2020ལོའི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་བཀོད་སྒྲིག་སྐོར།

ཚོགས་ཡུན།

ཟླ5བའི་ཚེས21ཉིན་གྱི་ཆུ་ཚོད15:00ཐོག་པེ་ཅིན་གྱི་དམངས་ཚོགས་ཁང་ཆེན་མོ་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་དུས་ལྟར་འཚོགས་ཤིང་ཟླ5ཚེས27ཉིན་གྱི་ཕྱི་དྲོར་དུས་ལྟར་མཇུག་སྒྲིལ་རྒྱུ།

གལ་ཆེའི་གྲོས་རིམ།

རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་བྱ་བའི་སྙན་ཞུ་དང་གྲོས་འདོན་བྱ་བའི་སྙན་ཞུར་གསན་ནས་གྲོས་ཞིབ་བྱ་དགོས།

 རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཐེངས་གསུམ་པར་ཟུར་དུ་ཞུགས་ནས་སྲིད་གཞུང་བྱ་བའི་སྙན་ཞུ་དང་། དམངས་དོན་ཁྲིམས་གཞུང་མ་ཟིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་སོགས་ལ་གསན་པ་དང་ཆབས་ཅིག་གྲོས་སྡུར་བྱ་དགོས། 

 སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཆབ་སྲིད་གྲོས་མོལ་སྐོར་གྱི་གྲོས་ཆོད་ལ་སོགས་གྲོས་ཆོད་དང་སྙན་ཞུ་རྣམས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་དགོས། 

ཚན་ཆུང་གི་གྲོས་ཚོགས་བཀོད་སྒྲིག

  ཚོགས་ཆེན་ཐོག་གཏམ་བཤད་ཐེངས་གཉིས་བཀོད་སྒྲིག་བྱས་ཡོད་ཅིང་། དེ་ལས་གཅིག་ནི་བརྙན་འཕྲིན་ལམ་ནས་ཚོགས་རྒྱུ་ཡིན་པ། 

 ཚན་ཆུང་ཁག་བགོས་ཀྱི་གྲོས་ཚོགས་ཐེངས་དྲུག་བཀོད་སྒྲིག་བྱས་ཡོད། 

སྨྱན་བྱེད་ཀྱི་བཅར་འདྲི། 

 པེ་ཅིན་དུ་སྡོད་པའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་ཉུང་ཤས་ཤིག་མི་དམངས་ཚོགས་ཆེན་པོར་ཞུས་ནས་ཡུལ་དངོས་སུ་བཅར་འདྲི་བྱེད་དུ་འཇུག་པ། 

དྲ་ཐོག་བརྙན་ལམ་ནས“ཨུ་ཡོན་ཤར་བགྲོད”ཀྱི་བཅར་འདྲི་བྱེད་སྒོ་ཐེངས་གསུམ་བཀོད་སྒྲིག་བརྒྱབ་ཡོད་པ།