“ཀྲུང་གོའི་ཡུལ་སྐོར་ཉིན་མོའི”མཚོ་སྔོན་ཚོགས་རའི་བྱ་འགུལ་ཁྲི་ཀ་རྫོང་དུ་འགོ་བརྩམས་པ།

རང་རེའི་དྲ་བའི་འཕྲིན། ཟླ5ཚེས19ཉིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། མཚོ་ལྷོ་ཁུལ་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་གནང་ཞིང་། མཚོ་ལྷོ་ཁུལ་རིག་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་ཁྲི་ཀ་རྫོང་ཏང་ཨུ། རྫོང་སྲིད་གཞུང་བཅས་ཀྱིས་འགན་སྒྲུབ་བྱས་པའི“རྨ་ཆུའི་འགོ་ཁུངས་ལ་སོ་སྲུང་དང་ཙོང་ཆུའི་རིག་གནས་རྒྱུན་འཛིན་བྱེད”ཅེས་པ་བརྗོད་དོན་ཡིན་པའི2020ལོའི“ཀྲུང་གོའི་ཡུལ་སྐོར་ཉིན་མོའི”མཚོ་སྔོན་གྱི་ཚོགས་ཡུལ་གཙོ་བོའི་བྱ་འགུལ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་ཧྲེ་ཁྲུའུ་ཐང་ཆེན་ནས་དངོས་སུ་སྤེལ་བ་དང་། ཧྲིན་ཀྲང་གཞོན་་པ་དབྱང་ཧྥུན་ཁྲུང་བྱ་འགུལ་ལ་ཟབ་ཞུགས་བྱས་པ་མ་ཟད་མཛད་སྒོའི་སྒོ་གླེགས་ཕྱེས།

2020ལོའི“ཀྲུང་གོའི་ཡུལ་སྐོར་ཉིན་མོའི”མཚོ་སྔོན་ཚོགས་ར་གཙོ་བོའི་བྱ་འགུལ་སྤེལ་བ་དེས། ཞིང་ཆེན་རིག་གནས་ཡུལ་སྐོར་འཕེལ་རྒྱས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་ལག་ལེན་མཐར་ཕྱིན་དུ་སྤེལ་བ་དང་། མུ་མཐུད་དུ“རབ་མཛེས་མཚོ་སྔོན། ཡུལ་སྐོར་གྱི་གནས་མཆོག”ཅེས་པའི་ཚོང་རྟགས་གསར་སྐྲུན་གནང་། “མཚོ་སྔོན་གྱི་མིས་མཚོ་སྔོན་དུ་ཡུལ་སྐོར་བྱེད་པའི”བྱ་འགུལ་གཏིང་ཟབ་དུ་སྤེལ་ནས་རིག་གནས་དང་ཡུལ་སྐོར་གྱི་སྤུས་ཚད་མཐོན་པོའི་མཉམ་བསྲེས་ལ་སྐུལ་འདེད་བཏང་། རིག་གནས་དང་ཡུལ་སྐོར་གྱི་མཛད་སྤྱོད་ལ་ངར་ཤུགས་བསླངས་ཏེ་རིག་གནས་དང་ཡུལ་སྐོར་ཚོང་ར་ཁྱོན་ཡོངས་ནས་སླར་གསོ་བྱེད་ཚད་ཇེ་མགྱོགས་སུ་བཏང་། དམངས་ཡོངས་ལ་ཡུལ་སྐོར་གྱི་བརྩེ་སེམས་ངར་ཤུགས་བསླངས་ནས་སྤྱི་ཚོགས་ཧྲིལ་བོས་ཡུལ་སྐོར་ལ་དོ་ཁུར་དང་ཡུལ་སྐོར་ཁྲོད་ཟབ་ཞུགས། ཡུལ་སྐོར་ལ་རྒྱབ་སྐྱོར་དང་ཡུལ་སྐོར་གྱི་མཁའ་དབུགས་ལེགས་པོ་ཞིག་ཆགས་རྒྱུར་སྐུལ་འདེད་བཏང་ནས། ནུས་ཤུགས་གང་ཡོད་སྒོས་མཚོ་སྔོན་གྱི་མི་རིགས་ཀྱིས་རེ་སྙེག་བྱེད་སའི་ཡུལ་སྐོར་དམིགས་འབེན་གནས་མཆོག་ཤིག་ཧུར་བརྩོན་སྒོས་གསར་སྐྲུན་བྱས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ་གཞན་དག་གིས་རིམས་ནད་འགོག་ཟོན་ལ་ཁག་ཐེག་བྱེད་པའི་བདེ་འཇགས་ཀྱི་ཕན་འབྲས་སྨིན་པའི་སྔོན་འགྲོའི་ཆ་རྐྱེན་འོག“སྣ་མང་དང་རིགས་དབྱེ། ཚོད་འཛིན་ཐུབ་པ། དཔལ་ཡོན”བཅས་ཀྱི་རྣམ་པ་དེ་ཞིང་ཆེན་ཡོངས་སུ་དུས་མཉམ་སྒོས་སྤེལ་ནས“ཀྲུང་གོའི་ཡུལ་སྐོར་ཉིན་མོའི”མཚོ་སྔོན་གྱི་ཚོགས་ར་གཙོ་བོའི་བྱ་འགུལ་སྤེལ། རིགས་སོ་སོའི་རིག་གནས་ཡུལ་སྐོར་དམངས་ཕན་སྲིད་ཇུས་དང་ཉོ་ཚོང་ལ་སྐུལ་འདེད་བྱེད་པའི་བྱ་འགུལ་འདྲ་མིན་མང་པོ་སྤེལ་བ་བརྒྱུད། ཤེས་རིག་ཡུལ་སྐོར་དང་ས་ཁུལ་སོ་སོའི་རིག་གནས་ཡུལ་སྐོར་མཉམ་བསྲེས་ཀྱི་འཕེལ་རྒྱས་གྲུབ་འབྲས་དྲིལ་སྒྲོག་བྱས། རིམས་ནད་གནས་ཚུལ་གྱིས་ཤེས་རིག་ཡུལ་སྐོར་ལས་རིགས་ཁྲོད་ཀྱི་འགན་ཟླ་དང་ཤུགས་རྐྱེན་གཞིར་བཟུང་སྟེ་དབྱར་ཚུགས་སུ་ཡུལ་སྐོར་གྱི་མཁའ་དབུགས་ལེགས་པོ་ཞིག་ཐུན་མོང་སྒོས་མཉམ་སྐྲུན་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།