ན་གོར་མོའི་ཡུལ་ཐོན་ཞིང་ལས་ཚོང་རྫས་ཧི་ཧྥེ་རུ་གྲགས་པ།

ཉེ་ལམ། ན་གོར་མོའི་ཞིང་ལས་དབུལ་སྐྱོར་འགྲེམས་སྟོན་ཕྱིར་འཚོང་གྲོས་ཚོགས་དེ་ཆེས་ཐོག་མར་ཧི་ཧྥེའི་མཐོ་གསར་ས་ཁུལ་ཨོ་ཐུ་ལེ་སི་རུ་སྤེལ། མདོ་དབུས་མཐོ་སྒང་ནས་ཐོན་པའི་ཞིང་ལས་ཁྱད་ལྡན་ཐོན་རྫས་མང་པོ་ཞིག་གིས་ཧི་ཧྥེ་མི་དམངས་ཀྱི་མིག་དབང་འཕྲོག་པར་མ་ཟད་ཉོ་བསྡུ་བྱེད་བཞིན་ཡོད།

ཐེངས་འདིར་ཡུལ་དངོས་སུ་ཕྱིར་འཚོང་འགྲེམས་སྟོན་བྱས་པའི་ཐོན་རྫས་ལ་འཕང་འབྲས་སྔོན་པོ་དང་འཕང་འབྲས་དམར་པོ། བྱེ་ཀློང་ཚེར་ལྡན་འཕང་འབྲས་ཀྱི་ཁུ་བ། འཕང་འབྲས་སྔོན་པོའི་ཝུ་སོབ་ལེབ་མོ། རྒྱ་བྲ། ཀུར་གུམ་སོགས་ན་གོར་མོ་ལས་ཐོན་པའི་ཞིང་ལས་ཁྱད་ལྡན་ཐོན་རྫས་རིགས་མི་འདྲ་བ15ལྷག་ཡོད།

ཡུལ་དངོས་དང་དྲ་ལམ་ཟུང་འབྲེལ་གྱི་དབུལ་སྐྱོར་ཞིང་ལས་རོགས་སྒྲུབ་བྱེད་སྒོ་སྤེལ་བ་བརྒྱུད། ན་གོར་མོ་གྲོང་ཁྱེར་གྱི་རོང་འབྲོག་མང་ཚོགས་ཀྱི་ཕྱིར་འཚོང་ཉོ་བསྡུའི་ཐད་ལ་རོགས་རམ་བྱས་ཏེ་ཡོང་སྒོ་འཕར་སྣོན་བྱུང་དུ་བཅུག་ཡོད། ཐེངས་འདིའི་བྱེད་སྒོས་ཡུལ་དངོས་སུ་ཕྱིར་འཚོང་བྱས་པའི་འཕང་འབྲས་དང་རྒྱ་བྲ་སོགས་ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་ལེགས་ཤིང་བྲོ་བ་ཞིམ་པས་ཧི་ཧྥེའི་མི་དམངས་མང་ཚོགས་ཀྱིས་ཉོ་འཚོང་བྱེད་པའི་འདོད་མོས་དེ་བསྐངས་འདུག ཡུལ་དངོས་འགྲེམས་སྟོན་བྱས་པའི་འཕང་འབྲས་སོགས་ཐོན་རྫས་དག་ཅུང་མ་འགོར་བར་ཕྱིར་འཚོང་བྱས་ཚར་ཟིན་ལ། འཕང་འབྲས་ཉོ་མ་ཐུབ་པའི་མི་དམངས་ཀྱིས་ལས་བྱེད་མི་སྣའི་རོགས་སྒྲུབ་འོག་ན་གོར་མོའི་གཞུང་ཕྱོགས་དྲ་ལམ་ཚོང་ཁང་ལ་དོ་ཁུར་བྱས་ནས། དྲ་ལམ་དུ་ཉོ་བསྡུ་བྱས་པ་རེད།

བྱེད་སྒོའི་འགན་སྒྲུབ་ཕྱོགས་ཀྱི་གློག་རྡུལ་ཚོང་དོན་ལས་གཉེར་མཁན་ཁྲིན་གྱིས་བཤད་རྒྱུར། “གནས་འདིར་ཕྱིར་འཚོང་བྱེད་བཞིན་པའི་ཞིང་ལས་ཐོན་རྫས་ཡོད་ཚད་ནི་ཞིང་ལས་རོགས་སྒྲུབ་དབུལ་སྐྱོར་ཐོན་རྫས་ཡིན་ལ། ན་གོར་མོ་གྱི་རོང་འབྲོག་མི་དམངས་ཀྱིས་འདེབས་འཛུགས་དང་གསོ་སྤེལ། ལས་སྣོན་བཅས་བྱས་པའི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཡིན”ཟེར།

ནམ་རྒྱུན་ཧ་ཧྥེ་གྲོང་ཁྱེར་གྱི་མང་ཚོགས་ཀྱིས་མཐོ་སྒང་གི་ཞིང་ལས་ཁྱད་ལྡན་ཐོན་རྫས་མཐོང་མྱོང་མེད་ལ། རྒྱང་རིང་ནས་ཐོན་པའི་ན་གོར་མོ་གྱི་དབུལ་སྐྱོར་ཞིང་ལས་ཐོན་རྫས་དེ་དག་མཐོང་པས། ཧ་ཧྥེ་གྲོང་ཁྱེར་མི་དམངས་ཀྱི་སེམས་སུ་གསར་བ་གསར་རྐྱང་ཡིན་པའི་ཚོར་བ་སྐྱེས། དབུལ་སྐྱོར་ཞིང་ལས་རོགས་སྒྲུབ་འགྲེམས་སྟོན་ལྷན་ཚོགས་ཀྱི་ཡུལ་དངོས་སུ་གྲོང་ཁྱེར་གྱི་མི་མི་ཉུང་བ་ཞིག་གིས་ཁྱད་ལྡན་ཐོན་རྫས་ཀྱི་བྲོ་བར་མྱངས་པ་དང་ཉོ་བསྡུ་བྱེད་བཞིན་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།