མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་ད་ལོ་ནས་བཟུང་དམིགས་གསལ་བྱེད་ཐབས་སྣ་མང་སྤེལ་རྒྱུ་ཡིན་པ།

རང་རེའི་དྲ་བའི་འཕྲིན། ཟླ5ཚེས19ཉིན། ཀྲུང་གོའི་ཡུལ་སྐོར་ཉིན་མོ་སྤེལ་ལ་ཉེ་བའི་སྐབས་འདིར། མཚོ་སྔོན་པོའི་མཛེས་ལྗོངས་ས་ཁུལ་གྱིས་དུས་སྔོན་མའི་རིམ་པ་སོ་སོའི་དམིགས་གསལ་བྱེད་ཐབས་ཀྱི་རྨང་གཞིའི་སྟེང་དམིགས་གསལ་བྱེད་ཐབས་སྣ་མང་མུ་མཐུད་དུ་སྤེལ་བ་དང་། སྔར་ལས་ལྷག་པའི་སྒོ་ནས་རང་ཞིང་གི་དམངས་ཕན་དྲོད་ཚད་ཀྱིས་ཁེ་ལས་ཀྱི་བདེ་ཐང་མཛད་སྤྱོད་དང་མཚོ་སྔོན་གྱི་མི་མཚོ་སྔོན་དུ་ཡུལ་སྐོར་བྱེད་པའི་བྱ་འགུལ་དངོས་འབེབས་བྱས།

གསར་འགོད་པས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཟླ5ཚེས18ནས་ཟླ6ཚེས30ཉིན་བར། རང་རེའི་ཞིང་ཆེན་གྱི་ཡུལ་སྐོར་པ་དག་ལ་ནུས་ལྡན་དཔང་ཡིག་ཡོད་ཚེ་མཛེས་ལྗོངས་ཁུལ་གྱི་སྒོ་བྱང་འཛིན་ཡིག(གླང་ཆེན་མཆེ་བའི་ལྗོངས་ཁུལ་དུ་མི་རེར་སྒོར50ཡིན )ཟླ5ཚེས18ཉིན་ནས་ཟླ5ཚེས31ཉིན་བར། ཞིང་ཆེན་གཞན་པའི་ཡུལ་སྐོར་བ་དག་ལ་ནུས་ལྡན་དཔང་ཡིག་ཡོད་ཚེ་དབྱར་ཚུགས་ཀྱི་སྒོ་བྱང་འཛིན་ཡིག་ལོངས་སུ་སྤྱད་ཆོག ཞིང་ཆེན་ཕྱི་ནང་གི་སློབ་གྲྭའི་སློབ་མ་དག་གིས་མི་སྒེར་གྱི་ཐོབ་ཐང་ལག་འཁྱེར་དང་སློབ་མའི་དཔང་ཡིག་སྤྱད་དེ་སྤྱི་གླིང་དུ་རིན་མེད་སྒོས་སོང་ཆོག

དེའི་རྨང་གཞིའི་སྟེང་། 2020ལོའི་ཟླ12ཚེས31ཉིན་གྱི་ཡར་སྔོན་དུ་རྒྱལ་ཡོངས་ཀྱི་ཀང་ཨོ་ཐའེ་ས་ཁུལ་ཡང་འདུ། སྨན་ཞབས་འབྲེལ་ཡོད་ཀྱི་དཔང་ཡིག་ཡོད་པའི་སྨན་བཅོས་བྱ་བ་སྒྲུབ་མཁན། རྒྱལ་ཡོངས་ཀྱི་ནུས་ལྡན་དཔང་ཡིག་ཡོད་པའི་མི་དམངས་ཉེན་རྟོག་པ་དང་མེ་གསོད་མཁན་བཅས་རིན་མེད་སྒོས་མཛེས་ལྗོངས་ས་ཁུལ་དུ་སོང་ཆོག

མཚོ་སྔོན་པོའི་ལྗོངས་ཁུལ་གྱིས་སྒོ་བྱང་གི་རིན་གོང་དམིགས་གསལ་ཇེ་བདེར་བཏང་བའི་རྨང་གཞིའི་སྟེང་མུ་མཐུད་དུ་བྱེད་ཐབས་རིམ་བསྟར་སྒོས་འཛད་སྤྱོད་ལ་སྐུལ་སློང་བྱས་འདུག ཟླ5ཚེས18ཉིན་ནས་ཟླ5ཚེས31ཉིན་བར་གླང་ཆེན་མཆེ་བ་ལྗོངས་ཁུལ་གྱིས་མཚོ་སྔོན་པོའི་མགྲོན་ཁང་དང་མཚོ་སྔོན་པོའི་རླངས་འཁོར་ཁང་བའི་མགྲོན་ཁང་གི་ཞག་སྡོད་ཀྱིས་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་དག་གིས་རིན་གོང་ཕྱེད་ཀའི་ཁེ་ཕན་ལོངས་སུ་སྤྱོད་ཐུབ། འཁོར་གྲུ་ལ་སྡོད་མཁན་དང་མཛེས་ལྗོངས་ལ་གཟིགས་མཁན་དག་གིས་ཆ་སྙོམས་སྒོས་རུ་དཔུང་གི་གྲོས་མཐུན་རིན་གོང་ལོངས་སུ་སྤྱད་ཆོག

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།