ཡུལ་ཤུལ་ཁུལ་གྱིས་དབྱར་ཚུགས་དང་བསྟུན་མཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་དྲིལ་སྒྲོག་བྱ་འགུལ་སྤེལ་བ།

རང་རེའི་དྲ་བའི་འཕྲིན། ཟླ5ཚེས12ཉིན། “ང་ཚོས་སྟོབས་ཤུགས་གཅིག་བསྡུས་བྱེད”ཞེས་པ་བརྗོད་དོན་དུ་བཟུང་སྟེ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་དབྱར་ཚུགས་དང་བསྟུན་ནས315ཡི་མཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་གཅིག་བསྡུས་དྲིལ་སྒྲོག་བྱ་འགུལ་དེ་ཡུལ་ཤུལ་གྲོང་ཁྱེར་དུ་སྤེལ་བ་རེད།

རྒྱུས་ལོན་ལས་ཤེས་གསལ་བྱུང་བ་ལྟར་ན། དབྱར་ཚུགས་ཀྱི315ཡི་དྲིལ་སྒྲོག་བྱ་འགུལ་ནི་ཡུལ་ཤུལ་ཁུལ་གྱིས་མཐོ་སྒང་གི་ཁྱད་ལྡན་མཛད་སྤྱོད་པའི་ཁེ་དབང་ལ་འགེབས་སྲུང་བྱེད་པའི་ཚོང་རྟགས་གསར་སྐྲུན་ཤིག་སྟེ། དེས་དགོངས་དོན་ནི་མཛད་སྤྱོད་མཁན་གྱི་བར་འབྲེལ་བ་དམ་པོ་ཡོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་སྒྲོག་དང་མཛད་སྤྱོད་པའི་ཁེ་དབང་འགེབས་སྲུང་འདུ་ཤེས་མཐོར་འདེགས། ཚོང་གཉེར་མཁན་གྱི་ཡིད་རྟོན་འདུ་ཤེས། ཚོང་གཉེར་ཡིད་རྟོན་བརྟན་སྲུང་། ཁྲིམས་བསྟུན་ལས་གཉེར། རང་འགུལ་སྒོས་མཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་འགེབས་སྲུང་བྱེད་པའི་མཛད་སྤྱོད་ཁོར་ཡུག་ཤིག་བསྐྲུན། སྲིད་གཞུང་སྡེ་ཁག་དང་སྤྱི་ཚོགས་རྩ་འཛུགས། ཁེ་ལས་བརྗོད་དོན། རྒྱ་ཆེའི་མཛད་སྤྱོད་མཁན་སོགས་ཐུན་མོང་འོག་མཛད་སྤྱོད་ཁེ་དབང་ཁྲོད་ཟབ་ཞུགས་བྱས་ཏེ། རྣམ་པ་གསར་བ་ཞིག་སྒྲིག་འཛུགས་སྒོས་མཛད་སྤྱོད་ཡོངས་འགྲུབ་ངང་དེའི་ཁྱབ་ཁོངས་སུ་མི་རེ་རེ་ལ་འགན་འཁྲི་ཡོད་པ་དང་མི་རེ་རེ་ཡིས་རང་འགན་ཕྲག་ཏུ་ལེན་པ། མི་རེ་རེ་ལ་འགན་འཁྲི་ལོངས་སུ་སྤྱོད་དུ་འཇུག་པ་བཅས་ཀྱི་གནས་བབ་ལེགས་པོ་ཞིག་བསྐྲུན།

བྱ་འགུལ་ཡུལ་དངོས་སུ་མཛད་སྤྱོད་པའི་ཁེ་དབང་འགྲེམས་སྟོན་དང་རྒྱུ་སྤུས་མི་ལེགས་པའི་ཚོང་རྫས་འགྲེམས་སྟོན། ཡིད་རྟོན་ཁེ་ལས་ཀྱི་འཐུས་ཚབ་པ། མཛད་སྤྱོད་ཞུ་གཏུག་ཐག་གཅོད་བྱེད་ཡུལ་སོགས་གསར་འཛུགས་བྱས་ཡོད། དེར་མ་ཟད་ཁེ་ལས་དང་ཚོང་གཉེར་ཁྱིམ་ཚང་། བཟའ་བཏུང་ཞབས་ཞུ་སོགས་ལས་ཁུངས43ལ“ཡིད་རྟོན་དཔེ་སྟོན་ཁེ་ལས”དང་“བཟའ་བཏུང་ལས་རིགས་ཀྱི་ཡིད་རྟོན་དཔེར་མཚོན་གསོལ་ཁང”སོགས་ཀྱི་གཟེངས་བསྟོད་བྱ་དགའ་གནང་། ཡུལ་ཤུལ་གྲོང་ཁྱེར་གྱི་ཁྲོམ་རའི་ལྟ་སྐུལ་བདག་དོམ་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱེད་རྒྱུར། ལོ་འདི་དག་གི་རིང་ལ། ཡུལ་ཤུལ་ཁུལ་གྱིས་དཔྱིད་ཚུགས་དང་དབྱར་ཚུགས་གཉིས་གཏན་ཁེལ་སྒོས315ཡི་མཛད་སྤྱོད་མཁན་གྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་དྲིལ་སྒྲོག་བྱ་འགུལ་ཐེངས་གཉིས་སྤེལ་བ་བརྒྱུད། བྱ་འགུལ་ཡུལ་དངོས་ཀྱིས་དཔང་རྟགས་ཅི་ཡང་མེད་པའི་ཐོན་རྫས་ཀྱི་དབྱར་རྩྭ་དགུན་འབུ་རྫུན་མ་དང་ཡུལ་དངོས་མཛུབ་སྟོན་མཛད་སྤྱོད་མཁན་གྱིས་བདེན་རྫུན་ཇི་ལྟར་གསལ་འབྱེད་བྱེད་པ། མང་ཚོགས་ལ་ཤུགས་རྐྱེན་ལེགས་པོ་ཐེབས་སུ་བཅུག་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།