རྐང་ཚ་རྫོང་གིས་བོད་ཟས་གཡས་སྦྱོར་ལག་རྩལ་གསོ་སྦྱོང་འཛིན་གྲྭ་བཙུགས།

ཞིང་ཕྱུགས་ལས་ཀྱི་ལས་ཞུགས་ནུས་རྩལ་གྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་ཆེད་དང་། ཕྱོགས་ཡོངས་ནས་དབུལ་ཐར་འགག་སྒྲོལ་གྱི་འཐབ་འཁྲུག་ལ་རྒྱལ་ཁ་ལེན་པར་དམིགས་ནས། རྐང་ཚ་རྫོང་ཞིང་ཕྱུགས་ལས་ཀྱི་ལས་ཞུགས་ནུས་རྩལ་ལྟེ་གནས་ཀྱིས་ཟླ༥བའི་ཚེས༡༨ཉིན་བོད་ཟས་གཡས་སྦྱོར་གསོ་སྦྱོང་འཛིན་གྲྭ་བཙུགས་ལ། རྫོང་ཡོངས་ཀྱི་ཡུལ་ཚོ་དང་སྡེ་བ་སོ་སོ་ནས་ཡོང་བའི་མི༢༥གསོ་སྦྱོང་ལ་ཞུགས་ཡོད།

གསོ་སྦྱོང་ཡུལ་དངོས།

ཐེངས་འདིའི་ནུས་རྩལ་གསོ་སྦྱོང་ཟླ་གཅིག་གི་རིང་ལ་སྤེལ་རྩིས་ཡོད། ཆེད་ལས་ཅན་དང་ལག་ལེན་ལ་བྱང་ཆ་ལྡན་པའི་དགེ་རྒན་གདན་འདྲེན་ཞུས་ནས།གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་སྒོས་སློབ་མར་རྨང་གཞིའི་ཤེས་བྱ་དང་ལག་རྩལ་གཙོར་བཟུང་ནས་ཁྲིད་པ་དང་། བོད་ཀྱི་ཟས་རིགས་གཡས་སྦྱོར་བཙོ་སྟངས་སོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཟས་རིགས་རིག་གནས་ཀྱི་གཞུང་ལུགས་ལ་སྦྱར་ནས་ལག་ལེན་ནུས་བའི་ཐབས་ལམ་དམར་ཁྲིད་བྱེད་བཞིན་ཡོད།


ལག་ལེན་ལ་འཇུག་པ།

དེ་མིན་ཐེངས་འདིར་བོད་ཟས་གཡས་སྦྱོར་གསོ་སྦྱོང་འཛིན་གྲྭ་བཙུགས་པ་ནི་རྫོང་ཡོངས་ཞིང་ཕྱུགས་ལས་མང་ཚོགས་ཀྱི་དགོས་མཁོ་དང་དོན་དངོས་ལ་མཐུན་ཞིང་། རིག་གནས་དང་ལག་རྩལ། ཚོང་གཉེར་ཤེས་བྱ་སོགས་ལྡན་པའི་ཞིང་ཕྱུགས་ལས་ཀྱི་མང་ཚོགས་འགའ་གསོ་སྐྱོང་བྱེད་རྒྱུར་རྩ་བའི་དམིགས་ཡུལ་ཡིན་ལ། ཞིང་ཕྱུགས་ལས་མང་ཚོགས་ཀྱི་ལས་ཞུགས་ནུས་རྩལ་དང་ལས་ཞུགས་གོ་སྐབས་ཇེ་མཐོར་གཏོང་བ་དང་། རྫོང་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་སྲ་བརྟན་དང་། ཡུལ་ཚོ་དང་སྡེ་བའི་འཕེལ་རྒྱས་སྔར་ལས་ཇེ་ལེགས་སུ་འགྲོ་བར་ཕན་ཁེ་བསྐྲུན་ཡོད།


གསོ་སྦྱོང་ལ་ཞུགས་པའི་སློབ་མ།

གསར་འགོད་པ། ཚེ་དབང་རིག་འཛིན།