མཚོ་ཤར་གྲོང་ཁྱེར་གྱིས“5.19”ཀྲུང་གོའི་ཡུལ་སྐོར་ཉིན་མོའི་དྲིལ་སྒྲོག་བྱ་འགུལ་སྤེལ་བ།

ཟླ5ཚེས19ཉིན། མཚོ་ཤར་གྲོང་ཁྱེར་གྱིས་དམར་གཙང་ས་ཁུལ་གྱི་དམར་གཙང་ས་ཚིགས་ཙོང་ཆུའི་དམངས་སྲོལ་རིག་གནས་ཉམས་ཞིབ་ས་ཁུལ་དུ“ཀྲུང་གོའི་ཡུལ་སྐོར་ཉིན་མོ”ཡི་མཚོ་སྔོན་ཡུལ་སྐོར་དུས་ཚིགས་ཀྱི་མཚོ་ཤར་ཡན་ལག་ཚོགས་རའི་བྱ་འགུལ་གྱི་བྱེད་སྒོ་སྤེལ་ནས། སྤྱི་ཚོགས་ཧྲིལ་བོས་ཡུལ་སྐོར་ལ་དོ་ཁུར་བྱེད་པ་དང་ཡུལ་སྐོར་ཁྲོད་ཟབ་ཞུགས་བྱེད་པ། ཡུལ་སྐོར་ལ་རྒྱབ་སྐྱོར་བྱེད་པ། ཡུལ་སྐོར་ལ་སྐུལ་འདེད་བྱེད་པ་བཅས་ཀྱི་མཁའ་དབུགས་སྟུག་པོ་ཞིག་གསར་སྐྲུན་སྒོས་མཚོ་ཤར་རིག་གནས་ཡུལ་སྐོར་ཐོན་ལས་དེ་ཁྱོན་ཡོངས་ནས་བསྐྱར་གསོ་དང་སྤུས་ཚད་མཐོན་པོས་ངང་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་།

སྔ་དྲོའི་དུས་ཚོད10ཡི་སྟེང་ཡོན་ཅ་སྡེ་བའི་ལྗོངས་ཁུལ་ཐང་ཆེན་དུ་བྱ་འགུལ་དེ་ལོ་ངོ20ལྷག་གི་ལོ་རྒྱུས་ལྡན་པའི་སྒྱུ་རྩལ་རུ་ཁག་ཞིག་གི་རོལ་ཆ་རམ་བཀྲོལ་འོག《མེ་ཏོག་གི་དབྱངས་རྟ་འཁྱིལ་བའི་གོས་ལྭ་དམར་པོ》ཞེས་པ་འཁྲབ་སྟོན་ལས་སྒོ་གླེགས་ཡོངས་སུ་ཕྱེས། རྫོང་དང་ཆུས6གིས་ཡུལ་སྐོར་ཐོན་ཁུངས་དེ་མི་རིགས་རྒྱན་གོས་འཁྲབ་སྟོན་ཁྲོད་སྐུལ་འདེད་འོས་སྦྱོར་བྱེད་པ་དང་། ད་རུང་གཟུགས་འདས་ཤུལ་བཞག་དག་ལྗོངས་ཁུལ་དུ་བདམས་པ། ཤེས་རིག་གསར་གཏོད་ཀྱིས་ཐོན་རྫས་འགྲེམས་སྟོན་བྱེད་པ། ཙོང་ཆུའི་ཟས་མཆོག་ལ་རོལ་མྱོང་བྱེད་པ་སོགས་ཀྱི་རིམ་བསྟར་བྱ་འགུལ་སྤེལ་ཡོད། དེ་མིན་ཡུལ་སྐོར་མང་ཚོགས་ཀྱི་མཛད་སྤྱོད་ལ་སྣེ་ཁྲིད་འོག་མང་ཚོགས་ཀྱིས་ཡུལ་སྐོར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་སྒོས“རབ་མཛེས་མཚོ་སྔོན་ཡུལ་སྐོར་གྱི་གནས་མཆོག”“ ཚོན་རིས་རྫ་ཆས་དང་འཐེན་ཐུག་གི་ཕ་ཡུལ། གཙག་དྲུབ་ཀྱི་འགོ་ཁུངས། བདུད་རྩི་བཟི་ཁ་ཅན་གྱི་མཚོ་ཤར”སོགས་ཡུལ་སྐོར་སྣང་བརྙན་གྱི་ཚོང་རྟགས་ཤུགས་རྐྱེན་དང་བསྔགས་བརྗོད་ཀྱི་ཚད་གཞི་མང་ཚོགས་ལ་ཉམས་ལེན་བྱེད་དུ་བཅུག

བྱ་འགུལ་ཡུལ་དངོས་སུ་མཚོ་ཤར་གྲོང་ཁྱེར་གྱི་རིག་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་མཚོ་སྔོན་ཧོར་གྲོང་ནས་ཆང་བཟོ་གྲྭ་དང་མཚོ་སྔོན་རབ་མཛེས་རྒྱལ་སྤྱིའི་ཡུལ་སྐོར་ཁང་། མཚོ་སྔོན་རང་མོས་འགྲོ་སྐྱོད་རྒྱལ་སྤྱིའི་ཡུལ་སྐོར་ཁང་། མཚོ་སྔོན་ཧའེ་ཕེན་ཡུལ་སྐོར་གསར་སྤེལ་ཀུང་ཟི་སོགས་འབྲེལ་ཡོད་ཁེ་ལས་དག་ལ་རིག་གནས་ཡུལ་སྐོར་འཕེལ་རྒྱས་མཉམ་འབྲེལ་སྒྲོམ་གཞིའི་གྲོས་མཐུན་གན་རྒྱ་བཞག་པ་རེད།

ད་ལོ་ནི”ཀྲུང་གོའི་ཡུལ་སྐོར་ཉིན་མོ”སྐབས་བཅུ་པ་ཡིན་ལ། རྒྱལ་ཡོངས་ཡུལ་སྐོར་ལས་རིགས་ལ་ཏོག་གསར་གློ་ཚད་རིམས་ནད་ཀྱིས་རྨས་སྐྱོན་ཚབས་ཆེན་བཏང་རྗེས་རིམ་བཞིན་སླར་གསོ་བྱུང་བའི་དུས་སྐབས་བསུ་བའི་ཡུལ་སྐོར་དུས་ཆེན་གྱི་ཉིན་མོ་ཡང་ཡིན་པས། རིམས་ནད་གནས་ཚུལ་འོག་དཔལ་འབྱོར་ལ་གནོན་ཤུགས་ཐེབས་པ་དེ་སླར་གསོ་བྱེད་བཞིན་ཡོད། མཚོ་ཤར་གྲོང་ཁྱེར་རིག་གནས་ཡུལ་སྐོར་ལས་རིགས་ཀྱིས་ཙོང་ཆུའི་རིག་གནས་རྒྱུན་འཛིན་དང་རིག་གནས་ཡུལ་སྐོར་མཉམ་བསྲེས་ལ་སྐུལ་འདེད། མཛེས་སྡུག་གི་འཚོ་བ་མཉམ་སྤྱོད་བཅས་བརྗོད་དོན་གཙོ་བོར་བཟུང་སྟེ། ཀྲུང་གོའི་ཡུལ་སྐོར་ཉིན་མོའི་མཚོ་སྔོན་ཡུལ་སྐོར་དུས་ཚིགས་ཀྱི་མཚོ་ཤར་ཡན་ལག་ཚོགས་རའི་བྱ་འགུལ་སྤེལ་བཞིན་ཡོད། དེ་དང་ཆབས་ཅིག་རིག་གནས་ཡུལ་སྐོར་ཁེ་ལས་ཀྱིས་ལས་འགོ་བསྐྱར་ཚུགས་ཀྱི་དམངས་ཕན་སྲིད་ཇུས་བྱེད་ཐབས་དང་ཡུལ་སྐོར་ཉིང་བཅུད་ལམ་ཐིག་དར་སྤེལ་བཏང་ནས། ལྗོངས་ཁུལ་གྱི་མཛེས་ལྗོངས་རིམས་ནད་ཀྱི་རྒྱུན་ལྡན་ཅན་གྱི་འགོག་སྲུང་ལ་ཤུགས་སྣོན་སྒོས་ནུས་ཤུགས་གང་ཡོད་སྒོས་ཡུལ་སྐོར་དཔལ་འབྱོར་སླར་གསོ་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།