ཕྱིར་ལམ་སྙེག་པའི་རྐང་རྗེས་འཚོལ་བ།

— ----གནས་སྤོར་བཞིན་པའི་གཙོད་ཁྱུ་མཐོང་བ།

རྭ་རྩེད་བྱེད་པ།

ཁངས་ཆེན་གྱི་རྗེས་སུ་ཁ་བ་མཐུག་པོ་དག་རིམ་བཞིན་བཞུས་པས་རྩྭ་ཐང་ལ་གསོན་ཤུགས་གསར་བ་ཞིག་རྒྱས། ཟླ5ཚེས19ཉིན། རྒྱས་བཟང་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་གཙོད་ཀྱི་སྲུང་སྐྱོབ་ལྟེ་གནས་སུ་ཉིན་གཅིག་ལ་བཅའ་འདྲི་བྱེད་པའི་འགོ་བརྩམས་ནས། ང་ཚོས་གཙོད་རྒྱུ་ཕྱིར་ལོག་པའི་རྐང་རྗེས་འཚོལ་སྙེག་བྱས།

དེ་ཡང་རྒྱས་བཟང་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ནས་ཝུའུ་ཏའོ་ལིའང་སྲུང་སྐྱོབ་ས་ཚིགས་བར་ཏེ། མཚོ་བོད་ལམ་ཐིག་འགྲམ་གཉིས་ཀྱི་གཙོད་ཁྱུ་ལ་མཚོ་བོད་ལམ་ཐིག་བརྒལ་འཆར་ཡོད་པའམ་ཡང་ན་མཚོ་བོད་ལམ་ཐིག་བརྒལ་རྗེས་རྩྭ་ཐང་དུ་གཟན་རྩྭ་ཟ་བཞིན་ཡོད། ཁོ་ཚོའི་སྤྱང་གྲུང་གི་གཟུགས་གཞི་ལ་ང་ཚོས་བརྩི་འཇོག་མི་བྱེད་རང་བྱེད་ཡིན། འདི་ནི་ཚེ་སྲོག་ལ་ཕུལ་བའི་བརྩི་འཇོག་ཤིག་ཀྱང་ཡིན་ངེས། ང་ཚོས་པར་ཆས་ཀྱི་བརྙན་མིག་བརྒྱུད་དེ་ཐེངས་འདིའི་ཚེ་སྲོག་གི་རྒྱང་སྐྱོད་དང་གཙོད་རྒྱུ་ཕྱིར་ལོག་པའི་རྐང་རྗེས་ཟིན་བྲིས་སུ་བཏབ་ཡོད།

དོགས་ཟོན་བྱེད་པ།

གཟན་རྩྭ་ཟ་བཞིན་པ།

ཚེ་རིང་རྡོ་རྗེ་དང་རྒྱས་བཟང་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ཀྱིས་མྱུར་སྐྱོབས་བྱས་པའི་གཙོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།