན་མི་སྣས་ས་གཞི་མཁོ་འདོན་གནང་བས་རྒྱ་ཆེའི་མང་ཚོགས་ཀྱིས་རིན་མེད་ཞལ་འདེབས་མཁན་གྱི་ཞུམ་པ་མེད་པའི་སྙིང་སྟོབས་གསར་འཛུགས་བྱེད་སའི་རྗེས་དྲན་གྱི་སློབ་གསོའི་རྟེན་གཞི་ཞིག་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བའི་སྲོག་ཤིང་དར་སྤེལ་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་ཤེས་ཡོན་འཛུགས་སྐྲུན་གྱི་སྐུལ་འདེད་ཐད་ལ་དོན་སྙིང་གལ་ཆེན་ལྡན།

གྲོས་ཚོགས་ཀྱིས་ས་ཁུལ་སོ་སོའི་སྡེ་ཁག་དག་གིས་རང་གི་འགན་ནུས་ལ་ཟུང་འབྲེལ་སྒོས་མཐུན་སྦྱོར་སྙོམས་སྒྲིག་གི་འབྲེལ་འདྲིས་ལ་ཤུགས་སྣོན་སྒོས་རྣམ་གྲངས་འཛུགས་སྐྲུན་ཐད་ལ་རྒྱབ་སྐྱོར་དང་ཚད་གཞི་མཐོན་པོའི་རེ་འདུན་བཟུང་སྟེ་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། དེ་ཡང་སྤྱི་ཕན་རང་བཞིན་དང་ཀུན་བྱམས་རང་བཞིན། སྐྱེ་ཁམས་རང་བཞིན། རྗེས་དྲན་རང་བཞིན། ཕྱོགས་བསྡུས་རང་བཞིན་བཅས་བྱེད་ནུས་གནས་ཚད་ལ་བསམ་གཞིག་རིང་བོ་བཏང་་ནས། རྗེས་དྲན་གླིང་གི་འཛུགས་སྐྲུན་དང་དམངས་སྲིད་སྤྱི་ཕན་རང་བཞིན་གྱི་སྤྱི་པའི་བང་སོ་འཛུགས་སྐྲུན་བྱེད་པ་ལ་ཟུང་འབྲེལ་བྱས་ཏེ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དངོས་འབེབས་ངང་གཅིག་གྱུར་འཆར་འགོད་དང་དུས་བཅད་ལག་བསྟར། གཅིག་གྱུར་འཆད་འགོད་ལ་སྐུལ་འདེད་སྒོས་ཡོངས་འགྲུབ་དང་འཐུས་ཚང་ཅན་གྱི་བྱེད་ནུས་ཀིག་གསར་སྐྲུན་སྒོས་སྐྱེད་ཚལ་རང་བཞིན་གྱི་གླིང་ཀའི་སྒྲིག་ཆས་འཐུས་ཚང་དུ་བཏང་། དེ་མིན་རྒྱལ་ཁབ་ཀྱི་ལྗང་མདོག་ཁོར་ཡུག་སྲུང་སྐྱོབ་ཀྱི་འབོད་སྐད་དང་བསྟུན་ནས་ས་གནས་སྐྱེ་ཁམས་ལ་གྲོན་ཆུང་སྒོས་ཤེས་ཡོན་གདུང་འཇུག་གི་སྲིད་ཇུས་ལྟར་རང་ཞིང་གི་གདུང་འཇུག་བྱ་གཞག་ལ་བཅོས་སྒྱུར་དང་དམངས་སྲོལ་སྟབས་བདེ་ཅན་ཏུ་བསྒྱུར་བར་སྐུལ་འདེད་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།