མཚོ་སྔོན་ཞིང་ཆེན་གྱིས་དབྱར་རྩྭ་དགུན་འབུའི་གཞི་རྒྱུ་གསོ་སྤེལ་རྟེན་གཞི་གསར་འཛུགས་གནང་བ།

རང་རེའི་དྲ་བའི་འཕྲིན། ཟླ5ཚེས11ཉིན། མཚོ་སྔོན་སློབ་ཆེན་ཕྱུགས་སྨན་གསོ་རིག་ཚན་རྩལ་སློབ་གླིང་གིས་འགན་ལེན་ཡོངས་འགྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཐིན་གྱི་ཞིབ་འཇུག་གསར་གཏོད་དང་རིམ་སྒྱུར་འཆར་གཞིའི་ལས་གཞི་གཙོ་བོ་སྟེ། “མཚོ་སྔོན་ཞིང་ཆེན་གྱིས་དབྱར་རྩྭ་དགུན་འབུ(སྨར་སྲིན་དང་གཞན་རྟེན་སྲིན་འབུའི)འི་གཞི་རྒྱུ་གསོ་སྤེལ་རྟེན་གཞི་གསར་འཛུགས་གནང་བ་དང་སྨར་སྲིན་མཐུན་ཚོགས་ཀྱི་རིམ་འགྱུར་ཞིབ་འཇུག”ལ་ཞིབ་བཤེར་བསྡུ་རུབ་དང་དཔྱད་འཇོག་བྱས། ཞིབ་འཇུག་ཚན་ཆུང་གིས་རང་ཞིང་གིས་ཡུལ་ཤུལ་ཁུལ་དང་མགོ་ལོག་ཁུལ། རྨ་ལྷོ་སོགས་ས་ཁུལ་མི་འདྲ་བ6གི་དབྱར་རྩྭ་དགུན་འབུའི་ཐོན་ལས་གཙོ་བོ་ས་ཁུལ5ཡི་དབྱར་རྩྭ་དགུན་འབུའི་མ་དཔེ་བསྡུ་རུབ་བྱས་ཏེ། ཆེས་ཐོག་མར་མཚོ་སྔོན་ཞིང་ཆེན་གྱི་དབྱར་རྩྭ་དགུན་འབུའི་གཞི་རྒྱུ་གསོ་སྤེལ་རྟེན་གཞི་གསར་འཛུགས་གནང་བ་རེད། 

ཚད་ལེན་དཔྱད་ཞིབ་རྣམ་གྲངས་ཀྱི་ཆེད་མཁས་པས་གཅིག་མཐུན་ཐོག་བསྟན་དོན། རྣམ་གྲངས་དེས་བེད་སྤྱོད་བྱས་པའི་ལག་རྩལ་ཡོད་ཚད་ནི་རང་སྟེང་གི་ལག་རྩལ་ཏེ། རང་གཙོའི་གསར་གཏོད་ཚད་གཞི་མཐོ་བ་དང་མཁོ་སྒྲུབ་རྣམ་གྲངས་ཀྱིས་གྲུབ་འབྲས་བླངས་ནས། སྔར་ལས་ལྷག་པའི་སྒོ་ནས“མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི”ཚོང་རྟགས་ལ་དྲིལ་སྒྲོག་དང་སྲུང་སྐྱོབ་བྱས། དེ་དང་ཆབས་ཅིག་འཆར་གཞི་ལྡན་པ་དང་གོ་རིམ་ཡོད་པ། དམིགས་འབེན་ཡོད་པ། བྱེད་ཐབས་ལྡན་པ་བཅས་ཀྱི་སྒོ་ནས་མུ་མཐུད་དུ་མ་ལག་རང་བཞིན་གྱི་སྒོ་ནས་དབྱར་རྩྭ་དགུན་འབུའི་སྐྱེ་ཁམས་ཁོར་ཡུག་གི་ཐོན་ཁུངས་གཞན་སྒྱུར་དང་མི་མངོན་པའི་ལྟ་ཞིབ་ཚད་ལེན། དཔྱད་འཇོག ཁོར་ཡུག་གི་རྨང་གཞིའི་གཞི་གྲངས་བསྡུ་རུབ། དབྱེ་ཞིབ་དང་ཐོན་ལས་འགུལ་རྣམ་འགྱུར་ལྡོག སྔར་ལས་ཡང་དག་པའི་སྒོ་ནས་གཏན་འགོག་ས་ཁུལ་གྱི་རྒྱུ་ཆ་བསྡུ་རུབ་དང་བསྡུ་ལེན་ཚད་བཀག་ས་ཁུལ་སོགས་གཏན་ཁེལ་གསལ་བོ་བྱས་ཏེ། དབྱར་རྩྭ་དགུན་འབུའི་ཐོན་ཁུངས་དང་རྩྭ་ཐང་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱེ་བྲག་གི་དོན་སྙིང་གལ་ཆེན་ལྡན།

མཚོ་སྔོན་ཞིང་ཆེན་ཕྱུགས་སྨན་གསོ་རིག་ཚན་རྩལ་སློབ་གླིང་གི་ཞིབ་འཇུག་མཁན་ལིས་ཡུའུ་ལེན་གྱིས་ངོ་སྤྲོད་བྱེད་རྒྱུར། དབྱར་རྩྭ་དགུན་འབུ5ཡི་རྒྱུད་རྒྱུན་བརྡ་འཕྲིན་ཧེ་བག་རྨང་གཞིར་བཟུང་སྟེ་གཞི་རྒྱུའི་ཚོགས་པའི་ཆུ་ཚད་ཀྱིས་ས་ཁུལ་མི་འདྲ་བ་དག་གི་ཚོགས་སྤྱིའི་བར་གྱི་ས་ཁུལ་གཅིག་མཐུན་གྱི་སོ་སོའི་རྒྱུད་རྒྱུན་རིགས་དབྱེ་འབྲེལ་བ་མི་འདྲ་བ་གཞིར་བཟུང་སྟེ། ས་ཁུལ་མི་འདྲ་བ་དག་གི་དབྱར་རྩྭ་དགུན་འབུའི་རྒྱུད་རྒྱུན་རིམ་འགྱུར་གོ་གནས་ལ་འགྲེལ་བརྗོད་གནང་། རང་བྱུང་གི་ལྡེམ་ཤུགས་དང་ལྡེམ་ཤུགས་ཕྱེད་མའི་རིགས་མི་འདྲ་བ2ཀྱི་སོན་སྣོད་ཐུམ་རྡུལ་དང་སོན་སྣོད་ཤིང་འབྲས་ལ་ཞིབ་འཇུག་བྱས་ཏེ། གཞུང་རྐང་གཅིག་པའི་དབྱར་རྩྭ་དགུན་འབུའི་སོན་སྣོད་ཐུམ་རྡུལ་རིགས་མི་འདྲ་བ་གཉིས་ལ་བྱེ་བྲག་གི་སྣ་མང་གཞི་རྒྱུའི་རང་བཞིན་གསར་རྙེད་བྱུང་བ་དང་དབྱར་རྩྭ་དགུན་འབུའི་སྨར་སྲིན་གྲུབ་པའི་ཕྲ་ཕུང་མང་པོའི་རྒྱུན་ལྡན་མིན་པའི་ཉིང་རྡུལ་ངོ་བོར་སྣ་མང་གཞི་རྒྱུའི་རང་བཞིན་གྱི་སྒོ་ནས་དབྱར་རྩྭ་དགུན་འབུའི་སྨར་སྲིན་དང་གཞན་པའི་སྨར་སྲིན་གྱི་སྐྱེ་དངོས་རིག་པའི་འབྲེལ་བར་འཚོལ་ཞིབ་བྱས་ཏེ། གཞན་རྟེན་འབུ་སྲིན་གྱིCOI,Cytbདེ་ཞིབ་སྡུར་ཚད་ལེན་དཔྱད་གཞིའི་གོ་རིམ་དུ་བཟུང་ནས་སྲུང་སྐྱོབ་ཡོངས་འགྲུབ་བྱས། བྱ་དངོས་འདྲ་མིན་གྱི་རིམ་འགྱུར་འབྲེལ་བར་དབྱེ་ཞིབ་སྒོས་དབྱར་རྩྭ་དགུན་འབུའི་ཐོན་ལས་ས་ཁུལ་གཙོ་བོ་སྟེ་འབུ་མེ་ལྕེབས་ཀྱི་རྒྱུད་རྒྱུན་སྣ་མང་རང་བཞིན་ལ་དཔྱད་འཇོག་བྱེད་པ་ཡོངས་འགྲུབ་བྱས།

དེ་དང་ཆབས་ཅིག ཞིབ་འཇུག་མི་སྣ་ལིས་ཡུས་ལེན་གཙོ་བོ་་ཡིན་པའི་ཞིབ་འཇུག་ཚན་ཆུང་གིས“མཚོ་སྔོན་ཞིང་ཆེན་གྱི་དབྱར་རྩྭ་དགུན་འབུའི་སྤུས་ཚད་ཐོན་ཁུངས་གཞི་གྲངས་བརྡ་འཕྲིན་མ་ལག”གསར་འཛུགས་བྱས་ཏེ། རང་ཞིང་གི་དབྱར་རྩྭ་དགུན་འབུའི་ཐོན་ཡུལ་དང་གནམ་གཤིས་གཞི་རྒྱུ། གཞན་རྟེན་སྲིན་འབུ། སྨར་སྲིན་ངོ་མ་དང་ཁྱད་ལྡན་གོ་རིམ་སོགས་ལ་དག་སྒྲིག་སྒོས་དཀར་ཆག་ཁྲོད་དུ་བཞག་པ་དང་ཁྱོན་ཡོངས་ནས་མ་ལག་རང་བཞིན་ལྡན་པའི་ངང་རང་ཞིང་གི་དབྱར་་རྩྭ་དགུན་འབུའི་གཞི་རྒྱུ་གསོ་སྤེལ་རྟེན་གཞིའི་བཀོལ་སྤྱོད་ཐད་ལ་གཞི་འཛིན་ས་མཁོ་སྤྲོད་བྱས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།