མཚོ་བྱང་ཁུལ་གྱིས་ཧྲན་ཏུང་ཞིང་ཆེན་ལ་ནོར་དཀར72ཞལ་འདེབས་སུ་ཕུལ་བ།

རང་རེའི་དྲ་བའི་འཕྲིན། ཟླ5ཚེས19ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཧྲན་ཏུང་ཞིང་ཆེན་ལ་ནོར་དཀར72ཞལ་འདེབས་སུ་ཕུལ་ཏེ་ཧྲན་ཏུང་ཞིང་ཆེན་གྱིས་ལོ་ངོ་བཅུའི་རིང་ལ་མཚོ་སྔོན་དུ་རོགས་སྐྱོར་བྱས་པའི་བརྩེ་སེམས་དང་དྲིན་ལན་ལ་བཀའ་དྲིན་ཞུས་པ་རེད།

ནོར་དཀར་ནི་འཛམ་གླིང་གི་ས་ཁུལ་སྐོར་ཞིག་ན་མ་གཏོགས་མེད་པའི་རི་སྐྱེས་ཕྱེད་ཀའི་ནོར་རྒྱུད་་ཅིག་ཡིན་ལ། དེ་ནི་བཀྲ་ཤིས་པ་དང་ལྷད་མེད་པ། མཛའ་བརྩེ་ཟབ་པ་བཅས་ཀྱི་མཚོན་བྱེད་ཀྱང་ཡིན། མཚོ་བྱང་ཁུལ་གྱིས་ཧྲན་ཏུང་གིས་མཚོ་སྔོན་དུ་རོགས་སྐྱོར་བྱས་ཏེ་ལོ་འཁོར་བཅུ་ལོན་པའི་གོ་སྐབས་ལེགས་པོ་དེར་བསྟེན་ནས། ཧྲན་ཏུང་གི་གྲོང་ཁྱེར5དང་ཧྲན་ཏུང་གི་ཅེ་ཅན་ནོར་ལས་འཕེལ་རྒྱས་ཚད་ཡོད་ཀུང་ཟི་ལ་ནོར་དཀར72ཞལ་འདེབས་སུ་ཕུལ་ཏེ། མཚོ་བྱང་ཁུལ་གྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་ཧྲན་ཏུང་མི་དམངས་ཀྱིས་རོགས་སྐྱོར་གནང་བའི་བརྩེ་སེམས་དྲོན་མོ་དེ་མཚོན་དུ་བཅུག་ཡོད། དེ་མིན་མཚོ་བྱང་ས་ཁུལ་གྱི་བུ་བུ་མོ་དག་གིས་ཧྲན་ཏུང་དངམཚོ་བྱང་ས་ཁུལ་གཉིས་ཀྱི་མཛའ་བརྩེ་མཉམ་འབྲེལ་གྱི་འདོད་མོས་མངོན་འགྱུར་བྱེད་རྒྱུར་ཡང་སྨོན་འདུན་ཞུས་ཡོད།

ད་ལོ་ནི་ཧྲན་ཏུང་ཞིང་ཆེན་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱས་ཏེ་ལོ་འཁོར་བཅུ་ལོན་པ་ཡིན་ལ། དེ་ཡང2010ལོར་མཚོ་བྱང་ཁུལ་ཧྲན་ཏུང་གི་ཁ་གཏད་རོགས་སྐྱོར་ས་ཁུལ་དུ་བཞག་པ་ནས་བཟུང་། ཧྲན་ཏུང་ཞིང་ཆེན་གྱིས་རྣམ་གྲངས་འཛུགས་སྐྲུན་རྒྱ་སྐྱེད་དང་མ་དངུལ་གཏོང་བ། ལས་བྱེད་མི་སྣའི་བར་ལ་བསམ་བློ་བརྗེ་རེས་བྱེད་པ། ལག་རྩལ་རྒྱབ་རྟེན་སོགས་ཀྱི་ཐད་ལ་རོགས་སྐྱོར་གསར་འཛུགས་བྱེད་པའི་ནུས་པ་ཇེ་ཆེར་བཏང་པས། མཚོ་བྱང་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་དང་ལས་རིགས་འཕེལ་རྒྱས། འཇོན་མིའི་ལག་རྩལ་སོགས་ཀྱི་ཐད་ནས་ཞན་ཆ་ཁ་གསབ་ཐད་ལ་ཚད་ངེས་ཅན་གྱི་སྒོ་ནས་བཅོས་སྒྱུར་ཆེན་པོ་ཐོབ་ཡོད། དེ་མིན་མཚོ་བྱང་ཁུལ་གྱི་དཀའ་ཁག་ཆེ་བའི་གནད་དོན་མི་ཉུང་བ་ཞིག་ལ་རོགས་རམ་བྱས་ཏེ་ཐག་གཅོད་བྱས་པས། མཚོ་བྱང་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་བཅས་ཀྱི་ཡོངས་ཁྱབ་རང་བཞིན་ཐད་ལ་སྐུལ་འདེད་རང་བཞིན་གྱི་བྱེད་ནུས་ངེས་ཅན་ཞིག་ཐོན་དུ་བཅུག་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།