2020ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ལས་གནས་ཚུལ་འདི་བརྒྱད་ལ་དོ་སྣང་བྱེད་རིན་ཡོད།

       2020ལོའི་ཟླ5ཚེས21ཉིན་པེ་ཅིན་ནས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པ་འགོ་ཚུགས་རྒྱུ་ཡིན་ལ། དེ་དང་བསྟུན་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་དངོས་སུ་འཚོགས་རྒྱུ་རེད། ཐེངས་འདིའི་ཚོགས་ཆེན་གཉིས་ནི་དམིགས་བསལ་གྱི་དུས་སྐབས་ཤིག་ལ་བསྡུས་པ་ཡིན་པས་ཀུན་གྱིས་གཙིགས་ཆེན་བྱེད་ཀྱི་ཡོད། འདིར་རྩོམ་སྒྲིག་པས་ཚོགས་ཆེན་གཉིས་ལས་གནས་ཚུལ་འདི་རིགས་ལ་དོ་སྣང་བྱེད་རིན་འདུག་སྙམ་སྟེ་ཕྱོགས་གཅིག་ཏུ་བསྡུས་ནས་བཀོད་པ་གཤམ་གསལ་ལྟར།

1ཏོག་གསར་ནད་དུག་འགོག་བཅོས་སྐོར།

   

      ད་ལོར་དུས་རིམ་རྗེས་མའི་ནང་གི་རིམས་འགོག་དམ་འཛིན་རྒྱུན་ཆགས་སུ་གཏང་བ་དང་། སྤྱི་གཞུང་གི་འཕྲོད་བསྟེན་མ་ལག་འཐུས་ཚང་ལ་སྐུལ་འདེད་བྱེད་པ་ནི། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གྲོས་གཞི་གལ་ཆེན་ཡིན་ངེས་ལ། ཀྲུང་གོས་རྒྱལ་སྤྱིའི་མཉམ་ལས་དང་ནད་ཡམས་མཉམ་འགོག་གི་འབྲེལ་ཡོད་ཇུས་ཆོད་དང་འཕེལ་ཕྱོགས་སྐོར་ལ་ཇི་ལྟར་ཤུགས་སྣོན་པར་ཐད་འཛམ་གླིང་ནས་དོ་སྣང་བྱེད་ངེས་རེད།

2ད་ལོའི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་དམིགས་འབེན་སྐོར།

   

      ཧ་ཅང་ཛ་དྲག་གི་གནས་ཚུལ་འོག དཔལ་འབྱོར་གཏན་འཇགས་དང་དམངས་ཚིས་འགན་སྲུང་བྱ་བ་ནི་དམིགས་འབེན་གྱི་སྙིང་བོ་ཡིན་ཕྱིར། ཐེངས་འདིའི་སྲིད་གཞུང་བྱ་བའི་སྙན་ཞུས་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དམིགས་འབེན་ག་འདྲ་ཡིན་པའི་སྐོར་ལ་ཚང་མས་དོ་ཁུར་བྱ་ངེས།

3དབུལ་སྒྲོལ་འགག་གཏོར་ལས་རྣམ་པར་རྒྱལ་པ།

   

       དབུལ་སྒྲོལ་འགག་གཏོར་བྱ་བ་མཇུག་བསྡུ་ལ་ཉེ་བའི་དུས་འདིར། མཇུག་བསྡུ་བའི་གནད་དོན་ནི“དཀའ་ཁག་ནང་གི་ཆེ་ཤོས”དེ་རེད། དབུལ་སྒྲོལ་འགག་གཏོར་གྱི་ལས་འགན་འཆར་གཞི་ལྟར་འགྲུབ་པ་དང་། རིམས་འགོག་ཁྲོད་འཕྲལ་མ་མྱོང་བའི་དཀའ་ངལ་མང་པོ་ཇི་ལྟར་བཟློག་པར་ཐད་ལ་འཐུས་མི་རྣམས་ནས་དགོས་ངེས་ཀྱི་ཇུས་ཤུགས་མཉམ་འདོན་དང་ཐབས་འདོན་ཇུས་འབུལ་བྱ་ངེས།

4འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་ལ་འགན་ལེན་བྱེད་པའི་སྐོར།

   

       རྒྱལ་ཁབ་ཕྱི་ནང་གི་གནས་བབ་རྙོག་འཛིང་འོག འབྱོར་འབྲིང་སྤྱི་ཚོགས་ལ་ཁྱོན་ཡོངས་ནས་ཕྱོགས་པའི་དམིགས་འབེན་ཇི་ལྟར་མངོན་འགྱུར་བྱེད་པ་དང་། དུས་རིམ་གསར་པའི་ནང་གི་འཕེལ་རྒྱས་ལ་རྨང་གཞི་བཟང་པོ་ཇི་ལྟར་འདིང་པའི་ཕྱོགས་ལ་འཐུས་མི་རྣམས་ཀྱིས་གནད་ཀྱི་གཙོ་བོར་བཟུང་ནས་གྲོས་བསྡུར་བྱ་ངེས་རེད།

5གཏིང་ལོན་པའི་སྒོ་ནས་དམངས་ཚིས་འགན་སྲུང་ལ་ཤུགས་སྣོན་པའི་སྐོར།

 

       ཚོགས་ཆེན་གཉིས་སྐབས་སུ་འཐུས་མི་ཨུ་ཡོན་གྱིས་ཐུན་མོང་གི་བློ་གྲོས་གཅིག་ཏུ་བསྡུས་ནས་ལས་ཤོར་གྱི་འགན་སྲུང་ལ་ཇི་ལྟར་ཤུགས་སྣོན་པ་དང་། ཁེ་ལས་ཆུང་འབྲིང་གི་དཀའ་ཁག་སེལ་རོགས་དང་ཁུར་པོ་ཇེ་ཡང་ཇི་ལྟར་གཏང་བ། འགུལ་ནུས་གསར་པ་འཕེལ་རྒྱས་དང་ཞབས་ཞུའི་ལས་རིགས་རིམ་སྤར་ལ་སྐུལ་སྤེལ་ཇི་ལྟར་བྱེད་ཕྱོགས་ནས་ཐབས་འདོན་ཇུས་འབུལ་བྱ་ངེས། གཞན“སྨན་པར་སྟོན་དཀའ་བ”དང“སྨན་བསྟེན་དཀའ་བ”ཡི་གནད་དོན་ཇི་ལྟར་སེལ་བ་དང་། གད་སྙིགས་རིགས་དབྱེ་ལག་བསྟར་ཇི་ལྟར་བྱ་བ། རྒན་གསོ་ཁང་གི་འཛུགས་སྐྲུན་ཇི་ལྟར་ཇེ་མགྱོགས་སུ་གཏོང་བ་ལ་སོགས་པའི་གནད་དོན་ལ་ཀུན་གྱིས་དོ་སྣང་ཆེན་པོ་བྱ་སྲིད། 

6དམངས་དོན་ཁྲིམས་གཞུང་གི་མ་ཟིན་གྲོས་ཞིབ་སྐོར།

  

      དམངས་དོན་ཁྲིམས་གཞུང་མ་ཟིན་ནི་མི་དམངས་ཀྱི་ཁེ་ཕན་ཕྱོགས་ཐམས་ཅད་ནས་འགན་སྲུང་བྱེད་པའི་བཅའ་ཁྲིམས་ཞིག་རེད། རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་སུ་འཐུས་མི་རྣམས་ཀྱིས་དམངས་དོན་ཁྲིམས་གཞུང་མ་ཟིན་ལ་གྲོས་བསྡུར་གྲོས་ཞིབ་བྱ་སྲིད་པས་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད་ལ་འབྲེལ་བའི་གྲོས་བསྡུར་ནི་ཐེངས་འདིའི་ཚོགས་ཆེན་གཉིས་ཀྱི་གླེང་གཞི་ཚ་ཤོས་སུ་འགྱུར་སྲིད།

7ཕྱི་འབྲེལ་གྱི་རྣམ་པར་གདོང་ལེན་བྱེད་ཐབས་སྐོར།

   

      བསམ་བློར་གཏན་ཚུགས་ཡོད་པའི་སྒོ་ནས་ཕྱི་འབྲེལ་ཁོར་ཡུག་གི་འགྱུར་ལྡོག་ཆེན་པོ་གདོང་གིས་བསུས་ཤིང་། དུས་དང་རྣམ་པ་ཀུན་དུ་བསམ་སྤྱོད་གཉིས་ནས་གྲ་སྒྲིག་ཡོད་པ་གཞིར་བྱས་འབྱུང་འགྱུར་ལ་ཀྲུང་གོས་ཕྱི་ཕྱོགས་སུ་སྲིད་ཇུས་ག་འདྲ་དང་རྒྱལ་སྤྱིའི་འབྲེལ་བ་ཇི་ལྟར་ཐག་གཅོད་བྱས་ན་ལེགས་པར་རྡར་ཤ་གཅོད་སྲིད་ལ། དེ་ནི་འཛམ་གླིང་ཡོངས་ཀྱི་དོ་སྣང་བྱེད་ས་ཞིག་རེད། 

8“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་སྐོར།

  

      ད་ལོ་ནི“ལོ་ལྔའི་འཆར་གཞི་བཅུ་གསུམ་པ”མཇུག་བསྡུ་བའི་ལོ་དང“ལོ་ལྔའི་འཆར་གཞི་བཅུ་བཞི་པར”ཇུས་འགོད་བྱ་བའི་གནད་འགག་གི་ལོ་ཞིག་ཡིན། དེང་གི་ཕྱི་ནང་གི་གནས་སྟངས་གསར་པའི་འོག “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཕེལ་རྒྱས་ལ་ཇི་ལྟར་འཆར་གཞི་འགོད་དགོས་པ་ཡང་ཀུན་གྱི་དོ་སྣང་བྱ་ཡུལ་ཉག་ཅིག་ཡིན་ངེས། 


ཁོན་ཐར་འཚོས་བསྒྱུར།