རྨ་ཆེན་རྫོང་གི་ཁྱིམ་ཚང་སྨན་པ་འབྲོག་ཁུལ་དུ་སྨན་བཅོས་སུ་བསྐྱོད་པ།

རང་རེའི་དྲ་བའི་འཕྲིན། རྨ་ཆེན་རྫོང་གི་ཁྱིམ་ཚང་སྨན་པས་མདོ་དབུས་མཐོ་སྒང་གི་གྲང་ངར་ལ་མ་འཛེམ་པར་རི་མཐོ་གཡང་གཟར་དང་གངས་རི་བརྒལ་ཏེ་སྨན་བཅོས་བྱས་པས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་སྤྱིའི་མི་གྲངས་ཀྱི51%གིས་ཁྱིམ་ཚང་སྨན་པའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་གྱུར།

དེ་ཡང2017ལོ་ནས2020ལོའི་བར། རྨ་ཆེན་རྫོང་གི་སྲིད་འཛིན་ཁོངས་གཏོགས་ཡུལ་ཚོ་དང་གྲོང་རྡལ8གྱི་ཁྲོད། ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་རྨང་གཞིར་བཟུང་སྟེ། ཁྱིམ་ཚང་སྨན་པའི་ཞབས་ཞུ་དང་སྤྱི་གཞུང་ཞབས་ཞུའི་ཡན་ལག་རུ་ཆུང་གསར་འཛུགས་བྱས་ནས། ཁྱིམ་ཚང་རེ་རེ་ལ་སོང་སྟེ་གྲོས་མཐུན་གན་རྒྱ་འཇོག་པ་དང་གཅིག་བསྡུས་སྒོས་གྲོས་མཐུན་གན་རྒྱ་འཇོག་པ། དུས་བཅད་ལྟར་གན་རྒྱ་འཇོག་པ་སོགས་ཀྱི་བྱེད་ཐབས་བརྒྱུད། རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ35ཡི་འབྲོག་པ་མང་ཚོགས་ལ་ཁྱིམ་ཚང་སྨན་པའི་གྲོས་མཐུན་གན་རྒྱ་འཇོག་པའི་ཞབས་ཞུའི་བྱ་བ་སྤེལ། ཐོག་མར་དལ་བའི་རང་བཞིན་གྱི་ནད་པ་དང་ཁྱིམ་སྟོང་ལོ་ལོན། དབང་པོ་སྐྱོན་ཅན། བུད་མེད་དང་བྱིས་པའི་བདེ་སྲུང་སོགས་གཞིར་བཟུང་སྟེ། བདེ་ཐང་ཡིག་ཚགས་གསར་བཟོ་དང་ཁ་པར་ལས་འདྲི་རྟོག ཁྱིམ་ཚང་རེ་རེར་སོང་སྟེ་སྐོར་ཞིབ་སྒོས་ནད་ལ་བརྟག་པ། བདེ་ཐང་སློབ་གསོ་སོགས་ཀྱི་ཐད་ལ་ཁ་གཏད་རང་བཞིན་གྱི་ཞབས་ཞུ་འདོན་སྤྲོད་བྱས་པས། རྫོང་ཡོངས་ཀྱི་མི་འབོར་ཁྲི5.7གྱི་ཁྲོད་ནས51%གིས་ཁྱིམ་ཚང་གན་རྒྱའི་ཞབས་ཞུ་ལ་གྲོས་མཐུན་གན་རྒྱ་བཞག་ཡོད།

ཟླ5ཚེས9ཉིན། རྨ་ཆེན་རྫོང་གི་རྟ་བོར་ཞོལ་མ་ཡུལ་ཚོའི་བདེ་སྐྱིད་ཐང་སྡེ་གསར་དུ་ཁྱིམ་ཚང་གི་སྨན་པ་ཧྲིན་ཐའེ་མེན་གྱིས་གན་རྒྱ་བཞག་པའི་འབྲོག་པ་དག་ལ་རྒྱུན་ལྡན་གྱི་ལུས་པོའི་བརྟག་དཔྱད་བྱེད་བཞིན་ཡོད། ཁོས་བཤད་རྒྱུར། གཙོ་གནད་ལྟ་ཞིབ་ཚད་ལེན་གསར་འཛུགས་སྒོས་དུས་བཅད་ལྟར་བརྟག་དཔྱད་ནན་མོ་བྱེད་པ། བདེ་ཐང་བློ་འདྲི་བཅས་ཀྱི་རིགས་གསུམ་སྒྲིག་འཛུགས་སྒོས་སྤོ་འགུལ་བརྡ་འཕྲིན་བེད་སྤྱོད་དང་ཆ་འཕྲིན་དྲ་རྒྱ་བརྒྱུད་དེ་དུས་བཅད་ཞབས་ཞུ་དང་ཕན་ཚུན་རོགས་འདེགས་ཞབས་ཞུ། རྗེས་འདེད་ཞབས་ཞུ། ཐུགས་ཁུར་ཞབས་ཞུ། དམངས་ཕན་སྟབས་བདེའི་ཞབས་ཞུ་སོགས་ཞབས་ཞུ་རིགས་མི་འདྲ་བ་ལྔ་སྤེལ། ཁྱིམ་ཚང་སྨན་པས135ཞབས་ཞུའི་རྣམ་གཞག་སྤྱད་དེ་ཐུམ་འབུའི་ནད་དང་ཀླད་སྙིང་ཁྲག་རྩའི་རིམས་ནད་སོགས་འབྲོག་ཁུལ་གྱི་རྒྱུན་མཐོང་ནད་རིགས་ཐད་ལ། ཕན་ནུས་ངེས་ཅན་ལྡན་པའི་འགོག་སྲུང་སྨན་བཅོས་བྱས་ནས། སྦྲུམ་མ་དང་དབུགས་འཚང་གློ་ཚད་ནད་སོགས་ཀྱི་ཐད་ལ་དུས་ཡུན་རིང་བོར་དུས་བཅད་སྒོས་ལྟ་རྟོག་བྱས་པ་མ་ཟད། བཅོས་སྐྱོང་གི་ཚོགས་སྤྱིའི་ཐད་ལ་སྨན་བཅོས་ཀྱི་འགན་སྲུང་ནུས་ལྡན་མཁོ་སྤྲོད་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།