ཁྲིམས་འགལ་ལུགས་འགལ་གྱི་གྱོད་གཞིས་བསྐྱེད་པའི་བསམ་གཞིག་དང་ཉེན་བརྡ།

ཡིང་ཡུང་ཆིང་དང་ཡུན་ཝུན་ཅ་ཡིས་བརྩམས།

2016ལོར། ཕྱི་ཕྱོགས་ཁྲིམས་འཛིན་ལས་ཁུངས་ཀྱིས་ལས་ཁུངས་ཀྱི་ལས་བྱེད་མི་སྣས་གསུག་བླངས་པ་དང་རྒྱུ་ནོར་ལྐོག་ཟ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྩད་ཞིབ་ཐག་གཅོད་བྱས་ཤིང་།དེའི་ཁྲོད་དུ་བྱ་བའི་གླགས་དང་བསྟུན་ནས་ཨར་ལས་སྡེ་ཚན་དག་ལ་རྣམ་གྲངས་ངོ་སྤྲོད་པའི་གོ་རིམ ་དུ ་ཁེ ་སྤོགས ་ལེན ་པ ་དང ་ ། རྣམ ་གྲངས ་འཛུགས་སྐྲུན་གོ་རིམ་ཁྲོད་ཨར་ལས་སྡེ་ཚན་ལས་སྒོར་མོ་ལེན་པ་སོགས་ཡོད་ཅིང་། ཐ་ན་ལས་ཚད་རྫུན་བཟོ་སོགས་ཀྱི་ཐབས་ལ་བརྟེན་ནས་སྤྱི་དངུལ་ལེན་པ་ཡང་ཡོད། ཁྲོམ་རའི་དཔལ་འབྱོར་གྱི་ཚ་རླབས་ཁྲོད་དངུལ་སྒོར་གྱིས་ཀུང་ཟིའི་རིམ་པ་སོ་སོའི་ལས་མི་ཚོར་བསླུ་བྲིད་བཏང་དང་གཏོང་མུས་སུ་ཡོད་ཅིང་། རྒྱལ་ཁབ་རིམ་པའི་ལས་མི་ཚོར་མཚོན་ན། དངུལ་སྒོར་གྱི་མདུན་ནས་ཁ་ཕྱོགས་བོར་ཞིང་། ཁེ་སྤོགས་ལ་ཐུག་དུས་ཁྲིམས་ལུགས་རྒྱབ་ཏུ་གཡུགས་ཏེ་ཐ་མར་ཉེས་འགལ་ལུགས་ལྡོག་གི་ལམ་དུ་སོང་ཞིང་། ཁྲིམས་ཆད་འཁུར་གྱིན་འདུག གྱོད་གཞི་འདི་དག་གིས་ལས་རིགས་ཀྱི་འཕེལ་སྲོལ་དང་ཀུང་ཟིའི་སྣང་བརྙན་ལ་ཤུགས་རྐྱེན་ངན་པ་བཟོས་ཤིང་། བསླབ་བྱ་ཡང་ནན་མོར་གནང་འདུག དུས་མཚུངས་སུ་བསམ་གཞིག་དང་ཉེན་བརྡ་ཡང་མི་ཉུང་བ་ཞིག་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གསུམ་པའི་སྟེང་གི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པའི་སྒྲིག་བཤེར་རྟོག་ཞིབ་ཀྱི་བྱ་བ་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་བར་ཁ་ཕྱོགས་བསྟན་ཞིང་། རྩ་དོན་ཡང་གསལ་བོར་བསྟན ། ང ་ཚོས ་ངེས ་པར ་དུ ་ནན ་འཛིན ་དང ་གཅེས་སྐྱོང་ཟུང་འབྲེལ་དང་། ལྟ་སྐུལ་སྒྲིག་འཛིན་གྱི“རྣམ་པ་བཞི”གཏིང་ཇེ་ཟབ་ཏུ་གཏོང་དགོས་པ་མ་ཟད། ངེས་པར་སྒྲིག་ལམ་དང་ལུགས་སྲོལ་སྔོན་དུ་འཇོག་པ་དང་། ཁྲིམས་ཆད་ཉེས་སེལ་གྱི་ཕྱོགས ་ལ ་ཧུར ་ཐག ་བྱེད ་དགོས ། རུལ ་སུངས ་འཇིགས ་སྐུལ ་དང ་། རུལ ་སུངས ་མི ་རུང ་བའི ་གཟེབ་དྲ་ཇེ་དོམ་དུ་གཏོང་དགོས་པ་མ་ཟད། རུལ་སུངས་མི་འདོད་པའི་རང་རྟོགས་འཕེལ་བར་བྱེད་པ ། ལྷོད ་མེད ་ཀྱི ་བརྩོན ་སེམས ་ལ ་བརྟེན ་ནས ་དྭངས་གཙང་གི་ཆུ་བོ་དང་མཐོངས་ཡངས་པའི་མཁའ་དབྱིངས་ཀྱི་རྣམ་པ་མངོན་པར་བྱེད་དགོས།

གཅིག“ ཕྱོགས་གསུམ་ནས་རུལ་སུངས་ འགོག་པའི”སྒྲིག་སྲོལ་འཛུགས་སྐྲུན་འཐུས་ ཚང་དང་། སྤྱོད་གཙང་ཉེན་འགོག་གི་ལས་ཀ་ སྔར་ལས“ དོན”ཐོག་ཏུ་འབེབ་པ།རུལ ་སུངས ་ལ ་འཇིགས ་སྐུལ ་བ ། རུལ ་སུངས་ཀྱི་ཐབས་ལམ་དང་བྱེད་ལུགས། གོ་རིམ་ཆ་མི་ཚང་བའི་སྐྱོན་དང་། སྒྲིག་འཛིན་ཞིབ་བཤེར་གྱི་ལས་ཀ་འཐུས་ཤོར་དུ་ཕྱིན་པའི་ཆ་སོགས་ཀྱིས“རུལ་སུངས་ཐུབ་པའི”བསམ་སྤྱོད་ལ་ཉེས་སེལ་བྱེད་པ། ལོ་འདི་འགའི་རིང་། ཀུང་ཟིའི་ཕྱོགས་ནས་རྒྱུན་ཆད་མེད་པར་ཉེས་འགལ་ཁྲིམས་བརྒལ་གྱི ་གནད ་དོན ་ཕྱོགས ་ལ ་ཤུགས ་བསྣན ་ཞིང ་ །“དངུལ ་ཁང ་ཆུང ་བ ”བཙུགས ་ཏེ ་སྤྱོད ་པའི ་རིགས་དང་། ལས་གྲྭ་དང་རྣམ་གྲངས་བྱ་བའི་དོ་དམ་འཐུས་ཤོར་གྱི་ཆ། གླ་དངུལ་བེད་སྤྱོད་ཚད་དང་མི་མཐུན་པ། ཏང་ཡོན་ལས་བྱེད་པའི་སྤྱོད་ལམ་ཚུལ་མཐུན་མིན་པ་བཅས་ཀྱི“སྒྲིག་ལམ་དྲུག་གི ”ཐད ་དུ ་རྩད ་ཞིབ ་ཐག ་གཅོད ་བྱས ། སྒྲིག ་འཛིན་རྟོག་ཞིབ་ཀྱི་གོ་རིམ་ཁྲོད“ ལྷོད་པ། གཉོམ་པ། ”སོགས་གཏན་ཏུ་བཀག་སྟེ། རུལ་སུངས་ཀྱི་སྐྱོ ན་ཆ་འགོག་པའི་ཕྱོགས་ལ་ནུས་པ་མི་དམན་པ་ཐོན་ཞིང་། ཚོགས་ཆེན་བཅུ་དགུ་བའི་རྗེས་སུ་ཚོད་མི་འཛིན་པ་དང་། མཚམས་མི་འཇོག་པ། ཁྲིམས་སྣང་མེད་དུ་འཇོག་པ་བཅས་ཀྱི་རུལ་སུངས་གནད་དོན་ནན་གྱིས་སེལ་ཞིང་། ལས་བྱེད་མི་སྣ་རྣམས་རུལ་སུངས་ལ་འཇིགས་པ་དང་། རྟ་ཁ་གཡང་ས་ནས་གཅུ་བ་ལྟ་བུའི་ནུས་པ་ཡང་ཐོན། ཕྱི་ཚུལ་དང་དཔོན་ཉམས་རིང་ལུགས་གཙོ་བོར་བཟུང་ནས་བཅོས་སྐྱོང་དང་། གྱོད་གཞི་དཔེ་མཚོན་ཅན་གྱི་བསླབ་བྱ་དང་། རྟོག་དཔྱོད་འདྲི་ཤོག ཁུངས་སྣེ་ཐེར་འདོན་གོང་ཞུ་ཐབས་ལམ་བཅས་ཕྱོགས་བཅུ་གསུམ་ནས་དག་ཐེར་དང་ལེགས་བཅོས་བྱས་ཤིང་།“ཚུལ་བཞི”ཡོ་བསྲང་ལ་ཡུན་རིང་བོར་ཕན་པའི་རྐྱེན་སྲོལ་གྲུབ་ཅིང་། སྔར་གྱི་སྐྱོན་ཆ་ལུས་པ་དང་། སྐྱོན་གསར་དུ་འབྱུང་བ་གཏན་དུ་བཀག ཞིབ་གཅོད་མཇུག་སྒྲིལ་ཟིན་པའི་དཔེར་མཚོན་གྱོད་གཞི་དག་མྱུར་མོར་ཏང་ཨུའི་ཡིག་ཆ་དང་ཚོགས་འདུ་གལ་ཆེན་བརྒྱུད་དེ་ཀུང་ཟི་ཡོངས་ནས་བརྡ་ཁྱབ་སྤེལ་ཞིང་། དུས་མཚུངས་སུ་ཏང་ཀྲི་པུའུ་སོ་སོ་ནས་སློབ་སྦྱོང་བྱེད་ས་གཙོ་བོར་བཞག་སྟེ། ཉེན་ཟོན་གྱི་བརྡ་གསལ་བོར་ཐོན་པར་བྱས།

རུལ་སུངས་མི་རུང་བའི་གཟེབ་དྲ་ཇེ་དོམ་དུ་གཏོང་བ། དབང་ཆའི་ཚོད་འཛིན་དང་ལྟ་སྐུལ་སྒྲིག་སྲོལ་འཐུས་ཚང་མིན་པ“ རུལ་སུངས་ཐུབ་པ”ལ་ཕྱི་ཡུལ་གྱི་ཆ་རྐྱེན་བསྐྲུན་འདུག ད་ལོ་ཀུང་ཟི་ནས་བྱུང་བའི་དཔེར་མཚོན་གྱོད་གཞི་གཞིར་བྱས་ཏེ། གང་ལ་གང་འཚམ་གྱིས་གཞི་རིམ་ལས་གཞི་རིམ་གྱི་མཐོང་ཐོས། ལས་ཁུངས་ཀྱི་ཏང་སྲིད་འགན་ལེན་པས་འགན་ཕན་ཚུན་བསྣོལ་ཏེ་དོ་དམ་དང་། སྤྱི་གཉེར་པ། ཀྲུའུ་རིན་དང་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་མཉམ་བཞེས། ཏང་ཀྲི་པུའུ་ཧྲུའུ་ཅི་དང་སྤྱི་གཉེར་པ་དང་ཀྲུའུ་རིན་གཞོན་པའི་འགན་མཉམ་བཞེས་བཅས་ཀྱི་འགན་ལེན་པ། ལས་འགན་བསྣོལ་ཏེ་འཁུར་བའི་ཐབས་ལ་བརྟེན་ནས་ཉེན་ཁ་བཀག་ཅིང་།མགོ་ཁྲིད་པའི་ཐག་གཅོད་ནུས་པ་དང་མགོ་འདྲེན་ནུས་པ་མཐོ་རུ་བཏེགས་ཤིང་། བྱ་བའི་ལས་ཕྱོད་ཀྱང་ཇེ་མཐོར་སོང་བ་མ་ཟད། ལས་བགོས་དང་མཉམ་ལས་མཉམ་གནས། རང་དབང་དང་ཚོད་འཛིན། ལྟ་སྐུལ་བཅས་མཉམ་གནས་ཀྱི་མགོ་ཁྲིད་སྒྲི ག་སྲོལ་ཆགས་ལ། ཚད་མཐོ་པའི་སྒོ་ནས་ཏང་སྲིད་ཕན་ཚུན་བར་གྱི་དགེ་མཚན་དང་སྟོབས་ཤུགས་ལ་སྐུལ་མ་ཐེབས་ཤིང་། དགེ་མཚན་ལྡན་པའི་ནུས་པ་དག་ཕྱོགས་གཅིག་ཏུ་འདུས་པར་བྱས། གནད་འགག་ཅན་གྱི་ལས་གནས་རེ་རེ་ནས་ཕན་ཚུན་བསམ་བློ་བརྗེ་རེས་དང་། ཀུང་ཟིའི་ལས་མི་གལ་ཆེན་བསལ་གསེད། ནོར་སྲིད་ཐོ་འགོད་མི་སྣ་དང་། རྣམ་གྲངས་དོ་དམ་པ། དངོས་ཟོག་དོ་དམ་པ་སོགས་རེས་འཁོར་ཏེ་འགན་བླངས་ཤིང་། མིག་སྔར་ལས་གནས་འཁོར་རེས་མི་ཐེངས100ལྷག་ལ་སླེབས་པ་དང་། དོ་དམ་དང་ལྟ་སྐུལ་བྱ་བའི ་འཐུས ་ཤོར ་གྱི ་ཆ ་ལ ་ཁ ་གསབ ་ཐུབ ་པར ་གྱུར། མི་དང་རྒྱུ་འབྱོར་སོགས་ཁྱབ་ཁོངས་གལ་ཆེ་བའི་ལས་མིའི་དབང་ཆ་ཚོད་འཛིན། ལས་གནས་གལ་ཆེ་བ་དང་། གནད་འགག་གི་ལས་གནས་ཀྱི་ལས་མིའི་དབང་ཆ་དབྱེ་བགོ་དང་ཚོད་འཛིན་བྱས་པ། མ་དངུལ་གཏོང་སྤྲོད་སོགས་ལས་སྒོ་གལ་ཆེ་བའི་རིགས་ལ་རིམ་པ་མང་པོའི་ཞིབ་རྩིས་གཏན་འབེབས་བྱས་ན་ད་གཟོད་གཏོང་སྤྲོད་ཐུབ་པ་དང་། གཞི་རིམ་ལས་ཁུངས་ཀྱི་ཚད་ལྡན་དོ་དམ་འབུར་དུ་ཐོན་པ། གོང་རིམ་ལས་ཁུངས་ཀྱིས་ཞིབ་རྩིས་གཏན་འབེབས་དོན་འཁྱོལ་བྱེད་པ། ཆེད་ལས ་ལྟ ་སྐུལ ་དང ་ལྟ ་སྐུལ ་སྡེ ་ཁག ་གིས ་ལྟ ་སྐུལ ་བསྐྱར་མའི་གོ་རིམ་འགྲུབ་པར་བྱས་ཏེ་ཕན་ཚུན་ཚོད་འཛིན་དང་ལྟ་སྐུལ་གྱི་རྣམ་པ་གྲུབ། ཆ་བགོས་སྒྲུ བ་མཁན་འགན་ལེན་མཁན་དང་དངོས་རྫས་མཁོ་འདོན་མཁན་གྱིས་ལན་སློག་ཡིག་ཆ་ལ་གཉེར་འགན་ལེན་དུས་ངེས་པར་ཞིབ་དཔྱོད་ཁང་ནས་སྤྲད་པའི་གསུག་དངུལ་མེད་པའི་བདེན་དཔང་དགོས་ཤིང་། གསུག་དངུལ་བླངས་པའི་སྤྱོད་ངན་བྱུང་མྱོང་བ་ཤེས་ཚེ་ཐད་ཀར་གཉེར་འགན་ལེན་པ་གཏན་དུ་འགོག་པ། ཁྲིམས་འགལ་ཉེས་འགལ་བྱུང་བའི་ལས་ཁུངས་ཁ་ཤས་“ དམིགས་བསལ་ལྟ་སྐྱོང”གིས་ནོར་སྲིད་དོ་དམ་ཕྱོགས་ནས་ཉིས་འགོད་ལམ་ལུགས་ལག་བསྟར་གནང་སྟེ། ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཡང་ན་སྒྲིག་བཤེར་ལས་བྱེད་མི་སྣ་རེས་མོས་འཁོར་བའི་ལམ་ནས་དོ་དམ་བྱེད་པ། མ་དངུལ་དོ་དམ་ཐད་དུ་ཡང་ཏང་སྲིད་ཉིས་འགོད་ལག་བསྟར་བྱས་ཏེ་ཚད་མཐུན་མིན་པའི་སྐྱོན་འབྱུང་བའི་ཚུལ་བཀག 

རུལ་སུངས་མི་འདོད་པའི་རང་རྟོགས་གོང་དུ་སྤེལ་བ། གནའ་མིའི་ཁ་དཔེར།“སྐྱོན་ཆུང་བར་བསམ་ནས་མ་བསྒྲུབ། བཟང་ཆུང་བར་སྙམ་ནས་མ་འཇོག”ཅེས་པ་ལྟར། རུལ་སུངས་མི་འདོད་པ་ཞེས་པ་ནི་སློབ་གསོ་དང་རང་རྟོགས་ལ་རག་ལས།2016ལོར་ཁྲིམས་འགལ་གྱོད་དོན་བྱུང་བའི་རྗེས་སུ་ཀུང་ཟིའི་ཕྱོགས་ནས་གནད་འགག་ལས་གནས་ཀྱི་ལས་མི་རྩ་འཛུགས་བྱས་ཏེ་ཁྲིམས་ཁང་གི་ཉེན་ཟོན་སློབ་གསོར་ཞུགས་ཤིང་། རྩ་འཛུགས་ཐེངས་གསུམ་ལ་ཁོ་རིམ་པའི་ལས་མི་དང་གནད་འགག་ལས ་གནས ་ཀྱི ་ལས ་མི 31 བསྡུས ་ཏེ ་ཁྲིམས ་སྒོ ་འབྱེད ་པའི ་འདྲི ་ཞིབ ་ཏུ ་ཞུགས ། དེ ་མིན ་ཞིབ ་དཔྱོད་ཁང་གཉིས་ཀྱིས་སྤེལ་བའ“ ཞིབ་དཔྱོད་ཁ ང ་ ད ང ་ ལ ས ་ ཁུ ང ས ་ ག ཉི ས ་ ཀྱི ་ མ ཉ མ ་འཛུགས”བྱ་འགུལ་དུ་ཞུགས་ཤིང་། བར་སྐབས་དེར་བཞུགས་མོལ་ཚོགས་འདུ་གཅིག་དང་ཉེན་ཟོན་སློབ་གསོའི་ཚོགས་འདུ་ཐེངས་གཅིག་རེར་བསྡུས་པ་མ་ཟད། ཐེངས་གསུམ་ལ་རྩ་འཛུགས་ཀྱིས་གནད་འགག་ལས་གནས་ཀྱི་ལས་མི340ལྷག་བསྡུས་ཏེ་ཞིབ་དཔྱོད་ཁང་གིས་སྤེལ་བའ“ རང་ལ་གཅེས་སྤྲས་དང་། ལས་དོན་ཉེས་འགལ་དང་རྒྱང་བཀྱེད། ”ཅེས་པའི་བརྗོད་དོན་ཉེས་འགོག་གི་འཆད་ཁྲིད་ལ་ཡང་ཞུགས་ཤིང་། ཁྲིམས་འགལ་ལུགས་འགལ་བྱས་པའི་འབྲས་བུ་ཅི་ཞིག་ཡིན་པ་དང་འགན་ཅི་ལྟ་བུ་ཞིག་འཁུར་དགོས་པ་ཤེས་སུ་བཅུག ཁྲིམས་འཛིན་ལས་ཁུངས་ནས་ཀུང་ཟིར་རྩད་ཞིབ་ཐག་གཅོད་བྱས་ཚུལ་གཞིར་བཟུང་སྟེ་ཏང་ཀྲི་པུའུ་སོ་སོ་ནས་སྤྱོད་འཆོས་སྒྲིག་འཛིན་སྐོར་གྱི་བགྲོ་གླེང་བྱ་འགུལ་སྤེལ། ཏང་ཡོན་ལས་མིའི་བསམ་བློ་དང་། ཀུན་སྤྱོད། ཏང་གཤིས་གསོ་སྦྱོ ང་། སྒྲིག་ལམ་བརྩི་སྲུང་སོགས་ཀྱི་ཕྱོགས་ནས་བསམ་གཞིག་ནན་དུ་བཏང་། ཕྱིར་རྟོག་དང་བགྲོ་གླེང་བརྒྱུད་དེ་ལས་བྱེད་པའི་སྡེ་ཡིས་སྔོན་གྱི་ཚུལ་ངན་ལས་བསླབ་བྱ་མི་ཉུང་བ་བླངས། ཉེན་ཟོན་སློབ་གསོ་སྤེལ་བའི་དུས་མཚུངས་སུ། ཀུང་ཟིས་ད་དུང་རང་སྤྱོད་གཤིས་སྦྱོང་དང་ཁྱིམ་ཚང་སློབ་གསོ་ཡང་སྤེལ། སྲིད་དོན་གཙང་སྐྱོང་གི་ཏང་གི་སློབ་ཁྲིད་དང་། ཀུན་སྤྱོད་སྐོར་གྱི་འཆད་ཁྲིད་སོགས་ཀྱི་སྟེགས་བུར་བརྟེན་ནས་ཁྱིམ་ཚང་གི་སྲོལ་ལུགས་རྒྱུན་འཛིན་དང་གསར་གཏོད་གྱི་ཆ་མངོན་ལ། ཡ་རབས་སྤྱོད་བཟང་དར་སྤེལ་དང་། འཆམ་མཐུན་སྐུལ་འདེད། བདེ་སྐྱིད་འཚོ་བར་ལོངས་སྤྱོད། ལས་ཐོག་ཉེས་གསོག་དང་རྒྱང་བཀྱེད།

གཉིས། གནད ་ཁེལ ་ཇུས ་འདོན ་གྱིས ་ ཁྲིམས་འགལ་ལུགས་ལྡོག་ཉུང་དུ་བཏང་བ།ལས ་མིར ་ཁྲིམས ་འགལ ་ལུགས ་ལྡོག ་གི ་ཁྲིམས་ཆད་ཕོག་པ་ནས་ཀུང་ཟི“ ཕྱོགས་གསུམ་ནས་རུལ་སུངས་འགོག་པའི”རྐྱེན་སྲོལ་འཐུས་ཚང་དུ་བཏང་བས། ཀུང་ཟིའི་ཆབ་སྲིད་སྐྱེ་ཁམས་གཙང་བར་བཟོས་ཤིང་། སྲོལ་བཟང་སྤྱོད་བཟང་གི་ལས་ཀའི་རྣམ་པ་འགྲུབ་བཞིན་མཆིས། ལས་ཁུངས་ནང་ཁུལ་དུ་གནས་པའི་ཉེན་ཁ་ཅི་ཡོད་པར་སྔོན་འགོག་གི་ནུས་པ་ཐོན་ལ། ཁྲིམས་འགལ་ལུགས་མེད་ཀྱི་སྲོལ་ངན་ལ་དགོས་ངེས་ཀྱི་ཉེས་ཆད་ཕོག ང་ཚོས་སྒྲིག་ཁྲིམས་སྤྱད་དེ་ཉེས་སྤྱོད་ཕལ་ཆེ་བར་ཚོད་འཛིན་བྱས་ཤིང་། གཅིག་ལ་ཡང་གུ་ཡངས་མེད་པའི་རུལ་འགོག་གི་ཆོད་སེམས་མངོན་པར་བྱས། དུས་མཚུངས་སུ་དྲང་བདེན་སྐྱོང་བ་དང་། འཐབ་རྩོད་ནུས་པ། རུལ་སུངས་ལ་ངོ་རྒོལ་བྱེད་ཐུབ་པ་ཀུང་ཟིའི་ཕྱི་ནང་ཀུན་གྱི་འདུ་ཤེས་སུ་གྱུར། མཐའ་གཅིག་ཏུ་རུལ་སུངས་བཀག་པས་ལས་བྱེད་མི་སྣས་མཚམས་མི་འཇོག་པ་ལྟ་བུའི་རུལ་སུངས་ཀྱི་སྤྱོད་ངན་ཇེ་ཉུང་དུ་སོང་ཞིང་།དེར་མཐུད་ལས་བཟོ་བའི་ཚིམ་སྣང་དང་ཐོབ་སྣང་ཡང་ཉིན་བཞིན་གོང་དུ་འཕེལ།

གསུམ། སློབ་གསོ་དང་ལྟ་སྐུལ་ཕན་ཚུན་ཟུང་འབྲེལ་གྱིས་རུལ་སུངས་ཕྱོགས་ལ་ཤུགས་སྣོན་པ།དཔེར་མཚོན་གྱོད་དོན་རྩད་གཅོད་ཞིབ་བཤེར་བྱས་པའི་ཚུལ་ལ་གཞིགས་ན། ཀུང་ཟིས་ཏང་ལ་དོ་དམ་དང་བཅོས་སྐྱོང་། མི་དང་རྒྱུ་ནོར་སོགས་ཁྱབ་ཁོངས་གལ་ཆེ་བའི་རིགས་དང་གོ་གནས་དམའ་ཞིང་དབང་ཆ་མཐོ་བའི་མི་སྣའི་སྲིད་དོན་གཙང་སྐྱོང་གི་ཉེན་ཁ་སྔར་བཞིན་གནས་ཤིང་། སྒྲིག་འགལ་ལུགས་ལྡོག་འགོག་པའི་འོས་འགན་སྔར་ལྟར་ལྕི། དེའི་ཆེད་དུ་ཐོག་མར་ཏང་ཡོན་ལས་བྱེད་པའི་ཏང་གཤིས་སློབ་གསོ་དང་བསམ་བློ་ལ་མཛུབ་སྟོན་དང་། ལྟ་བ་རིགས་གསུམ་ཡང་དག་པར་འཛུགས་པ་དང་། སྒྲིག་ཁྲིམས་བརྩི་སྲུང་། སྲིད་གཙང་རང་རྟོགས། རང་ཉིད་ཀྱིས་ཉེ ས ་ པ ་ མི ་ བ ཟོ ་ བ ་ བ ཅ ས ་ ལ ་ ཤུ ག ས ་ སྣོ ན ་དགོས། གཉིས་ནས་ཀུང་ཟིས་ངེས་པར་དུ་ནང་ཁུལ་གྱི་ཚོད་འཛིན་ལ་ཤུགས་བསྣན་ཏེ་གོ་སྐབས་ལ་བསྟུན་ནས་ཁྲིམས་འགལ་བསྒྲུབ་པའི་བསམ་སྤྱོ ད་འགོག་དགོས། ཐ་མར་ལྟ་སྐུལ་ལམ་ལུགས་ནུས་ལྡན་འཛུགས་དགོས་ཤིང་། དབང་ཆ་ལུགས་དང་མཐུན་པར་ཕན་ཚུན་ཚོད་འཛིན་དང་ལྟ་སྐུལ་ཡོད་དགོས།“ཞིབ་བཤེར་དང་ཆོག་མཆན་ཕན་ཚུན་དབྱེ་བ། དོན་ཐག་གཅོད་དང་དོན་བསྒྲུབ་པའི་གོ་རིམ་སོ་སོར་བཀར་བ། འགན་ལེན་དང་ལྟ་སྐུལ་ཕན་ཚུན་དབྱེ་བའི”བླང་བྱ་ལྟར་འགན་རང་འཁུར ་དང ་། ཕན ་ཚུན ་ཚོད ་འཛིན ་ཡོད ་པའི ་དབང་ཆའི་གྲུབ་ལུགས་དང་རྐྱེན་སྲོལ་འགྲུབ་པར་བྱེད་དགོས།
       བཞི། ཁྲིམས ་འགལ ་ལུགས ་མེད ་ཀྱི ་ གནད ་དོན ་འགའ ་ལས ་བྱུང ་བའི ་བསམ ་ གཞིག་དང་གླེང་བརྗོད།གྱོད་དོན་རྩད་ཞིབ་ཐག་གཅོད་ལས་དངུལ་སྒོར་དང་དབང་ཆའི་བསླུ་བྲིད་ཀྱི་མདུན་དང་།ཨར་ལས་སྡེ་ཚན་དང་། ཚོང་ལས་མཁོ་འདོན་ མཁན་སོགས་ཀྱི“སྒོར་བསྐྱིལ”འོག་གུང་ཁྲན་ཏང་ མི་ཁ་ཤས་ཀྱིས་ཕུགས་བསམ་དང་ཆོད་སེམས་རྒྱབ་ ཏུ་དོར་ཞིང་། སྤྱོད་ངན་དག་འཚོ་བར་སིམ་པར་ བྱས་ནས། ཐ་མར་ཉེས་འགལ་གྱི་ལམ་དུ་བགྲོད་ ཀྱིན་ཡོད་པ་ཤེས་ཐུབ།

ཁྲིམས་འགལ་ལུགས་ལྡོག་གི་གྱོད་གཞི་དང་གོ་གནས་ཉེས་གསོག་ཅི་ལྟར་ཇེ་ཉུང་དུ་གཏོང་བའི་སྐོར་ལ་འདིར་བསམ་འཆར་འགའ་ཡོད་དེ། ཐོག་མར་རྩ་དོན་གཅིག་མིག་འབྲས་ལྟར་བསྲུང་དགོས་ཏེ། ཀུང་ཟི་ནང་ཁུལ་གྱི་ལས་མི་རྣམས་ཀྱིས་ཅི་ལྟར་རང་རང་གི་དབང་ཆ་འོས་ཤིང་འཚམ་པར་སྤྱོད་ཅེ་ན་གནད་ཀྱི་གཙོ་བོ་ནི་བསམ་བློའི་ཐད་ནས་ལས་རིགས་ཀུན་སྤྱོད་ཀྱི་ཚད་གཞི་བསྲུང་དགོས་པ་དེ་ཡིན་ཞིང་། མུ་མཐུད་དུ་ཆབ་སྲིད་སློབ་སྦྱོང་དང་ཀུན་སྤྱོད་གསོ་སྦྱོང་ཕྱོགས་ལ་ཡིད་འཇོག་བྱས་ཏེ། རྒྱུན་དུ་འདོད་པའི་སྐྱོན་ཆར་བསམ་གཞིག་དང་། རྟག་ཏུ་རང་གཅུན་ལ་འབད་པ། ལུགས་དང་མི་མཐུན་པའི་བསམ་པ་དོར་བ། དཔོན་པོའི་ཀུན་སྤྱོད་འཛིན་པ། རང་གི་སྤྱོད་བཟང་དང་སྲིད་དོན་གཙང་སྐྱོང་གི་དགེ་མཚན་གྱིས་རྒྱལ་ཁབ་ཀྱི་ལས་བྱེད་པའི་ཚུལ་མཐུན་སྣང་བརྙན་བསྐྲུན ་དགོས། གཉིས་ནས་རང་དང་ཉེ་བར་གནས་པའི་སྲོལ་ངན་སྤྱོད་ལོག་འགོག་དགོས་ཏེ། བློ་མཐུན་ཁ་ཤས་ཀྱིས་རང་ལ་དབང་ཆ་ཡོད་ཚེ་གང་འདོད་བྱས་ཆོག་པར་སྙམ་ནས་གང་འདོད་དུ་ལེན་པ་དང་བཀོལ་བ། དཔོན་ཉམས་དང་དཔོན་ཚུགས་ཀྱིས་ཁེངས་ཏེ་མཐར་མུན་དོང་དུ་ལྷུང་བ་ཡོད། དེ་ནས་མི ་ཚེའི ་ལམ ་བུ ་གསུམ ་དུ ་བགྲོད ་ཤེས ་དགོས ་ཏེ། དང་པོ་བརྩེ་བའི་སྐོར་ནས་དབང་ཆ་ཅན་གྱིས་ཉེན་ཟོན་གནང་དགོས་ཏེ། གྲོགས་བསྒྲིག་སྐབས་མཉམ་འཇོག་བྱེད་དགོས་ཤིང་། རང་ཚོད་ཟིན་དགོས། གཉིས་པ་དབང་ཆ་བཀོལ་སྤྱོད་སྐབས་དབང་ཆ་ནི་ཕར་གཏོང་དང་འབུལ་བ་ཡིན་པ་ཤེས་དགོས་ཤིང་། ཀུན་སྤྱོད་ཚད་མཐུན་དང་། རང་གཅུན་ཐུབ་དགོས། གསུམ་པ་ནི་སྒོར་མོ་སྤྱོད་སྐབས་འདོད་ཆུང་ཆོག་ཤེས་བྱེད་དགོས་ཤིང་། སྐྱེ་བོ་དམ་པ་ནོར་ལ་དགའ་ཡང་། ནོར་ཐོབ་པའི་ཐབས་ལམ་ལུགས་མཐུན་ཡིན་དགོས་པ་མ་ཟད། སྒོར་མོའི་དབང་གིས་དབང་ཆ་བྱུང་རྒྱལ་དུ་སྤྱོད་པ་གཏན་ནས་མི་རུང་བ་ཤེས་དགོས།

སྤྱི་ཚོགས་ཀྱི་བསླུ་བྲིད་སྣ་ཚོགས་དང་འཕྲད་པའི་སྐབས་སུ། ང་ཚོས་དོགས་ཟོན་མང་དུ་བྱེད་པ་དང་། རང་གི་སྤྱོད་ལམ་ལ་ཚོད་འཛིན་མང་དུ་བྱེད་པ། ལས་གནས་སྟེང་ནས་འཚོལ་སྙེག་མང་ཙམ་ཡོད་པ། ཁྱིམ་ཚང་ལ་འགན་མང་ཙམ་ཁུར་བ་བཅས་ཀྱིས་ཁྲིམས་འགལ་ལུགས་ལྡོག་གི་ སྤྱོད་པ་དང་རྒྱང་དུ་གྱེས་ཐུབ།

འབུམ་མཚོ་སྐྱིད་ཀྱིས་བསྒྱུར།