མཚོ་སྔོན་ཞིང་ཆེན་གྱིས་ལས་གཏོད་འགྲན་སྡུར་ལ་མིང་ཐོ་འགོད་པའི་འགོ་ཚུགས་པ།

རང་རེའི་དྲ་བའི་འཕྲིན། ཟླ5ཚེས18ཉིན། ཞིང་ཆེན་བཟོ་ལས་དང་བརྡ་འཕྲིན་ཅན་ཐིན། ཞིང་ཆེན་ནོར་སྲིད་ཐིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུ། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི2020ལོའི་ཀྲུང་གོ་གསར་གཏོད་དང་ལང་ཚོ་གསར་གཏོད་ཀྱི་མཚོ་སྔོན་ཞིང་ཆེན་གྱི་ལས་གཏོད་འགྲན་སྡུར་བྱ་བའི་སྐུལ་སློང་གྲོས་ཚོགས་དེ་ཟི་ལིང་དུ་བསྡུས་པ་རེད། ཉིན་དེ་ནས་བཟུང་ལས་གཏོད་མཁན་དག་གིས་ཁ་པར་ཨང་གྲངས0971-96868ལ་ཁ་པར་བཏང་སྟེ་འགྲན་སྡུར་བྱ་བར་འདྲི་རྟོག་བྱས་ཡོད།

ཐེངས་འདིའི་འགྲན་སྡུར་ནི་རང་ཞིང་གིས་སྤེལ་བའི་སྐབས་གསུམ་པའི་ལས་གཏོད་འགྲན་སྡུར་ཆེན་མོ་ཞིག་སྟེ། འགྲན་སྡུར་གྱིས་ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ཏང་ཨུའི་ཞིང་ཆེན་སྲིད་གཞུང་གིས་མང་ཚོགས་ཀྱི་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པར་ཁྱོན་ཡོངས་ནས་ལག་བསྟར་དངོས་འབེབས་བྱེད་པ་དང་ཀུན་གྱིས་གསར་གཏོད་དང་ཁེ་ལས་ཆུང་འབྲིང་གི་བདེ་ཐང་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། འགྲན་སྡུར་གྱིས་ཏན་ཏིག་སྒོས“བརྟན་འཇགས་དྲུག”གི་བྱ་བ་ལེགས་པར་བསྒྲུབས་པ་དང“འགན་བཅོལ་དྲུགགི”་ལས་འགན་བྱེ་བྲག་སྒོས་དངོས་འབེབས་བྱས། དེ་མིན་འཕེལ་རྒྱས་ཀྱི་ལམ་ཁྲིད་གསར་བ་གཞིར་བཟུང་སྟེ་སྒུལ་ཤུགས་གསར་བའི་འཕེལ་རྒྱས་ལ་འཕར་སྣོན་སྒོས་ལས་གཏོད་སྐུལ་ཤུགས་གསར་བའི་འཕེལ་རྒྱས་ཀྱི་ལམ་བུར་དངོས་ཡོད་ཀྱི་ཁེ་ཕན་བསྐྲུན་ཡོད།

འགྲན་སྡུར་ཆེན་མོས“ལས་གཏོད་གསོན་ཤུགས་དར་སྤེལ་དང་ལས་གཏོད་ཕུགས་འདུན་མཉམ་སྐྲུན”གྱི་བརྗོད་དོན་གཞིར་བཟུང་སྟེ། ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་དགོས་མཁོ་གཞིར་བཟུང་སྟེ། ཆེད་དུ“རིམས་ནད་སྔོན་འགོག་ཚོད་འཛིན”གྱི་ཆེད་དོན་འགྲན་སྡུར་དམིགས་གསལ་སྒོས་གསར་འཛུགས་བྱས། ལས་གཏོད་དབུལ་སྐྱོར་གྱི་ཆེད་དོན་འགྲན་སྡུར་དང་གཙོ་ཤུགས་འགྲན་སྡུར་ལས་སྔོག་འདོན་དང་དབུལ་སྐྱོར་གྱི་རིམ་པ་དང་པོའི་ལས་གཏོད་ཟུང་འབྲེལ་གྱི་ཕུལ་བྱུང་རྣམ་གྲངས་སྤེལ་ནས། ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་ཟོན་དང་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་སྒུལ་ཤུགས་གསར་བ་བསྣན། ཕུལ་བྱུང་ཁེ་ལས་སྔོག་འདོན་དང་ཚོགས་པ། གསོ་སྦྱོང་བཅས་ཀྱིས་ལས་གཏོད་རང་བཞིན་གྱི་འཇོན་མི་སྐོར་ཞིག་སྐྱེད་བསྲིངས་བྱས་ཏེ། ཁེ་ལས་ཆུང་འབྲིང་གི་རིམ་འཕར་ལ་སྐུལ་འདེད་དང་ཆེད་དོན་དམིགས་གསལ་འཕེལ་རྒྱས་སུ་བཏང་ནས་རང་ཞིང་གི་ཁེ་ལས་ཆུང་འབྲིང་དང་རིགས་མི་འདྲ་བའི་མཉམ་བསྲེས་ལས་གཏོད་ལ་རྒྱབ་སྐྱོར་སྒོས་རང་ཞིང་གི་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་དང་རང་ཞིང་གིས་དཔལ་འབྱོར་གསར་བ། ལས་རྣམ་གསར་བ། སྒུལ་ཤུགས་གསར་བ་བཅས་གསོ་སྦྱོང་བྱས་ཡོད།

འགྲན་སྡུར་མཇུག་རྫོགས་རྗེས། འགྲན་སྡུར་ཚན་ཆུང་ཨུ་ལྷན་གྱིས་ཕུལ་བྱུང་ཁེ་ལས་དང་རྣམ་གྲངས་སྤེལ་མཐར་རྗེས་མཐུད་ཞབས་ཞུ་ལས། ཞིང་ཆེན་རིམ་པའི་ཆེད་དོན་མ་དངུལ་དང་མཉམ་བསྲེས་མཐུད་སྦྲེལ་བརྒྱུད་དེ། ལས་གཏོད་ཞབས་ཞུ་དང་ལག་རྩལ་རྒྱབ་སྐྱོར་སོགས་ཀྱི་ཐད་དམིགས་བསལ་རོགས་སྐྱོར་མཁོ་སྤྲོད་བརྒྱུད། ཁེ་ལས་གྱིས་ལས་གཏོད་ལས་རིགས་དང་འཕེལ་རྒྱས་ཁྲོད་ཀྱི་ཐོན་ལས་མཉམ་བསྲེས་མཐུད་སྦྲེལ་གནད་དོན་གཙོར་བཟུང་སྟེ་རོགས་སྒྲུབ་བྱས་ཡོད། ཁེ་ལས་ཆུང་འབྲིང་གི་ཐོན་ལས་རིག་པའི་ཞིབ་འཇུག་གི་ཚད་གཞི་ཆེས་ཆེར་བཏང་ནས། ལག་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་དང་བེད་སྤྱོད་ལ་སྐུལ་འདེད་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས། རང་ཞིང་གི་ལས་གཏོད་ལས་ཞུགས་འཕེལ་རྒྱས་དེ་གོམ་གང་མདུན་སྤོས་སྒོས་སྐུལ་འདེད་བཏང་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།